ཤར་ཕྱོགས་རིང་ལུགས་འོག་གི་ཕྱི་རྫིག་ནང་སྟོང་ཅན་གྱི་བོད་རིག་པ། བསམ་གྲུབ་པས་བསྒྱུར།

ཐོག་མའི་ཁ་བྱང་ལ《ཤར་ཕྱོགས་རིང་ལུགས་ཏེ། རིག་གཞུང་གསང་སྔགས་ཀྱི་རིགས་ཤིག》

 

 

ཐོག་མར་ང་ནི་རིག་གཞུང་གི་འཁོར་དུ་ཡིད་པའི་སྲང་ལམ་དུ་སྐྱོད་མི་ཞིག་མིན་ལ། བོད་རིག་པའི་ཞིབ་འཇུག་གི་ལམ་ཁར་བསྐྱོད་པའི་བོད་མི་ཞིག་ཀྱང་མིན། འོན་ཀྱང་ངས་ང་རང་ཡོད་སའི་མི་རིགས་འདིའི་ལས་དབང་ལ་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན་བོད་རིག་པའི་བརྩམས་ཆོས་ཁ་ཤས་ལ་མ་བལྟས་པར་གཟུར་བའི་གནས་མེད།

འོན་ཀྱང་། ངས་བལྟས་ན། བོད་རིག་པ་ཟེར་བའི་རིག་ཚན་འདིའི་བྲོ་བ་འགྱུར་ཟིན་པ་མ་ཟད། ལྷག་པར་དུ་ང་ཚོའི་མི་རིགས་ཀྱི་ཐོག་ཏུ་བཞག་ན་བོད་རིག་པ་ནི་དམ་འཆིང་དུ་གྱུར་ཤིང་། བོད་རིག་པའི་ཤེས་བྱ་ཡང་འཆིང་སྔགས་སུ་གྱུར་ཡོད། ངས་བཤད་པ་ནི། ལམ་ལུགས་སློབ་གསོ་ལས་ཐོན་པའི་ན་གཞོན་ཕུལ་བྱུང་ཅན་ཚང་མ་བོད་རིག་པའི་ཕྱོགས་སུ་འགྲོ་ཐུབ་པ་དང་། གཞན་གྱི་ཟས་ལྷག་བཙལ་བ་ཁོ་ནའི་ལས་སོ༎

ད་ལྟའི་དུས་སྐབས་འདིར། བོད་ལྗོངས་ན་གཞོན་གྱི་མཐོ་རིམ་སློབ་གསོ་ནི་བོད་རིག་པའི་སློབ་གསོ་ཡིན་པ་དང་། བོད་རིག་པ་ནི་བོད་ལྗོངས་ཀྱི་སློབ་ཆེན་དུ་གྱུར་ཡོད། སློབ་གསོ་དེ་འདྲ་མྱངས་པའི་མི་ཧ་ཅང་མང་པོས་ད་དུང་སྲོལ་རྒྱུན་གྱི་དགོན་པའི་སློབ་གསོར་ཁྲེལ་དགོད་བྱེད་ཀྱི་ཡོད་པ་དང་། ཁ་རྡུང་དྲག་པོས་དགེ་འདུན་པར་མདུན་ལམ་མེད་པར་སྙམ་ཡོད། དེར་ང་རང་གིས་གཞིགས་ནས་བཤད་བསམ་པ་ནི།

དགོན་པའི་སློབ་གསོ་ནི་ཉུང་མཐར་ཡང་འཐུས་ཚང་བའི་སློབ་གསོའི་མ་ལག་ཅིག་ཡིན་ཞིང་། སྤྱིར་བཏང”རིག་བཅུ”དེ་དེང་རབས་ཀྱི་”ཤེས་བརྒྱ”དང་བསྡུར་ཐབས་མེད་ནའང་། ཉུང་མཐར་ཡང་གཤིས་ཚུགས་དག་པ་ཡིན་པས་ཞིབ་ཏུ་གཞིགས་ན་རེ་བ་ཆེན་པོ་ཡོད། འོན་ཀྱང་ང་ཚོའི་མཐོ་རིམ་སློབ་གསོའི་སྐོར་ལ་གཟིགས་དང་། “བོད་རིག་པ”ཁོ་ན་མ་གཏོགས་མང་ཕྱོགས་ནས་”་བོད་རིག་པ་+”་ཞིག་གཉེར་དགོས་ན། སུ་ཞིག་གིས་ཀླད་ནུས་འཇོན་པོ་དེ་དགོན་པ་ནས་འདིར་བདའ་འདེད་བྱས་པ་ཡིན།

ང་ཚོའི་གྲོང་ཚོའི་ནང་གི་རེ་བ་ཆེ་ཤོས་དེ་མཐར་ཤེས་བརྒྱ་ནང་གི་མཐའ་རུ་བསྐྲད་ཅིང་། མཐའི་ནང་གི་ཟུར་སྒོ། ལང་ཚོ་ཡོད་ཚད་ཆུད་ཟོས་སུ་གཏོང་བ། མཐར་ངོས་འཛིན་ཐུབ་པ་ནི་རང་ཉིད་ཡིན་པ་ལས། ཞིང་བ་དང་འབྲོག་པ་ལྟ་བུའི་ཡིད་ཆེས་ཀྱང་མི་དུག རིག་གཞུང་གི་ཕྱི་ཤུན་ཁྲོད་རང་ཉིད་འཚོལ་བ་ནི་དུས་རབས་འདིའི་ཆེས་དགོད་ཁ་ཤོར་བའི་དོན་ཞིག་རེད།

བོད་མིས་རང་ཉིད་ལ་ངོས་འཛིན་ཡག་པོ་དང་སྤྱི་ཁོག་ནས་རང་ཉིད་དེ་བས་ངོས་འཛིན་ཡག་པོ་བྱ་དགོས་པ་ནི་དངོས་གནས་རེད། དེ་སྔོན་ང་ཚོས་རང་ཉིད་ནི་བོད་མི་ཡིན་པ་ཤེས་ཀྱི་ཡོད། འོན་ཀྱང་ཧིན་རྡུ་ཀྲི་ནའི་བོད་ལྗོངས་མ་གཏོགས་ཤེས་ཀྱི་མེད། ད་ལྟ་ང་ཚོས་གོ་ལ་ཧྲིལ་པོའི་དོན་སྙིང་ཐོག་རང་ཉིད་ངོས་ཟིན་དང་། འདི་ནི་བསླབ་ཚན་ཚད་ལྡན་ཞིག་ཡིན། ཐོག་མའི་བོད་རིག་པ་དེ་གངས་ལྗོངས་མི་མང་ལ་མཚོན་ན། རང་ཉིད་ངོ་ཤེས་པའི་ཐབས་ལམ་ཞིག་ལས་མ་འདས། གཞན་མི་ལ་མཚོན་ན་བོད་པ་མཚན་ཉིད་པའི་རིག་གཞུང་ཚན་ཁག་ཅིག་ཡིན་ཡང་། གལ་ཏེ་ང་ཚོའི་ཕུལ་བྱུང་མི་སྣ་ཡོད་ཚད་ཀྱིས་འདི་ལྟ་བུའི་ཆེད་ལས་ཤིག་མ་གཏོགས་སྒྲུབ་མི་ཐུབ་པ་དང་ཆེད་ལས་འདི་ན་གཞོན་དག་གི་ལས་དབང་དུ་གྲུབ་ན། ཕྱི་རྫིག་ནང་སྟོང་ཅན་གྱི་བོད་རིག་པ་འདི་རིགས་དགོས་པ་མེད།

དེར་བརྟེན་ངས་དེང་སང་གི་བོད་རིག་པ་ཟེར་བར་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད། སྐྱོ་གར་གྱི་དོན་དངོས་འདི་ལྟ་བུ་ཁྱོད་ཀྱིས་གཡོལ་ཐབས་མེད་ལ་ལྷག་པར་དུ་ང་ལྟ་བུའི་”རི་བོང་གནམ་རྡིབ”ཀྱི་གཤིས་ཀ་འདི། བོད་རིག་པའི་བཤད་ཚུལ་ལའང་རྒྱུན་ཆད་མེད་པའི་རྙོག་དྲའི་ལུང་པ་ཞིག་ཏུ་ཆགས་ཡོད།

དེས་ན་ལས་བརྩོན་དེ་འདྲ་ཞིག་གི་འོག་ཏུ་”ཤར་ཕྱོགས་རིང་ལུགས”་ཟེར་བའི་རིགས་ཤིག་བྱུང་བ་དེ་ནི་ས་དབྱི་ཏེ་ཟེར་བའི་པ་ལི་སི་ཐན་གྱི་མིས་གསར་གཏོད་བྱས།

ཁོང་གི་དགོངས་དོན་ནི་ནུབ་ཕྱོགས་པས་སྔོན་ཆད་ཤར་ཕྱོགས་ལ་ཞིབ་འཇུག་བྱས་པ་ཚང་མ་རང་ཉིད་ལྟེ་བར་འཛིན་རྒྱུ་མང་དྲགས་པ་མ་ཟད། རང་རློམ་ཆེ་བ། ཕྱི་རོལ་ཡུལ་དང་མི་མཐུན་པ། མཐའ་མཇུག་གི་འབྲས་བུ་ཚང་མ་ཤར་ཕྱོགས་ནས་མངོན་མེད་པར་ནུབ་ཕྱོགས་པའི་བསམ་འཛིན་གྱི་ཤར་ཕྱོགས་པར་གྱུར་ལ། རྟོག་བཟོ་བྱས་པའི་ཤར་ཕྱོགས་པ་ཞིག་ཏུ་གྱུར།

ངས་ཚོད་དཔག་བྱས་ན་སྤུན་ཟླ་འདི་འཐེན་འཁྱེར་གྱི་ཚོན་བྱུགས་པ་ཞིག་སྟེ། ཝེ་ཅི་རིག་བརྒྱ་སྟེང་ནས་ཁོའི་ཆོས་ལུགས་དད་མོས་གསལ་བཤད་བྱས་མེད། འོན་ཀྱང་ཁོ་ནི་མུའུ་སི་ལིན་མིན་པ་མངོན་གསལ་རེད། སྤུན་ཟླ་འདི་ནི་བླ་ན་མེད་པའི་ཕུགས་བསམ་ཞིག་དང་། ལག་པས་རྗེས་དཔག་གི་རལ་གྲི་ཐོགས་པའི་གཡོན་ཕྱོགས་པ་ཞིག་ཡིན་པའི་སྲིད་ཕྱོད་ཧ་ཅང་ཆེ།

མི་སྣ་འདི་ང་ཚོས་གླེང་བའི་བོད་རིག་པ་དང་འབྲེལ་བ་ཅི་ཞིག་ཡོད།

དེ་སྔ་སྤུན་ཟླ་ས་དབྱི་ཏེ་ལག་པ་འདར་བཞིན། “ཤར་ཕྱོགས་རིང་ལུགས།” འཛམ་གླིང་ཡོངས་ཀྱི་གཡོན་ཕྱོགས་ལྷ་མེད་སྨྲ་བའི་མཐོ་རླབས་འཕྱུར་བས། གཅིག་རྗེས་གཉིས་མཐུད་ཀྱིས་དོན་སྤྱི་དེ་བཟུང་ནས་དེ་སྔ་ནུབ་ཕྱོགས་ཀྱི་རིག་གཞུང་སྲོལ་རྒྱུན་རྩིས་མེད་དུ་བཏང་བ་རེད། ཤར་ཕྱོགས་རིང་ལུགས་འདིས་དགག་པ་ཆེན་པོ་རྒྱག་རྒྱུ་ཕན་ཐོགས་ཆེན་པོ་ཡོད་དེ། ནུབ་ཕྱོགས་མ་རྩ་རིང་ལུགས་ཟེར་བ་དེར་ཁ་ཕྱོགས་ནས། ཁྱོད་ཀྱིས་འདི་ཁྱེར་ནས་ཁོ་མིན་ཟེར་ན། ཁོ་རང་གི་དབང་ཆ་འཕྲོག་ཐུབ་པ་དང་། བབ་ཆགས་གཞུང་དྲང་གི་ཡུལ་མི་ཞིག་ལ་གདོང་གཏོད་ཐུབ་པ། ཁོ་ལ་འདི་ནས་ཡང་བསྐྱར་གནས་ཤིག་བླངས་ནས། རང་ཉིད་འཇིག་རྟེན་སྐྱབས་མགོན་དུ་བཞེངས་སྐྲུན་དང་། ཕྱོགས་གཉིས་ལ་ཕར་རྒོལ་བྱས།

ཡང་དག་པ་རེད། “ཤར་ཕྱོགས་རིང་ལུགས་ཀྱི་ཡིག་ཆེན་ཚགས་པར་དེ་ཤེས་རིག་གི་གཙོ་གཞི་ཞིག་ལ་མཚོན་ནས་བཤད་ན་མགོ་སྐོར་གཏོང་བ་ཞིག་རེད། མི་ཞིག་གིས་ཁྱོད་ཀྱི་མདུན་དུ་ཤར་ཕྱོགས་རིང་ལུགས་གང་འདྲ་དང་། ཁྱོད་ཀྱིས་གང་འདྲ་བྱེད་དགོས་པའི་སྐབས་ཁོའི་སྐད་ཆ་ཕྱི་མའི་ཚིག་ཕྱེད་ནི”དེབས་ངས་ཁྱེད་རང་ནུབ་ཕྱོགས་ཀྱི་ཤར་ཕྱོགས་རིང་ལུགས་འོག་སྐྱོབ་དགོས”ཞེས་བཤད་པ་རེད། ཡང་ན་ངས་ཁྱོད་བསྐྱབས་པ་ཡིན། ཁྱོད་ཀྱིས་མྱུར་དུ་ཕྱག་འཚལ་ནས་བཀའ་དྲིན་ཞུ་རོགས།

ཤར་ཕྱོགས་རིང་ལུགས་པས་བཏོན་པའི་རྒྱབ་ལྗོངས་ནི་རྒྱལ་སྤྱིའི་རླབས་དམར་གྱི་རྦ་རླབས་ཆུང་ཆུང་ཞིག་ཡིན་སྲིད་པ་དང་། རྗེས་དཔག་རིང་ལུགས་ལ་བརྩི་བཀུར་བྱེད་རྒྱུ་མེད་པའི་དཔའ་བོ་ཆུང་ཆུང་དེ་དག་གསར་གཏོད་འདི་འདྲ་ཞིག་གི་གོ་དོན་ཡིན། ནུབ་ཕྱོགས་ཀྱི་མི་སེར་སྤེལ་བའི་རིང་ལུགས་དང་རྗེས་ཀྱི་གོ་ལ་ཧྲིལ་པོའི་མ་རྩའི་རིང་ལུགས་ཀྱི་ལག་ནས་དབང་ཆ་གཡོ་འཕྲོག་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་རྩིས་བྱེད་པ། ཤར་ཕྱོགས་རིང་ལུགས་ཞེས་པའི་འཕྲུལ་དབྱུག་དེ་གང་དུ་རྒྱག་གི་ཡོད་པ་དང་། མི་རིགས་གྲངས་ལས་འདས་པ་དེ་དག་གིས་མགོ་རྨོངས་ཏེ་དཔའ་བོ་རྣམས་ཀྱི་མེ་སྒྱོགས་བརྒྱབ་པ། ཤི་མེད་པ་རྣམས་ལ་ཡང་བདག་པོ་གསར་པ་བྱུང་བ་རེད།

མི་སེར་སྤེལ་བའི་རིང་ལུགས་ནི་སྙིང་ལངས་ས་ཡིན། རྒྱལ་སྤྱིའི་ཆུ་སྲིན་ཆེན་པོ་ཡང་དཀོན་པོ་ཡིན། མི་བཟང་བཅོས་པའི་འཛམ་གླིང་སྐྱོབ་མཁན་གྱི་དཔའ་རྒོད་རྣམས་ནི་སྐྱེས་པ་བཟང་བོ་མིན་ལ་ད་ལྟ་ཁོ་ཚོས་སྐད་གསང་མཐོན་པོས་འབྲུག་བསད་པ་སྟེ་རང་ཉིད་འབྲུག་ཏུ་བསྒྱུར་ཚར་སོང་།

ལོ་རྒྱུས་ཀྱིས་ང་ཚོར་ཤར་ཕྱོགས་རིང་ལུགས་ལ་ངོ་རྒོལ་བྱེད་མཁན་གྱི་དཔའ་བོ་ཆུང་ཆུང་རྣམས་ཀྱིས་མཐར་ཉམ་ཆུང་མི་རིགས་དང་ཤར་ཕྱོགས་རིང་ལུགས་ལ་ཆོས་དངོས་མི་འདྲ་བའི་རིགས་སྤྲད་མེད། དབང་ཆ་ད་དུང་ཁོ་ཚོའི་ལག་ཏུ་ཡོད་པས་ད་དུང་ང་ཚོ་སྐྱོབ་དགོས་པའི་ཁ་གཏད་ཡུལ་དུ་ཆགས་ཡོད།

འོན་ཀྱང་དེ་ལས་ལྡོག་སྟེ་ཁྱོད་ཀྱིས་བོད་རིག་པའི་ནང་གི་ཤར་ཕྱོགས་རིང་ལུགས་ཟེར་བ་དེ་ཤེས་རྟོགས་ཇི་ཙམ་གཏིང་ཟབ་བྱས་པ་དེ་ཡང་དོན་དངོས་ཐོག་ཁོ་ནི་བདེན་པ་ཞིག་རེད། དཔེར་ན་ཤམ་བྷ་ལའི་བསམ་ཚོད་དེ་གཏན་ཚིགས་རིག་པ་གང་ཡང་མེད་པ་ཞིག་དང་། ཁུངས་ལུང་མེད་པའི་གཏམ་ཡན་དང་སྒྲོ་འདོགས་ཀྱི་ལྷ་སྒྲུང་ཕྱེད་ཀ་དེ་གཉིས་ཀྱིས་གཞི་ནས་ང་ཚོ་བོད་མི་རྣམས་ཀྱི་བསམ་པའི་འཇིག་རྟེན་དངོས་གནས་རྟོགས་པ་རེད།

དེ་ཙམ་དུ་མ་ཟད། རྗེས་དཔག་རིང་ལུགས་ཀྱི་རྒྱས་བཤད་བྱེད་སྟངས་དེ་རིགས་ནི་མ་གཞི་ནས་མིག་ནང་རྡུལ་ཡོད་པའི་ས་དབྱི་ཏེ་དང་དེའི་རྗེས་ཀྱི་རིག་པ་རྣམས་ཀྱིས་ཁོང་དུ་ཆུད་མི་ཐུབ་ཅིང་། ཁོ་ཚོས་རྟོགས་དཀའ་བའི་རིང་ལུགས་དེ་དག་གི་རྟགས་དང་ཚིག་དོན་གཉིས་སུ་ཕྱེ་སྟེ་བོད་དུ་ལྟ་སྟངས་འཛིན་ཐབས་བྲལ་བ་རེད། ཁོ་ཚོ་རྟག་པར་ཡིག་ཐོག་གི་དོན་སྙིང་དེའི་ཐོག་ཏུ་བསྡད་ཡོད་ཅིང་། ལྐོག་གྱུར་དུ་བསྒྱུར་བ་དང་། ཝུའུ་ཐུའོ་པང་ལ་ངོ་རྒོལ་བྱེད་པ་ནི་དོན་གྱི་སྙིང་པོ་མེད་པ་ཞིག་རེད།

ཤར་ཕྱོགས་རིང་ལུགས་ཀྱི་རྣམ་པའི་ཞིབ་བརྗོད་ཁྲོད། དང་ཐོག་བོད་ལྗོངས་ནི་ཁོ་ཚོའི་ལྷ་ཡུལ་ཡིན་ལ། ཁོའི་རྒྱལ་ཁབ་གཞན་པའི་གོམས་ལུགས་ཀྱི་མིང་ནི་སེམས་ཀྱི་ཉི་ཟླ་རེད། ཁྱོད་ལྷ་ཡུལ་ནས་བདའ་འདེད་བྱེད་ན་བདེན་མིན།་བོད་ལྗོངས་ཞིམ་མི་ཞིམ། དེ་དག་ཚང་མ་ལམ་ལ་མི་འགྲོ། ཤར་ཕྱོགས་རིང་ལུགས་ཀྱིས་འདི་ནས་མཚོན་པ་ནི་ཆོས་ལུགས་དད་མོས་ཀྱི་ཡང་རྩེའི་གསང་སྔགས་སྤྱི་ལ་དབང་བའི་འདུ་ཤེས་ཤིག་ཡིན་པ་དང་། ལྷ་ཡུལ་ཟེར་ནའང་འདྲ། ཡང་ན་ཤམ་བྷ་ལ་ཡིན་ནའང་འདྲ། ཡང་ན་བོད་མི་རང་གི་སངས་རྒྱས་ཞིང་ཁམས་ཡིན་ནའང་འདྲ། ཤར་ཕྱོགས་རིང་ལུགས་ཀྱིས་བརྗོད་པའི་ནང་དོན་གཙོ་བོ་ནི་བསམ་པའི་”་རྒྱལ་ཁབ་”ཞེས་པའི་དོན་གཉེར་དང་། ཡང་ན་དངོས་ཡོད་ཆབ་སྲིད་ཀྱི་ཕུགས་བསམ་འཇལ་བྱེད་ཀྱི་ཚད་གཞི་ཞིག་རེད། ཁོས་བཤད་པ་ནི་འཛམ་གླིང་འདིའི་རྡོ་དང་བྱེ་མ་མིན་པར། བསམ་པའི་ཐོག་གི་བརྗིད་ཉམས་ལྡན་པའི་གཙང་ས་ཡིན།

གལ་ཏེ་ཁྱོད་ཀྱིས་དོན་འདི་ལྟ་བུ་དང་དོན་འདི་རིགས་མཚོན་པར་དགོས་པའི་ཡ་མཚན་རིང་ལུགས་ཀྱི་ཚིག་རྒྱན་དེ་མ་ཤེས་པ་ཡིན་ན། དེ་གར་དགག་པ་རྒྱག་པའི་ཕྱི་ཚུལ་གྱི་མངོན་ཚུལ་ཁུངས་ལུང་མེད་པ་དེ་དག་གླེང་མོལ་བྱེད་པ་ནི་འཛུགས་ཐབས་མེད་པ་ཞིག་རེད།

ནུབ་ཕྱོགས”གསར་གཏོད་”་ཀྱི་གསལ་བཤད་བྱེད་སྟངས་གང་ཡིན་ཡང་བོད་མི་རང་གི་གདོད་མའི་དུས་ནས་ཡོད་པའི་ནང་ཆོས་རྒྱལ་ཁབ་ཀྱི་བསམ་པ་ཡིན། ཕྱི་ནས་བསྐུར་བའི་བྱེད་པོ་དེ་དང་བྱེད་པོ་རང་རྟོགས་ཀྱི་”་ཤར་ཕྱོགས་རིང་ལུགས་”་ཞེས་པའི་མཐོང་ཟུར་དེ་གཉིས་ངོ་བོའི་ཐོག་ནས་ངོས་འཛིན་གཅིག་མཐུན་བྱུང་ཡོད་པ་དེ་ཡང་ནུབ་ཕྱོགས་ཀྱི་ཤར་ཕྱོགས་རིང་ལུགས་དོན་དངོས་ཐོག་ཀྱག་ཀྱོག་ཆེ་བའི་གསང་སྔགས་རིམ་པ་དང་བོད་མིའི་དད་མོས་གཅིག་མཐུན་གྱིས་དོན་གཉེར་བྱས་ཡོད།

མི་ཡུལ་གྱི་རྒྱལ་ཁབ་ནི་ནག་ཉེས་དང་ཡིད་མི་ཚིམ་པ། རུལ་སུངས་ལ་ཞེན་ཆགས་པ། འཕགས་འཚག་རྒྱག་པ། སྡུག་བསྔལ་ཆེ་བ་བཅས་ཀྱིས་ཁེངས་པ་དེ་ཡིན་པ་ལས་བཀྲ་ཤིས་པ་ཐེངས་གཅིག་མིན་ལ་འགྱུར་བ་ཡོང་ཐེངས་གཉིས་བྱས་ནའང་མི་འགྲིག དོན་དངོས་ཀྱི་རྒྱལ་ཁབ་ནི་མཛེས་སྡུག་ཕྱོགས་སུ་སྐྱོད་པའམ་ཡང་ན་རྒྱང་དུ་སྐྱོད་པ་ཙམ་ཡིན་པ། ཁོའི་ཚད་གཞི་ནི་བསམ་པའི་འཇིག་རྟེན་ནང་གི་བསམ་པའི་རྒྱལ་ཁབ་དང་། དད་མོས་ཀྱི་རྒྱལ་ཁབ། ཤམ་བྷ་ལ་ཟེར་བ་དེ་རེད།

དབང་རྩའི་རང་བཞིན་གྱི་རྒྱལ་ཁབ་ཀྱི་ལག་ལེན་ནི་ཅིའི་ཕྱིར་ལུགས་མཐུན་ཡིན་པ་དང་། ཡང་ཇི་ལྟར་བྱས་ནས་ཁྲིམས་མཐུན་མིན་པར་གྱུར་བ་རེད།

སེམས་ཀྱི་ཉི་ཟླ་ནི་ཕྱི་རྒྱལ་བས་ཡངས་པའི་རྩྭ་ཐང་མཐོང་རྗེས་ཡ་མཚན་ནས་སྐད་རྒྱབ་པ་ལྟ་བུ་ཞིག་མ་ཡིན་པར། དད་མོས་ཀྱིས་ཁེངས་པའི་མི་རིགས་ཡོངས་ཀྱི་སྤྱི་རྣམ་ཞིག་ཡིན། བྱེ་བྲག་གི་སྒོ་ནས་བོད་རང་ཉིད་ཀྱང་དོན་དངོས་དང་མི་མཐུན་པའི་སྤྱི་དོན་ཞིག་ཡིན། ཁྱོད་ཀྱིས་ཚིག་ལ་མགོ་འཁོར་མི་ཉན། བསམ་པའི་རྒྱལ་ཁབ་འདི་རིགས་ཀྱིས་སེམས་ཀྱི་ཉི་ཟླའམ། སྐད་ཡིག་སྤྱད་ནས་རང་གི་མིང་དེ་དཔེར་ན་ཤམ་བྷ་ལ། གསང་གནས།”ཟེས་བཤ་ཆོག་ལ། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཀྱང་ལྷ་ཡུལ་སྤྱད་ཆོག། ཀྲུང་གོ་བས་སྐྱིད་གནས་ཀྱང་སྤྱད་ཆོག་པ་ལྟ་བུ་རེད།

བོད་རིག་པའི་ཁྲོད་ཀྱི་ཤར་ཕྱོགས་རིང་ལུགས་ནི་ནུབ་ཕྱོགས་པའི་རང་ཉིད་ཀྱི་སྐད་ཆ་སྤྱད་ནས་བོད་ལྗོངས་ལ་ལྟོས་པའི་ཆབ་སྲིད་ཀྱི་ཆོས་རིག་པའི་གོ་དོན་ཡིན། དེའི་ངོ་བོ་ནི་གཉིས་ཀར་ཡོད་པའི་གསང་སྔགས་རིག་གཞུང་གི་རྣམ་པ་ཙམ་རེད།

རྟག་པར་དགག་པ་དང་བསམ་ཞིབ་བྱ་དགོས་པའི་ལྷ་མེད་སྨྲ་བའི་མཁས་དབང་རྣམས་ཀྱིས་དངོས་གནས་དགག་པ་རྒྱག་པ་དང་བསམ་ཞིབ་བྱ་དགོས་ས་ནི་རང་ཉིད་མཆོག་ཏུ་རློམ་པ་དེ་ཡིན་པ་དང་། ཤར་ཕྱོགས་རིང་ལུགས་དང་བསྡུར་ན། ཤམ་བྷ་ལའི་ནང་གི་ཡོད་ཚད་ནི་སྐྱོབ་པར་སྒུག་པའི་ཉེས་པའི་མི་དེ་རེད་བསམ། གཟོད་སྐད་ཆ་ཆེན་པོ་བཤད་པ་དག”་བཙན་དབང་”་ངོ་མ་རེད།

ཆོས་ལུགས་ལ་ངོ་རྒོལ་བྱེད་མཁན་གྱི་སྟོབས་ཤུགས་ཀྱིས་ཤར་ཕྱོགས་རིང་ལུགས་འདི་ལྟ་བུར་ངོ་རྒོལ་བྱ་དགོས་དོན་ཡང་ཏག་ཏག་ཆོས་ལུགས་པར་མཐོང་ཆུང་བྱས་པ་ལས་བྱུང་བ་དང་། དེ་བཞིན་ཕ་རོལ་གྱི་འཇིག་རྟེན་ལ་དད་མོས་བྱེད་མཁན་ཚོར་གཉའ་གནོན་དང་གནོད་འཚེ་བཏང་བ་ལས་བྱུང་བ་རེད། དེའི་རྒྱུ་མཚན་ནི་ཆོས་ལུགས་ལ་ངོ་རྒོལ་བྱེད་མཁན་གྱིས་འདིར་ཁོ་ཚོའི་དབང་ཆ་དང་རྒྱལ་ཁབ་འཛུགས་དགོས་ཤིང་། ཁོ་ཚོའི་དབང་ཆ་ནི་ཁོ་ཚོ་བདེན་དོན་གྱི་ལག་ཏུ་འཛིན་མཁན། ལྟོ་གོས་འཛོམས་མཁན་རྣམས་ནི་རང་ཉིད་ཀྱི་ལྷ་ལ་ངོ་རྒོལ་བྱེད་མཁན་ཡིན་པ་དང་། ཁོ་ཚོས་ཤམ་བྷ་ལར་ངོ་རྒོལ་བྱེད་པ་ནི་སོ་ཏོ་མ་རྒྱུན་ལྡན་ཅན་དུ་གཏོང་རྒྱུ་དེ་རེད། སྦྲིད་པའི་བསམ་བློ་ཞེས་པ་གང་ཡིན་ཞེ་ན།

མི་རྣམས་ལ་དེ་བས་ཀྱང་ཕུགས་འདུན་དང་རེ་བ་ལེགས་པོ་མེད་པར་འགྱུར་དུ་བཅུག་ནས་བསམ་པའི་ཐོག་གི་ཕུགས་བསམ་གྱི་རྒྱལ་ཁབ་ཅིག་འཛུགས་སུ་མི་འཇུག་པ་དང་། མི་རྣམས་ཀྱིས་དངོས་ཡོད་གནས་ཚུལ་ཡག་པོ་ཡིན་མིན་ཚད་གཞི་གང་གིས་ཀྱང་ཚད་འཇལ་མི་ཐུབ་ལ། ངོས་འཛིན་གང་ཡང་མེད་པ། ཆབ་སྲིད་ལ་སྐུལ་འདེད་བཏང་སྟེ་འབྲུག་གསོད་པའི་དཔའ་བོར་བརྫུས་ན། འཛམ་གླིང་གི་མགོན་སྐྱབས་ཀྱི་ས་དབྱི་ཏེ་ཚོས་རིགས་པའི་གཞུང་ལུགས་ཀྱི་མཐོ་ས་བཟུང་ཐུབ་པ་རེད། སློབ་མ་འདི་རིགས་ཀྱིས་དོན་དངོས་སུ་ཤེས་བྱ་སྦྱོང་འདོད་མེད་ལ། ཁོས་སྒྲུབ་པ་ནི་དབང་ཆ་ཡིན།

ཁོས་སྒྲུབ་ན་ཡང་། ཁོས་ནུབ་ཕྱོགས་གསང་བའི་རང་ལུགས་ཀྱི་ཆོས་སྤེལ་མཁན་ཞིག་དང་གསང་བའི་སློབ་དཔོན་གངས་ཏི་སེ་འདབས་ཀྱི་ཁ་བརྡ་ལ་གོ་བ་ལེན་ཐུབ་བམ།

ད་ཆ་ས་དབྱི་ཏེ་རྣམས་ཀྱི་འབད་བརྩོན་འོག་རིག་གཞུང་གསང་སྔགས་ཀྱི་ཤར་ཕྱོགས་རིང་ལུགས་དེ་ཐ་དད་ཅིང་ལོག་བཤད་དུ་གྱུར་ཟིན། རང་འགན་རྩོད་མེད་ཀྱི་བོད་རིག་པ་རུལ་སུངས་སུ་གྱུར་པ་དང་། སྐབས་དེར་བོད་རིག་པའི་ལས་ཁུར་དོར་ནས། ལས་རིགས་མང་པོར་ཞུགས་པ་རེད།

༢༠༡༨/༡༢/༣༠བསམ་གྲུབ་པས་བསྒྱུར།

© 2019 ལུག་ཚང་དཔལ་ཡོན། . Powered by WordPress. Theme by Viva Themes.