བོད་ལྗོངས་ཞོལ་འདོད་དཔལ་སྲོལ་རྒྱུན་བཟོ་རིག་སློབ་གྲྭ།

བོད་ལྗོངས་ཞོལ་འདོད་དཔལ་སྲོལ་རྒྱུན་བཟོ་ རིག་སློབ་གྲྭའི་ངོ་སྤྲོད་དང་སློབ་མ་བསྡུ་བའི་འཆར་གཞི། དང་པོ། ཞོལ་འདོད་དཔལ་གྱི་ལོ་རྒྱུས་མདོར་བསྡུས། ཞོལ་འདོད་དཔལ་ནི་ཕོ་བྲང་པོ་ཏ་ལའི་འདབས་ཀྱི་ཞོལ་གྲོང་ཁུལ་རྙིང་པའི་ནུབ་སྒོའི་ལྕགས་རིའི་ཕྱི་ལོགས་སུ་གནས་ཡོད། དུས་རབས་བཅུ་བདུན་པའི་ནང་༧རྒྱལ་དབང་ལྔ་པ་ཆེན་པོས་ཕོ་བྲང་པོ་ཏ་ལ་འཛུགས་སྐྲུན་དང་སྐུ་གསུང་ཐུགས་རྟེན་གང་མང་གསར་བཞེངས་གནང་དགོས་ལ་བརྟེན། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

ཤེས་བྱ་ཀུན་བཏུས་དྲ་ཚིགས་སུ་ཚིག་ཚན་གསར་བཟོ་བྱེད་ཐབས།

ཤེས་བྱ་ཀུན་བཏུས་དྲ་ཚིགས་ཤར་གཏོང་བྱས་ཟིན། འདི་ནི་བོད་ཡིག་དང་བོད་ཀྱི་རིག་གནས་སྤྱི་ལ་ཕན་པའི་དྲ་ཚིགས་ཆེན་པོ་ཞིག་རེད།  མིག་སྔར་ཐོ་འགོད་པའི་ནུས་པ་བཀག་ནས་ཡོད། དེ་ཡང་དྲ་ཚིགས་འདི་སྤུས་དག་དང་བདེ་འཇགས་ཞིག་ཡོང་ཆེད་གུས་པ་རང་ཉིད་ཀྱིས་དང་བླངས་པ་དག་ལ་ཐོ་འགོད་པ་དང་དོ་དམ་བྱེད་ཀྱི་ཡོད། གལ་ཏེ་ཁྱེད་ཉིད་ཀྱིས་གཤམ་གྱི་སློབ་ཚན་འདི་ལྟས་ནས། རང་ཉིད་ཀྱིས་འཇོན་ཐུབ་པ་བསམ་ན་གུས་པར་ཐད་ཀར་འབྲེལ་བ་གནང་རོགས། གསལ་བཤད། ཤེས་བྱ་ཀུན་བཏུས་དྲ་ཚིགས་ནང་ཚིག་ཚན་གསར་བཟོ་བྱེད་སྐབས། ཚིག་ཚན་གང་རུང་ཞིག་ཡིན་ཀྱང་། མཐའ་མར་ཚེག་ཡིན་དགོས་པ་ལས། ཤད་རྩ་བ་ནས་བརྒྱབ་མི་ཆོག ༼ འདི་ནི་ཤེས་བྱ་ཀུན་བཏུས་དྲ་ཚིགས་ནང་ཚིག་ཚན་བཟོ་བའི་སྒྲིག་སྲོལ་གཙོ་ཆེ་ཤོས་རེད། ༽ དཔེར་ན། […]

བདག་གིས་བཏུངས་ཟིན་པའི་ཆང་།

བདག་གིས་བཏུངས་ཟིན་པའི་ཆང་།  སྒ་རྒན་ཀུན་བཟང་རིག་འཛིན། རྟེན་འབྲེལ་སྣ་ཚོགས་ཀྱིས་མཐུན་རྐྱེན་བསྐྲུན་ཅིང་། གྲོགས་པོ་གསར་རྙིང་གིས་སྙིང་གཏམ་གླེང་ཞོར། གླུ་སྐད་དང་འགྲོག་པའི་མཚན་མོ་འདི་དག་ལ། གང་བྱུང་དུ་ཤོར་བའི་གསང་གཏམ་འདི་དག་ནི། བདག་གིས་བཏུངས་ཟིན་པའི་ཆང་ཡིན།   ཆང་ཕོར་ཆེ་ཆུང་གི་འགྲན་རྩོད་བྱེད་ཞོར། གསུམ་སྒྲོན་མཉེས་དག་གིས་ཁོག་སྒྲོམ་ཁེངས་ཏེ། ཆང་དྲི་དང་འདྲེས་པའི་མཚན་མོ་འདི་དག་ལ། དྲན་མེད་དུ་ཤོར་བའི་དོར་གཅིན་འདི་དག་ནི། བདག་གིས་བཏུངས་ཟིན་པའི་ཆང་ཡིན།   དཀར་དམར་གློག་འོད་ཀྱིས་ཀླད་མགོ་འཁྲུག་ཅིང་། […]

༧ཧའོ་རིན་པོ་ཆེ་མཆོག་གིས་ཁ་སྔོན་ཚེས་བཅུ་གཅིག་ཉིན་མཎྜལ་འབུལ་སྟངས་སྐོར་ལ་བསྩལ་བའི་བཀའ་སློབ་ཡིག་ཕབ་མ།

༧ཧའོ་རིན་པོ་ཆེ་མཆོག་གིས་ཁ་སྔོན་ཚེས་བཅུ་གཅིག་ཉིན་མཎྜལ་འབུལ་སྟངས་སྐོར་ལ་བསྩལ་བའི་བཀའ་སློབ་ཡིག་ཕབ་མ། ཡིག་ཕབ་པ།   མཚོ་སྨད་གཅེར། ད་ཁ་རོགས་ཞུགས་རོགས་གནང་། ད་དེ་རིང་འདི་རུ་སྔོན་ལ་ཚེ་དབང་གི་མཎྜལ་གསལ་བཤད་མདོར་བསྡུས་ཤིག་བྱེད་དགོས་ཀྱིན་འདུག དེ་དང་ཆབས་ཅིག་ད་འདི་ན་ཟུར་མེས་དབོན་རྣམ་གསུམ་གདན་སའི་སྔགས་པ་ཚོགས་པ་ཁག་གཅིག་དང་། གཞན་ཡང་བཙུན་མ་ཁག་མང་པོ་ཞིག དེ་བཞིན་དུ་གཞན་ཡང་ཁང་དམར་ནས་ཡིན་པའི་མི་སེར་མང་པོ་ཞིག་གིས་ད་ལོའི་ཆ་ལ་མཎྜལ་ཞིག་བསག་གིན་ཡིན་ན། མཎྜལ་གྱི་བཀའ་འཁྲིད་འཁྱུག་ཙམ་ཞིག་གནང་རོགས་གྱིས་ཞེས། རེ་བ་གནང་མཁན་མང་པོ་ཞིག་ཡོད་པ་ཡིན་དུས་ཙ་ནས། ད་དེ་དག་རྣམས་ལ་མཎྡལ་འབུམ་ཚོ་བསགས་སྟངས་ཀྱི་འཁྲིད་མདོར་བསྡུས་ཙམ་ཞིག་མར་ཞུ་དགོས་བསམས་སོང་། ད་དེ་ཡིན་དུས་ཙ་ནས་མཎྜལ་གྱི་འཁྲིད་བྱེད་པ་ལ་དོན་དག་རྣམ་པ་གསུམ་གྱི་སྒོ་ནས་མཎྜལ་དེ་ཤེས་དགོས་ཀྱིན་ཡོད་པ་རེད། དོན་གསུམ་ནི་དང་པོ་ཚོགས་ཞིང་ངམ། མཎྜལ་ལྷ་ཚོགས་སྒོམ་པ། […]

ཅཱ་ཀྲའུ་ཚགས་ཤའི་རྒྱ་ཐུག་ཟ་ཁང་གི་མཐོང་ཐོས་ལས་འཕྲོས་པའི་གཏམ།

ཅཱ་ཀྲའུ་ཚགས་ཤའི་རྒྱ་ཐུག་ཟ་ཁང་གི་མཐོང་ཐོས་ལས་འཕྲོས་པའི་གཏམ། སྒྲོལ་མས། དེ་རིང་ཕྱི་དྲོའི་སློབ་ཚན་གསུམ་པ་གྲོལ་རྗེས་བུ་མོའི་རེ་བ་ལྟར་ཅཱ་ཀྲའུ་ཚགས་ཤའི་རྒྱ་ཐུག་ཟ་ཁང་དུ་ཐུག་པ་འཐུང་བར་བསྐྱོད།    ང་དང་བུ་མོས་སྡོད་གནས་ཤིག་བཙལ་བ་དང་དེ་རྗེས་ཞབས་ཞུ་མས་བཀྱགས་པའི་ཆུ་འཁོལ་འཐུང་གིན་རང་ཉིད་དགའ་བའི་ཐུག་པ་མངགས།  ཁ་སྤྲོད་དུ་སློབ་གོས་གྱོན་པའི་སློབ་མ་ཞིག་དང་དེའི་ཁྱིམ་བདག་བཞུགས་འདུག་པས་ངས་དབང་མེད་དུ་ཁོ་གཉིས་ལ་འཛུམ་ཞིག་སྟོན་པར་ཐལ།   རང་ཉིད་ནི་སློབ་ཆུང་གི་དགེ་རྒན་ཡིན་པས་ལས་གནས་ཀྱི་ངོ་བོས་ཐག་བཅད་པ་ཞིག་ཡིན་ནམ་ཡང་ན་ཕྲུ་གུའི་ཨ་མ་ཞིག་ཡིན་པས་ལན་ནམ་ཅི།  གང་ལྟར་ཉེ་འཁོར་དུ་ན་ཆུང་བྱིས་པ་ཡོད་ཚེ་ངའི་ཡིད་དབང་ཡོངས་སུ་འགུག་པར་བྱེད།  ངའི་བུ་མོ་ནི་སློབ་ཕྱིའི་དཔེ་དེབ་ལྟ་ཀློག་ལ་སྤྲོ་བས་ལམ་སེང་ཁོམ་པ་བཙལ་ཏེ་རང་ཉིད་དགའ་བའི་དཔེ་དེབ《སློབ་ཕྲུག་ཡོན་ཏན་དང་ཁྱིམ་བདག་དོན་གྲུབ》ཅེས་པ་ལྟ་འགོ་ཚུགས་སོང་།   ང་རང་ནི་མུ་མཐུད་ཆུ་འཁོལ་འཐུང་གིན་ཕྱོགས་བཞིར་མིག་མྱུལ་བྱས་ཏེ་བསྡད།  ད་གིན་སློབ་གོས་གྱོན་པའི་སློབ་མ་དེ་དང་ཁྱིམ་བདག་དེ་ནི་ངའི་ལྟ་བྱ་གཙོ་བོར་གྱུར།  སློབ་མ་དེ་སྦྱང་གཞི་འབྲི་བཞིན་འདུག   […]

བུ་སྐྱོང་ལ་མཁོ་བའི་གཏམ།

བུ་སྐྱོང་ལ་མཁོ་བའི་གཏམ། སྒྲོལ་མས། བཅོས་མིན་གྱི་འཛུམ་མདངས་ལས་མཐོང་ཐུབ་པར་དེ་རིང་གི་ཁོ་ཚོ་ནི་ཆེས་བདེ་སྐྱིད་ལྡན་པ་ཞིག རྒྱུ་མཚན་ནི་ད་ཐེངས་ཁོ་ཚོར་རང་གིས་དགའ་བའི་ལས་བསྒྲུབ་རྒྱུ་བྱུང་ཞིང་བསྒྲུབ་པའི་བརྒྱུད་རིམ་ནང་གེགས་བར་ཅི་ཡང་འཕྲད་མེད་པས་རེད། པར་རིས་འདི་ནི་ངེད་འཛིན་གྲྭའི་རྐང་རྩེད་སྤོ་ལོར་དགའ་བའི་སློབ་མའི་ཚོགས་རེད་ལ། ད་ཐེངས་ཁོ་ཚོས་དུས་རྒྱུན་དུ་དགའ་གུས་ཡི་རང་བྱེད་པའི་རྐང་རྩེད་སྤོ་ལོ་མཁས་ཅན་པཱ་ཤི་ཡི་པཱས་ལི་དང་། ཨ་ཀན་ཐིང་གི་མ་ལ་ཏོ་ན། ཕུའུ་ཐའོ་ཡ་ཡི་སིའི་ལོ་སོགས་སྤོ་ལོའི་སྐར་ཆེན་རྣམས་ཀྱི་སྤོ་ལོ་རྒྱག་པའི་ཉམས་འགྱུར་ལ་དངོས་སུ་མྱོང་བ་དང་ལད་མོ་བྱ་ཆོག་པས་ཅི་འདྲའི་སྤྲོ་སྣང་ལྡན་ཞིང་དོན་སྙིང་གིས་ཕྱུག་པ་ཞིག་རེད་ཨང་། ཐེངས་འདིའི་གྲོང་ཁྱེར་སློབ་ཆུང་སློབ་མའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་ནང་ཞུགས་པའི་གོ་སྐལ་བཟང་པོ་ཐོབ་སྐབས་ཁོ་ཚོ་དགའ་བ་འབུམ་གྱིས་མྱོས་པའི་རྣམ་པ་ཡིག་ཐོག་ནས་མཚོན་ག་ལ་ནུས། སློབ་ཕྲུག་ཚོའི་དགའ་ཕྱོགས་དང་ནུས་པར་སློབ་གྲྭའི་ཁས་ལེན་ཐོབ་པ་དང་། ཁྱིམ་བདག་གི་རྒྱབ་སྐྱོར་ཐོབ་པ། སློབ་ཁྲིད་དགེ་རྒན་གྱི་རམ་འདེགས་ཐོབ་པ་ནི་རྣམ་དཔྱོད་ལྡན་པའི་ལས་འགུལ་ཞིག་ཅི་ལ་མིན། གང་ཡིན་ཟེར་ན། མིག་སྔར་སློབ་ཐོན་སློབ་མར་ཡིག་རྒྱུགས་སྐར་གྲངས་ཁོ་ན་གཙིགས་སུ་འཛིན་པའི་སློབ་གསོའི་གཉེར་ཕྱོགས་ནོར་འཁྲུལ་ཅན་དེ་ནད་ཡམས་བཞིན་སློབ་གསོའི་ར་བར་མཆེད་ཅིང་། ནོར་འཁྲུལ་ཅན་གྱི་ཐབས་ཤེས་དེས་དད་མོས་མང་བའི་བྱིས་པ་ཚོའི་ལྷན་སྐྱེས་ཀྱི་ཁྱད་ནུས་མང་པོ་མང་པོ་ཞིག་རྩ་གཏོར་བཏང་དང་གཏོང་བཞིན་ཡོད་དེ། […]

ཨ་ཁ་ཁ། བྱིས་པའི་ལྷན་སྐྱེས་ཤེས་རབ་ལ་རྡོག་བརྫིས་བཏང་སོང་།

ཨ་ཁ་ཁ།  བྱིས་པའི་ལྷན་སྐྱེས་ཤེས་རབ་ལ་རྡོག་བརྫིས་བཏང་སོང་། སྒྲོལ་མ། བཀྲ་ཤིས་དང་དོན་གྲུབ་ནི་ན་ཟླ་མཉམ་ཞིང་བློ་མཐུན་གྱི་གྲོགས་པོ་ཡང་ཡིན།   དུས་རྒྱུན་མཉམ་དུ་སློབ་གྲྭར་འགྲོ་བ་དང་།  མཉམ་དུ་སྦྱོང་གཞི་འབྲི་བ།  མཉམ་དུ་སྤོ་ལོ་རྒྱག་པ་སོགས་མདོར་ན་སྐྱིད་ན་མཉམ་སྐྱིད་དང་།  སྡུག་ན་མཉམ་སྡུག་གི་གྲོགས་པོ་ཡག་པོ་ཞིག་རེད།   སྟབས་འཁེལ་བ་ཞིག་ལ་ད་ལོ་བཀྲ་ཤིས་ཀྱི་ཕ་མས་ཉོས་པའི་ཁང་པ་དེ་ཏག་ཏག་དོན་གྲུབ་ཁྱིམ་གྱི་སྡེ་ཁུལ་དུ་ཡིན་པས་ཁོ་གཉིས་བསམ་ཐོག་ལ་རྟ་རྒྱུགས་པ་བཞིན་བྱུང་། ཁོ་གཉིས་སློབ་ཆུང་གཅིག་པར་བསྐྱོད་ཅིང་སྡེ་ཁུལ་ཡང་གཅིག་ཏུ་ཡིན་པའི་སྟབས་ཀྱིས་མཉམ་གཤིབ་ཀྱི་གོ་སྐབས་དེ་བས་མང་དུ་ཕྱིན།  མཉམ་གཤིབ་དྲགས་པའི་རྐྱེན་གྱིས་ཁོང་གཉིས་ལ་ཐུན་མོང་གི་དགའ་ཕྱོགས་ཀྱང་མང་པོ་བྱུང་དང་འབྱུང་བཞིན་ཡོད་དེ།  གཉིས་ཀ་རྐང་རྩེད་སྤོ་ལོ་རྒྱག་པར་དད་ཅིང་།  རྒྱང་རྒྱུགས་ལ་སྤྲོ་བ། […]

ཨ་མ་ལགས་ཀྱི་ཟུར་བསལ་སྙིང་སྡུག

ཨ་མ་ལགས་ཀྱི་ཟུར་བསལ་སྙིང་སྡུག སྒྲོལ་མ། ཚན་རིག་ལག་རྩལ་རྩེར་སོན་གྱི་ཕྱོགས་སུ་བསྐྱོད་ཅིང་།  འཛམ་གླིང་གོ་ལ་ཧྲིལ་པོ་དྲ་རྒྱའི་མྱུར་ལམ་ཐོག་ཞུགས་པར་བྲེལ་བའི་དུས་རབས་ཉེར་གཅིག་འདིར་ངའི་སྙིང་ནས་བརྩེ་བའི་ཕ་མ་གཉིས་ཀྱིས་སོ་སོའི་དགའ་ཕྱོགས་དང་གནས་བབས།  མོས་པར་བསྟུན་ཏེ་དུས་རབས་ཀྱི་འགྲོས་དང་འཚམ་པའི་ཟུར་བསལ་སྙིང་སྡུག་རེ་བཙལ་བར་ཡ་མཚན་རྒྱུ་ཞིག་ཅི་ལ་ཡོད།  ཨ་མ་ལགས་ཀྱི་སྙིང་སྡུག་དེར“ཀུ་ཤུ”ཞེས་འབོད་ཅིང་།   པཱ་ལགས་ཀྱི་སྙིང་སྡུག་དེར“སན་ཤིན”ཞེས་འབོད་ཀྱི་ཡོད། ངའི་པཱ་ལགས་ནི་གྲོང་ཁྱེར་དང་རྒྱང་གིས་ཆོད་པའི་རྫོང་ཞིག་ཏུ་ཕྱག་ལས་གནང་གི་ཡོད་ཅིང་།   ཨ་མ་ལགས་ཀྱིས་ང་རང་ལ་སྤུས་ཚད་ལེགས་པའི་སློབ་གཉེར་གྱི་གོ་སྐབས་བཟང་པོ་ཞིག་བསྐྲུན་ཕྱིར་ང་དང་མཉམ་དུ་གྲོང་ཁྱེར་ན་འདུག་གི་ཡོད་པས། ས་གནས་མི་གཅིག་པར་བྱ་བ་བསྒྲུབ་མཁན་གྱི་བཟའ་མི་གཉིས་ལ་ཕན་ཚུན་གྱི་སྙིང་གཏམ་གླེང་བར་ཟུར་བསལ་སྙིང་སྡུག་འདི་མེད་ན་མི་འགྲིག་པ་ངས་ཤེས་ཀྱིན་ཡོད་ལ།  ཨ་མ་ལགས་ཀྱི་ཟུར་བསལ་སྙིང་སྡུག་དེར་ང་རང་ཡང་ཧ་ཅང་དགའ་པོ་དང་གཅེས་པོ་ཡོད།  གང་ཡིན་ཟེར་ན།  ཟུར་བསལ་སྙིང་སྡུག་འདི་ཡོད་པ་ལ་བརྟེན་ནས་ཨ་མ་ལགས་ཀྱིས་ཐག་རིང་གི་པཱ་ལགས་དང་སེམས་གཏམ་གླེང་ཆོག་ལ་ཚོན་མདངས་རྣམ་པར་བཀྲ་བའི་འཛམ་གླིང་ལ་རྒྱུས་མངའ་ཡང་ལོན་ཆོག   ཟུར་བསལ་སྙིང་སྡུག་འདི་ཡོད་པ་ལ་བརྟེན་ནས་ཕ་ཡུལ་གྱི་རྒན་རྒོན་རྣམ་གཉིས་ལ་ཁམས་བདེའི་འཚམས་འདྲི་ཞུ་ཆོག་ལ་རྒྱང་རིང་གཉེན་ཉེ་དང་ངོ་འཕྲད་བགྲོ་གླེང་ཡང་གནང་ཆོག  ཟུར་བསལ་སྙིང་སྡུག་འདི་ཡོད་པ་ལ་བརྟེན་ནས་ཀ་ཁའི་མི་རིགས་རིག་གནས་ལ་སྦྱངས་པ་བྱས་ཆོག་ལ་མི་རིགས་སྲོལ་རྒྱུན་གོམས་སྲོལ་ལ་རྒྱུས་མངའ་ཡང་ལོན་ཆོག   […]

བུད་མེད་དགེ་རྒན་གྱིས་སློབ་མར་བརྩེ་དུང་གླེང་འདུག

བུད་མེད་དགེ་རྒན་གྱིས་སློབ་མར་བརྩེ་དུང་གླེང་འདུག སྒྲོལ་མ། ཚེ་སྔོན་སྨོན་ལམ་བཟང་པོའི་མཐུས་དགེ་སློབ་ཀྱི་ལས་འབྲེལ་བྱུང་བའི་ང་ཚོ་ཕན་ཚུན་ཞལ་གྱེས་ཞུ་བའི་དུས་ལ་སླེབས་རན་སོང་།  འཛོམས་པའི་མཐའ་མ་བྲལ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཏུ་གྲུབ་པས་ང་ཚོས་སྐྱོ་སྣང་དང་སེམས་སྡུག་གི་མཆི་མ་ངེས་པར་ཁོག་ཏུ་མིད་དགོས། མི་ལོ་དྲུག་གི་ཡར་སྔོན་དུ་ཁྱེད་ཚོས་ལྷད་མེད་དྭངས་གཙང་གི་བྱིས་སེམས་ཤིག་བསྣམས་ཤིང་ཡབ་ཡུམ་གྱི་རེ་བ་ཁོག་ཏུ་བཅུག  གསར་སྐྱེས་ཀྱི་མེ་ཏོག་འདྲ་བའི་འཛུམ་ཞལ་དང་འགྲོགས་ཏེ།  དཔེ་ཁུག་ཆུང་ཆུང་རྒྱབ་ཏུ་འཁུར།  ཤ་རྩི་དཀར་ལ་འཇམ་ཞིང་མཉེན་པའི་ལག་ཆུང་གིས་ཡབ་ཡུམ་གཉིས་པོའི་ཕྱག་ནས་དམ་པོར་འཇུས་ཏེ་གྲུང་ཤ་དོད་པའི་མིག་ཟུང་ཕྱོགས་བཞིར་ལྟ་གིན་སློབ་ཆུང་གསུམ་པའི་སྒོ་འགྲམ་དུ་འབྱོར་ཐོ་བཀོད་པའི་རྣམ་པ་དེ་དག་དྲན་པའི་ངོས་སུ་གསལ་ལྷང་ངེར་འཆར་དུས།  དུས་ཚོད་ནི་རྟ་ཕོ་ལྕག་གིས་སྐུལ་བ་ལྟར་ཅི་འདྲའི་འགྲོ་མགྱོགས་པ་ཞིག་རེད་ཨང། སློབ་ཕྲུག་ཚོ།  སྐྱེ་སྟོབས་ཀྱི་དཔལ་འབར་བའི་དབྱར་གཞུང་འདིར་ཁྱེད་ཚོའི་ཚོན་མདངས་རྣམ་པར་བཀྲ་བའི་བྱིས་དུས་ཀྱི་ཉི་མ་ནུབ་ཕྱོགས་ཆུ་ལྷའི་ཕང་བར་ཡིབ་པར་བྲེལ་ལ།   དགའ་སྐྱོ་འདྲེས་མའི་སློབ་ཆུང་གི་འཚོ་བ་ལོ་རྒྱུས་སུ་གྱུར་ལ་ཉེ།  སློབ་ཕྲུག་ཚོ།   […]

སློབ་ཆུང་སློབ་ཐོན་སློབ་མའི་ཁྱིམ་བདག་ལ་ཕུལ་བའི་འཕྲིན།

སློབ་ཆུང་སློབ་ཐོན་སློབ་མའི་ཁྱིམ་བདག་ལ་ཕུལ་བའི་འཕྲིན། སྒྲོལ་མ། སློབ་ཆུང་སློབ་ཐོན་སློབ་མའི་ཁྱིམ་བདག་མཆོག་ལ། ད་ལྟའི་དུས་སུ་ཁྱེད་རྣམས་ཀྱི་བུ་ཕྲུག་ཚོར་བྲིས་མི་ཚར་བའི་ཡིག་རྒྱུགས་དྲི་གཞི་མེད་ལ། སྐྱོར་མི་ཚར་བའི་བསྐྱར་སྦྱོང་སྦྱོང་གཞི་དེ་བས་མེད།  ཁོ་ཚོར་རང་དབང་ལྡན་པའི་གར་སྟེགས་ཆེན་པོ་འདི་འདྲ་ཞིག་དབང་དུས།  ཁོམ་པ་ཡོད་ཚད་གློག་རྡུལ་རྩེད་ཆས་ཀྱི་བྲན་དུ་བཀོལ་ན་ཅི་འདྲའི་ཕངས་པོ་ཞིག་རེད་ཨང་།       འདས་ཟིན་པའི་སློབ་ཆུང་ལོ་རིམ་དྲུག་པའི་དུས་ཚོད་ལ་ཕྱིར་དྲན་ཞིག་བྱ་དུས།  ཡིག་རྒྱུགས་སྦྱངས་འབྲས་ཀྱིས་གྲོང་ཁྱེར་དང་སློབ་གསོ་ཅུས།  དགེ་རྒན་དང་སློབ་གྲྭ།    སློབ་མ་དང་ཁྱིམ་བདག […]

ཇ་ཕོར་གང་ལས་རྙེད་པའི་འཆར་ཡན།

ཇ་ཕོར་གང་ལས་རྙེད་པའི་འཆར་ཡན། གཙང་པ་དྲུག་སྡེ་ཚང་གི་གཙང་འབྲོང་སྙུག མི་ཚེའི་ལམ་ཕྲེང་གི་ཟིལ་ཁའི་ཕག་ནས། ། རིག་པའི་སྙིང་བཅུད་ཀྱི་འཇིངས་མཐའ་མ་རྟོགས། ། སྒྱུ་ལུས་བེམ་པོ་འདི་མ་འཐོར་བར་དུ། ། བརྩོན་པའི་ཅང་ཤེས་ལ་ཅི་ལ་མི་བཞོན། ། ཤེས་རིག་འཐབ་རྩོད་ཀྱི་གཡུལ་སའི་ཐང་ན། ། ངོམས་མེད་མཁྱེན་ལྡན་གྱི་དགེ་བཤེས་རྣམས་པས། ། སྒྲོ་འདོགས་གཅོད་ནུས་ཀྱི་རིག་ལམ་འཕེན་ན། […]

ཕ་ཡོད་བུ་ཚོར་ཕུལ་བའི་སྙིང་གཏམ་རྗེན་པ།

ཕ་ཡོད་བུ་ཚོར་ཕུལ་བའི་སྙིང་གཏམ་རྗེན་པ། སྒྲོལ་མ། ཕ་མ་མེད་དུས་མཆི་མའི་སྐྱེལ་མ་ལས།། ཕ་མ་བཞུགས་དུས་འཛུམ་གྱིས་སྐྱོང་ན་དགའ།། ཕ་མ་མེད་དུས་དྲན་པའི་འོ་དོད་ལས།། ཕ་མ་བཞུགས་དུས་བཀའ་དྲིན་བསམ་ན་དགའ།། ****************************** ཕ་མ་མེད་དུས་རྒྱ་ཆེའི་འབུལ་བ་ལས།། ཕ་མ་བཞུགས་དུས་ཐུགས་འདོད་སྐོང་ན་དགའ།། ཕ་མ་མེད་དུས་དར་གྱིས་བཏུམས་པ་ལས།། ཕ་མ་བཞུགས་དུས་གོས་འཇམ་བསྒྲོན་ན་དགའ།། ****************************** ཕ་མ་མེད་དུས་མར་མེ་ཕུལ་བ་ལས།། ཕ་མ་བཞུགས་དུས་གསོལ་ཇ་ཕུལ་ན་དགའ།། ཕ་མ་མེད་དུས་མ་ཎི་འདོན་པ་ལས།། […]

ཆོས་དང་རིག་གཞུང་སྐོར་གྱི་དྲིས་ལན། སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས།

ཆོས་དང་རིག་གཞུང་སྐོར་གྱི་དྲིས་ལན། འུ་ཚང་གི་དོགས་གཞི་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པའི་དྲི་བ་འགའ་ཞིག་གི་ལན། སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས།   དྲི་བ་དང་པོ། སྔོན་ཆད་འུ་ཚོའི་ཆོས་བརྒྱུད་ཁག་ནང་ཕན་ཚུན་དགག་པ་གཏོང་རེས་བྱས་པ་དེས་བོད་ཀྱི་བསྟན་སྲིད་ལ་ཕན་ཐོགས་ཅི་ཞིག་བྱུང་ཡོད་པ་དང་།ཕྱི་རབས་པ་ཚོས་ད་དུང་དགག་པ་རྒྱག་རེས་བྱས་ན་འུ་ཚོའི་མཐུན་སྒྲིལ་དང་ཆོས་བརྒྱུད་གོང་འཕེལ་དུ་འགྲོ་བར་ཕན་གནོད་ཅི་ཞིག་ཡོད། ལན། སྔོན་ཆད་ཆོས་ལུགས་ཕན་ཚུན་དགག་པ་གཏོང་རེས་བྱས་པ་དང་མཐུན་ལམ་བྱས་པ་སོགས་འདྲ་མིན་ཡོད།འདི་ལ་དགག་པ་གཏོང་ལུགས་ལ་ནང་གསེས་ཀྱི་ཁྱད་པར་ཕྱེ་དགོས།དཔེར་ན།ཀུན་མཁྱེན་གོ་བོ་རབ་འབྱམས་པ་དང་།སྟག་ཚང་ལོ་ཙ་བ་ཤེས་རབ་རིན་ཆེན་སོགས་ཀྱིས་རྗེ་བླ་མ་ལ་དགག་པ་གཏོང་བ་ལྟ་བུ་དང་།དེ་ལ་སེ་ར་རྗེ་བཙུན་པ་དང་འཇམ་དབྱངས་དགའ་བློས་དགག་ལན་སྤྲད་པ་ལྟ་བུ་ནི།སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་།བསྟན་པའི་སྙིང་པོ་ལྟ་གྲུབ་ལ་དག་ཐེེར་བྱས་པ་ཞིག་དང་།ཕན་ཚུན་གཉིས་ཀའི་ཕྱོགས་ནས་ལྟ་བ་ལ་དག་ཐེར་དང་།བློ་སྐྱེད་ལེན་རྒྱུ་ཡོད་པ་ཞིག་ལས་ཕྱོགས་ཞེན་གྱིས་དབང་གིས་དགག་ལན་གཏོང་རེས་བྱས་པའི་གནོད་སྐྱོན་ཅན་ཞིག་ཏུ་ངོས་འཛིན་གྱི་མེད།ད་དུང་སེ་ར་རྗེ་བཙུན་པས་ཀརྨ་མི་བསྐྱོད་རྡོ་རྗེ་ལ་ཕུལ་བའི་དགག་ཡིག་ལྟ་བུ་ཚིག་གི་བེད་སྤྱོད་བྱེད་སྟངས་ཧ་ཅང་ཡག་པོ་ཞིག་བརྩི་ཡི་ཡོད།ཡིན་ནའང་དེ་དག་གི་རྗེས་འབྲང་ཅི་ཡང་མི་ཤེས་ཤིང་།གང་ཡང་མ་བསླབ་པ། ཉོན་མོངས་དུག་གསུམ་གྱིས་རྒྱུད་འཁྲུགས་ནས་ཕྱོགས་རིས་དང་འབྲེལ་ཕན་ཚུན་གཉིས་ཐད་ནས་སྐྱེས་བུ་དམ་པ་དེ་ཚོ་ལ་ངན་སྨྲས་དང་སྐྱོན་བརྗོད་བྱེད་པ་དག་ནི།ཆོས་ལུགས་ཕན་ཚུན་མཐུན་ལམ་གཏོར་བྱེད་ཀྱི་མཚོན་ཆ་ཡ་ང་བ་ཞིག་དང་། རང་རང་གི་རྣམ་ཤེས་ཀྱི་སྟེང་དུ་ངན་སོང་སྐྱེ་བའི་རྒྱུ་ཚོགས་བསམ་བཞིན་དུ་སྒྲུབ་པ་ཞིག་ཏུ་ངོས་འཛིན་གྱི་ཡོད།དེས་ན། ཕྱི་རབས་པ་དག་གིས་དགག་པ་གཏོང་རེས་བྱེད་པ་ནི་དགོས་མཁོ་ཅན་ཞིག་དང་ལེགས་པ་ཞིག་ཏུ་ངོས་འཛིན་རྩ་བ་ནས་བྱེད་ཀྱི་མེད།མདོར་ན།ཆོས་ལུགས་ཕན་ཚུན་མཐུན་འབྲེལ་བྱེད་ན།ལྟ་གྲུབ་དང་གཞུང་ལུགས་གཅིག་གྱུར་དགོས་པ་མ་ཡིན་ལ།བྱེད་ཐུབ་ཐབས་ཡང་རྩ་བ་ནས་མེད།འོན་ཀྱང་ཆོས་པ་ནང་ཕན་ཚུན་ཁ་ཙམ་ཚིག་ཙམ་མ་ཡིན་པར་སེམས་གཏིང་ནས་དགའ་ཞེན་དང་སེམས་གཏིང་ནས་གྲོགས་པོ་ཞིག་ཆགས་དགོས་པ་ཡིན་ལ།གཅིག་ཕན་གཅིག་གྲོགས་ཀྱི་ཐོག་ནས་མི་རིགས་ཀྱི་བདེ་དོན་དང་།ཆེ་ས་ནས་འཛམ་གླིང་འདིར་འཚེ་མེད་ཞི་བདེ་ཡོང་བའི་ཐབས་ལམ་ལ་ཞུགས་ན་ནང་ཆོས་ཀྱི་དགོས་དོན་ཚང་ཞིང་།ནང་ཆོས་བྱེད་མཁན་གྱི་དོན་གོ་ཆོད་པ་ཡང་ཡིན།   དྲི་བ་གཉིས་པ། གྲྭ་པ་ནི་སློབ་མ་དང་དགོན་སྡེ་ནི་སློབ་གྲྭ་ཡིན་པས་སློབ་གཉེར་མེད་པའི་དགོན་པ་དག་གི་བོད་ཀྱི་ཆོས་དང་སྤྱི་ཚོགས་ལ་ཕན་ཐོགས་ཅི་ཞིག་ཡོད། ལན།  […]

ལུག་ཚང་གི་གསལ་བརྡ་དང་ལོ་གསར་ལེགས་སྐྱེས།

ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

༄༅།།ཀུན་གཟིགས་པཎ་ཆེན་བཅུ་པ་མཆོག་ལ་རང་བཞིན་བརྗོད་པའི་རྒྱན་བཞི་དང་དཔེ་རྒྱན་སོ་གཉིས་ཀྱི་སྒོ་ནས་བསྔགས་པ་སྐྱེ་བ་ལྔ་པའི་སྒྲ་དབྱངས།

༄༅།།ཀུན་གཟིགས་པཎ་ཆེན་བཅུ་པ་མཆོག་ལ་རང་བཞིན་བརྗོད་པའི་རྒྱན་བཞི་དང་དཔེ་རྒྱན་སོ་གཉིས་ཀྱི་སྒོ་ནས་བསྔགས་པ་སྐྱེ་བ་ལྔ་པའི་སྒྲ་དབྱངས། དྷཱིཿཀུན་ཁྱབ། རིགས་རང་བཞིན་བརྗོད་པ། བལྟ་བས་ཆོག་མི་ཤེས་པའི་སྐུ༵་མངའ་ཞིང་།།ངོམ་པ་མེད་པའི་ལེགས་བཤད་གསུ༵ང་གི་མཛོད།།ཞུམ་མེད་སྙིང་སྟོབས་དཔའ་བའི་ཐུག༵ས་རྫོགས་པ།།སྐྱེས་མཆོག་དག་གི་ཡོན་ཏན་བརྗོད་ལས་འདས།། ༢ བྱ་བ་རང་བཞིན་བརྗོད་པ་ནི། སྒྲིབ་མེད་མཁྱེ༵ན་པས་བདེན་གཉིས་གཅིག་ཆར་གཟིཊ།།དམིགས་མེད་བརྩེ༵་བས་ལུས་ཅན་བུ་བཞིན་དགོངས།།གཞོམ་མེད་ནུས༵་པས་བདུད་སྡེ་རྩད་ནས་བཅོམ།།ཞིང་འདི་ཡོངས་བཟུང་ཀུན་གཟིགས་པཎ་ཆེན་རྒྱལ།། ༣ཡོན་ཏན་རང་བཞིན་བརྗོད་པ། གངས་ཅན་ཞིང་གི་མགོན་པོ་པཎ་ཆེན་གྱི།།རླབས་ཆེན་མཛད་པ་ཚུལ་བཞིན་སྐྱོང་བའི་མཐུས།།རང་གཞན་ཀུན་ཏུ་དགེ་བའི་དཔལ་ཐོབ་ནས།།སྐྱེ་འགྲོར་རྫོགས་ལྡན་ལོངས་སྤྱོད་འཛད་དུ་མེད།། ༤ རྫས་རང་བཞིན་བརྗོད་པ། གསེར་མདོག་བོད་ཀྱི་ལྭ་བ་སྐུ་ལ་གསོལ།།བརྗིད་པའི་ཉམས་བཅས་ཕྱག་གཉིས་རྡོ་དྲིལ་འཛིན།། མི་འཇིགས་གདོང་ལྔའི་ཁྲི་ལ་དབང་བསྒྱུར་བའི།། ཀུན་གཟིགས་པཎ་ཆེན་དྲན་པ་ཐེངས་གཅིག་མིན།། ༡ ཆོས་དཔེ་ནི། […]

ཐའེ་ཝན་དུ་༧སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ།

ཐའེ་ཝན་དུ་༧སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ། གནས་ཚུལ་བསྡུ་སྒྲིག་པ། རྫ་ཚེ་རིང་བཀྲ་ཤིས།   ཁར་རྩང་སྟེ། བོད་མེ་བྱ་ལོ་སར་ཚེས་གཉིས། སྤྱི་ལོ་༢༠༡༧ཟླ་ ༢ཚེས་༢༨ ཉིན་ཐའེ་ཝན་རྒྱལ་ས་ཐའེ་པེ་རུ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གོ་སྒྲིག་འོག་ཐའེ་ཝན་གནས་བཞུགས་བོད་རྒྱའི་དགེ་འདུན་པ་དང་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་རྣམ་པའི་དབུས། མི་མང་བརྒྱ་ཕྲག་གཉིས་ལ་ཉེ་བ་འདུ་འཛོམས་ཀྱིས་༧སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་ཞིང་གཤེགས་དམ་པ་གང་གི་དགོངས་རྫོགས་དང་འབྲེལ་བའི་མཆོད་འབུལ་སྨོན་ལམ་ཟབ་རྒྱས་ཤིག་འཚོགས་ཡོད། ཞིབ་འཇུག་ཚོགས་པའི་ངོས་ནས་ལས་རིམ་འདི་འདྲ་ཞིག་གོ་སྒྲིག་དགོས་པའི་རྒྱུ་མཚན་ཐད་ཚོགས་གཙོ་ཧ་ཤེན་རིན་པོ་ཆེས་གསུང་དོན། གཅིག་ན་༧སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་ཞིང་གཤེགས་དམ་པ་ཁོང་ནི་བོད་བརྒྱུད་ནང་བསྟན་སྤྱི་དང་། ཁྱད་པར་དུ་འབྲུག་པ་བཀའ་བརྒྱུད་ཀྱི་བླ་ཆེན་གལ་ཆེན་ཞིག་ཡིན་པ་དང་། གཉིས་ནས་ད་ཐེངས་རིན་པོ་ཆེ་ཐའེ་ཝན་དུ་སྐུ་གཤེགས་པ་ཡིན་སྟབས་ཐའེ་ཝན་གནས་བཞུགས་རང་ཅག་བོད་བརྒྱུད་ནང་པའི་དགེ་འདུན་པ་དང་འབྲེལ་ཡོད་ཚོགས་པ་ཁག་ལ་མཚོན་རང་བཞིན་གྱིས་འགན་འཁྲི་ཞིག་ཆགས་ཀྱི་ཡོད། ང་ཚོའི་ལས་རིམ་འདི་འདྲ་བརྒྱུད་ནས་རྩ་བའི་བླ་མ་རྣམ་པའི་དགོངས་བཞེད་ལྟར། […]

༄༅།།ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཆོས་སྲིད་ཀྱི་སྒྲིག་གཞི་ཅུང་ཙམ་གླེང་བ།

ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི་བོད་ཡུལ་གྱི་ཆེས་རྒྱ་ཆེ་བའི་ཆོས་ལུགས་ཀྱི་དུས་སྟོན་ཞིག་དང་། འདིའི་ལོ་རྒྱུས་ཡུན་རིང་བ་དང་འབྲེལ་ཡོད་ཀྱི་གཞུང་ལུགས་གཏིང་ཟབ་པ། བོད་ཀྱི་སེར་སྐྱ་ཡོངས་ལ་ཐེབས་པའི་ཤུགས་རྐྱེན་ནི་དུས་སྟོན་གཞན་དག་གིས་འགྲན་མི་ནུས་པ་ཞིག་ལགས། རྩོམ་ཡིག་འདིའི་ནང་གཙོ་བོ་སྨོན་ལམ་ཆེན་མོའི་ཆོས་སྲིད་ཀྱི་སྒྲིག་གཞིའི་ཐད་ཀྱི་ཁྱད་ཆོས་ཏོག་ཙམ་གླེང་རྒྱུ་དེའོ།།        དང་བོ། སྲིད་འཛིན་གྱི་སྒྲིག་གཞི། ཆེད་སྒྲིག་གི་ལས་ཁུངས་དང་ཚོགས་པ་སྣ་ཚོགས། ༡.རྒྱལ་དབང་ལྔ་བའི་སྐབས་འབྲས་སྤུངས་ཚོགས་ཆེན་གྱི་དགེ་བསྐོས་གཉིས་ལ་སྤྱི་ཚོགས་བདེ་འཇགས་སྐོར་གྱི་དབང་ཆའི་བཅའ་ཡིག་བསྩལ་པ་དང་དེའི་ནང་དོན་ནི་སྨོན་ལམ་རིང་གི་ལྷ་སའི་སྤྱི་བདེ་འབྲས་སྤུངས་དགོན་གྱིས་འགན་ཁུར་བྱེད་དགོས་པ། ཚོགས་ཆེན་དགེ་བསྐོས་ཡིས་དགེ་འདུན་དག་ཚོགས་སའི་ཁྱམས་རའི་དཀྱིལ་ནས་བཅའ་ཡིག་ཆེན་མོ་ཁྱབ་བསྒྲགས་བྱས་ནས་སྨོན་ལམ་རིང་དགེ་འདུན་རྣམས་ཀྱིས་ཆོས་ཁྲིམས་སྲུང་སྡོམ་བྱེད་དགོས་པའི་ཆོགས་གཏམ་གཏོང་དགོས་པ། ༢.སྲིད་གཞུང་ནས་ཀྱང་དགེ་འདུན་ལ་སྲི་ཞུ་སྒྲུབ་པར་ཇ་ཐུག་སོགས་ཀྱིས་ཡོང་གཏོང་སྒོ་འགན་སྲུང་བྱེད་ཆེད་སྨོན་ལམ་སྤྱི་ཁྱབ་པ་ཞེས་པའི་ལས་ཁུངས་བཙུགས་པ། ༣.བླ་བྲང་ཕྱག་མཛོད་ཀྱི་སེར་སྐྱ་ངོ་མ་བཞིས་བཤེར་ཁག་འགྱེད་གཏོང་སར་རྟོག་ཞིབ་དང་། རྩེ་གཟིམ་འགག་གཅིག་ཡོད་པ་དེས་བླ་ཕྱག་ལས་ཁུངས་ནས་ཇ་མར་དང་བཞེས་ཐུག རྒྱུ་འབྲས། ནས་མ་བཅགས། […]

སྐབས་དང་པོའི་ཇོ་རིའི་འོད་མདངས་ལོ་དེབ་ཀྱི་བགྲོ་གླེང་འདུ་འཛོམས་དང་དེའི་ཁ་ཕྱོགས་ལས་འཕྲོས་པའི་གནད་དོན་འགའ་གླེང་བ།

སྐབས་དང་པོའི་ཇོ་རིའི་འོད་མདངས་ལོ་དེབ་ཀྱི་བགྲོ་གླེང་འདུ་འཛོམས་དང་དེའི་ཁ་ཕྱོགས་ལས་འཕྲོས་པའི་གནད་དོན་འགའ་གླེང་བ། ཇོ་རིའི་འོད་མདངས་རྩོམ་སྒྲིག་ཁང་ནས་སྐབས་དང་པོའི་༼ ཇོ་རིའི་འོད་མདངས༽ ལོ་དེབ་ཀྱི་བགྲོ་གླེང་འདུ་འཛོམས་དིང་རི་སྤེ་པར་དུ་སྐོང་འཚོགས་བྱས་ཤིང་ཚོགས་ཐོག་སྟེང་ཚོགས་མི་མི་ཉུང་བ་ཞིག་བསྡུས་ཏེ། ཇོ་རིའི་འོད་མདངས་ལོ་དེབ་དང་འབྲེལ་བའི་ཁ་བརྡའི་བགྲོ་གླེང་དུས་ཚོད་གསུམ་རིང་ཚོགས། ཐེངས་འདིར་གདན་འདྲེན་ཞུས་པའི་ཚོགས་གཙོ་དང་ཚབ་བྱེད་ཚོགས་མི་འཚམས་སྦྱོར་སོགས་དམིགས་ཀྱིས་བྱེད་མི་དགོས་སྟབས་རེ་ཞིག་དུས་ཚོད་དམ་དུ་འཛིན་ཏེ། ཕན་ཚུན་དགོད་མཛུམ་གྱི་འབྲེལ་ཐག་ཅིག་གིས་འགོ་བརྩམས་སོང་། ཐོག་མར་ལོ་དེབ་ཀྱི་སྔོན་འགྲོའི་གསལ་འདེབ་པ་སྟོད་སྲིན་འབུ་འམ་དགེན་ཚུལ་ཁྲིམས་དཔལ་ལྡན་ལགས་ཀྱིས་སྔོན་འགྲོའི་འགྲེལ་བརྗོད་ཀྱི་གཏམ་བཤད་སྤེལ། བར་སྐབས་སུ་བབ་པའི་གླེང་གཞིར་ཞུགས་ཏེ་ལོ་དེབ་སྐོར་ནས་བསམ་ཚུལ་བརྗེ་རེས་ཀྱི་ཚ་རླབས་ཕྱུར་ཞིང་། མཐར་མཉམ་མཛོམས་འདྲ་པར་གྱི་བག་ཆགས་ཟབ་མོ་ཞིག་བཞག་ཏེ་འཇུག་བསྡུས་པའོ།། དང་ཐོག་ང་ཚོས་བརྗོད་བྱེད་ཀྱི་ཚིག་རིམ་ཡང་མོ་གང་ཞིག་ལ་བརྟེན་ནས་བརྗོད་བྱའི་ཟབ་དོན་གང་ཞིག་ཀློག་པ་པོའི་མདུན་དུ་ཚུལ་ཇི་ལྟར་བཀྲམ་དགོས་ལ། མ་ཟད་ད་གཟོད་གཞི་ནས་ཇོ་རིའི་འདབ་རོལ་ན་འཚོ་བཞིན་པའི་ཞིང་འབྲོག་འཚོ་བར་བཅོས་བསྒྱུར་སྒོ་དབྱེ་ཞིག ཇི་ལྟར་བྱེད་དགོས་མིན་སོགས་འདིར་གླེང་བྱའི་གནད་ཀྱི་དམ་པའོ།། སྤྱིར་བཏང་ཇོ་རིའི་མང་ཚོགས་དང་ཀླག་དེབ་ཀྱི་བར་ཐག་ནི་གནམ་ས་ལྟ་བུས་ཀྱང་འཇལ་དཀའ་མོ་ཞིག་ཆགས་ཡོད་དུས། དེ་དང་འབྲེལ་འདྲིས་ནི་དེ་བས་ཚད་ཤིང་གཞན་ཞིག་མི་རྙེད་པ་ལྟ་བུ་རེད། […]

འཇིག་རྟེན་པ་དག་གིས་ལྟོས་ཤིག

འཇིག་རྟེན་པ་དག་གིས་ལྟོས་ཤིག རྩོམ་པ་པོ།  ཨ་གླག་རྒོད། དེ་རིང་དོན་ཞིག་གི་ཆེད་དུ་ང་ཁུལ་སྨན་ཁང་དུ་སོང་བ་ཡིན། སྨན་ཁང་འདིའི་ནང་གི་ནད་པ་བརྒྱ་ཆའི་དགུ་བཅུ་ཡན་ནི་བོད་རིགས་ནད་པས་ཟིན་ལ། ནད་པའི་བརྒྱ་ཆའི་དགུ་བཅུ་ནི་བོད་རིགས་བུད་མེད་རེད། བུད་མེད་ཀྱི་བརྒྱ་ཆའི་དགུ་བཅུ་ཙམ་ནི་འབྲོག་མོ་ཡིན་པ་འདྲ།  ད་དུང་སྨན་པ་ཞིག་གི་ངག་ནས་གོ་ཐོས་ལྟར་ན་བུད་མེད་མང་ཤོས་ཀྱི་ནད་ནི་མོ་ནད་དམ་ཡང་ན་མོ་ནད་ཀྱིས་བསྐྱེད་པ་ཡིན་ཞིང་། མོ་ནད་ཆུང་ཙག་དག་གལ་ཏེ་དུས་ལྟར་སྨན་པར་བསྟན་ན་ནི་སྨན་ཐུམ་འགའ་འམ་ཡང་ན་ཁབ་ཐེངས་འགར་བརྒྱབ་པ་ཙམ་གྱིས་དྲག་སྐྱེད་བྱུང་ཐུབ་ནའང་།  ངོ་ཚར་འཛེམས་ནས་གསང་སྟེ་དུས་འགྱངས་སུ་སོང་ན་ནི་ལོ་གཅིག་གཉིས་སམ་ཟླ་མང་པོར་སྨན་མ་བསྟེན་པར་དྲག་སྐྱེད་ཧ་ཅང་དཀའ་ལ།  ད་དུང་ནད་འགའ་རེ་ནི་བཅོས་པའི་དུས་ཡུན་བརྒལ་ནས་ནད་པའི་ཚེ་སྲོག་འཕྲོག་པའང་མང་པོ་ཡོད་ཅེས་བཤད་སོང་།  ང་ནི་འབྲོག་པའི་བུ་རྒྱུད་ཅིག་ཡིན་པས་འབྲོག་མོའི་སྐྱིད་སྡུག་ལ་ཁ་ཡ་མ་བྱས་ན་ག་ལ་འགྲིག་སྙམ་ནས་རྩོམ་ཡིག་འདི་འབྲི་ཁུལ་བྱས་པ་ཡིན།  ཞིབ་འདང་ཞིག་བརྒྱབ་ན་ངའི་མི་ཚེའི་སྐྱིད་ཡ་སྡུག་གྲོགས་དང་། ངའི་འཚོ་བའི་རྒྱབ་རྟེན་དཔུང་གཉེན་དུ་གྱུར་བའི་འབྲོག་མོ་ཕལ་ཆེ་བས་སྤྱིར་སྨན་པར་སྟོན་རྒྱུ་དང་། དེ་ལས་ཀྱང་མོ་ནད་ཀྱི་ཕྱོགས་སམ་ཁོག་སྨད་ཀྱི་ནད་དག་སྨན་པར་སྟོན་རྒྱུ་དེ་ནི་ངོ་མ་ངོ་ཚ་ཞིག་ཏུ་བརྩི་བཞིན་འདུག […]