མི་གཞི་ནི་བསླབས་རིམ་མཐོ་ཤོས་ཡིན།

73/470

དཔལ་འཚོ་སྐྱིད་ཀྱིས་བསྒྱུར།

 

 

能力很重要,可有一样东西比能力更重要,那就是人品。

འཇོན་ཐང་ལས་ཀྱང་གལ་ཆེ་ཤོས་ནི་མི་གཞི་བཟང་པོ་ཞིག་ཡོད་པ་དེ་ཡིན།

人品,是人真正的最高学历,是人能力施展的基础,是当今社会稀缺而珍贵的品质标签。人品和能力,如同左手和右手。

མི་གཞི་ནི་ངེས་བ་དོན་ལ་གནས་བའི་བསླབས་རིམ་མཐོ་ཤོས་ཡིན་ལ་།མི་ཡིས་འཇོན་ཐང་དང་རྩལ་ནུས་ཕྱིར་འདོན་པའི་རྨང་གཞིའང་ཡིན་། དེང་གི་དུས་སུ་མི་གཞི་ནི་རིན་ཐང་ཆེ་ལ་དཀོན་པའི་ཁྱད་རྟགས་ཤིག་དང་།འཇོན་ནུས་དང་མི་གཞི་ནི་མི་ཞིག་གི་ལག་པ་གཡས་གཡོན་ལྟ་བུའོ།།

单有能力,没有人品,人将残缺不全。人品决定态度,态度决定行为,行为决定着最后的结果。人品意义深远,没有人会愿意信任、重用一个人品欠佳的员工。

འཇོན་ནུས་གཅིག་པུ་ལྡན་ཞིང་མི་གཞི་མེད་པ་ནི་མི་ཞིག་ལ་ཡན་ལག་ཚང་མེད་པ་ལྟར་སྐྱོན་དུ་མཐོང་། མི་གཞི་ཡིས་རྣམ་འགྱུར་མཚོན་ཐུབ་ལ། རྣམ་འགྱུར་གྱིས་བྱ་སྤྱོད་མཚོན། བྱ་སྤྱོད་ཀྱིས་ཆེས་མཐའ་མའི་འབྲས་བུ་མཚོན། མི་སུ་དང་གང་གིས་ཀྱང་མི་གཞི་མི་ལེགས་པའི་གང་ཟག་ཅིག་ལ་ཡིད་ཆེས་བྱེད་མི་འདོད་པ་དང་མཐོང་ཆེན་བྱེད་མི་སྤྲོ་བ་ཞིག་གོ།

好人品已成为现代人职业晋升的敬业标杆与成功人生的坚实根基。

དེང་རབས་མི་ཡིས་ལས་གནས་གོང་དུ་འཕར་བའི་མཚོན་རྟགས་དང་མི་ཚེའི་རྒྱལ་ཁ་ཐོབ་པའི་གཞི་རྩ་ནི་མི་གཞི་བཟང་པོ་ཞིག་བྱ་རྒྱུ་དེ་ཡིན།

 

比能力更重要的12种品格: འཇོན་ཐང་ལས་ཀྱང་གལ་ཆེ་ཤོས་ཀྱི་གཤིས་རྒྱུད་མི་འདྲ་བ་བཅུ་གཉིས།

 

▌忠诚 གཞུང་དྲང་བློ་དཀར།

站在公司的立场上思考问题,忠心维护公司的利益,在诱惑面前经得住考验。

ཀུང་སིའི་ལངས་ཕྱོགས་ངོས་ནས་གནད་དོན་ལ་བསམ་གཞིགས་བྱས་ཏེ། ཀུང་སིའི་ཁེ་ཕན་ཆེད་དུ་གཞུང་དྲང་བློ་དཀར་དང་། བསླུ་བྲིད་དང་མི་གཞན་གྱི་གཡོ་འོག་ཏུ་མི་ཚུད་པ་དང་ནམ་ཡང་རང་ཚུགས་སྲུང་དགོས།

 

▌敬业 ལས་ལ་བརྩོན་པ།

工作的目的不仅仅在于报酬,提供超出报酬的服务,乐意为工作做出个人牺牲。

ལས་ཀའི་དམིགས་ཡུལ་གཙོ་བོ་ནི་གླ་ཕོགས་ལེན་པ་ཙམ་མིན་པར། གླ་ཆ་ལས་བརྒལ་བའི་ཞབས་ཞུ་སྒྲུབ་པ་དང་ལས་ཀའི་སླད་དུ་སྒེར་སེམས་མེད་པར་བློས་གཏོང་ཐུབ་པ་དེ་ལ་དགའ་བ་སྒོམ་པ་དེའོ།།

 

▌自动自发 རང་འགུལ་དང་བླངས།

不要事事等人交待,从“要我做”,到“我要做”,主动做一些“分外”事,先做后说。高要求:要求一步,做到三步。

ལས་ཀ་ཐམས་ཅད་བཀོད་སྒྲིག་གི་གཞན་དབང་དུ་མ་སོང་བར། ངས་སྒྲུབ་པའི་བྱ་བ་ང་རང་གིས་སྒྲུབ་པ་དང་། རང་འགུལ་སྒོས་བཀོད་སྒྲིག་དུ་ཚུད་མེད་པའི་བྱ་བའི་ཡར་སྔོན་དུ་སྒྲུབ་པ་དང་རྗེས་སུ་གླེང་དགོས། ཆ་རྐྱེན་ནན་པོ་སྒོས་གོམ་གང་གི་བྱ་བ་གོམ་གསུམ་ལྟར་སྒྲུབ་དགོས་པ་བཞིན་ནོ།།

 

▌负责 འོས་འགན་འཁུར་བ།

责任的核心在于责任心,把每一件小事都做好。一诺千金,绝对没有借口,让问题的皮球止于你,不因一点疏忽而铸成大错。

འོས་འགན་གྱི་ནང་སྙིང་ནི་འགན་སེམས་ཡོད་དགོས་ལ། །བྱ་བ་ཆུང་ཙག་དག་ལེགས་པར་སྒྲུབ་དགོས། ཁ་གཡར་བ་ཙམ་མིན་པར་ཁ་དན་ཚིག་ལ་གནས་དགོས་པ་དང་། རང་འགན་རང་འཁུར་གྱིས་གནད་དོན་ཐག་གཅོད་དགོས་པ་ལས་མི་གཞན་ལ་ཁག་མི་འགེལ་བ་དང་། ལས་ཀ་ཆུང་ཙག་གི་མཇུག་འབྲས་ལས་ནོར་འཁྲུལ་ཆེན་པོ་བྱུང་བར་སྔོན་འགོག་བྱ་དགོས།

 

▌注重效率 ལས་ཕྱོད་གཙོར་འཛིན།

心无旁骛,专心致志,量化每日工作,拖延是最狠毒的事业杀手;注重主次,防止完美主义成为效率的大敌。

སེམས་ཐག་གཙང་བཅད་དང་ནན་ནན་ཏིག་ཏིག་གིས་ཉིན་རེའི་ལས་འགན་སྒྲུབ་དགོས་པ་ལས་ཕྱི་བཤོལ་བྱེད་པ་ནི་བྱ་གཞག་སྒྲུབ་པའི་བཀག་རྡོ་ལྟ་བུ་ཡིན་ཕྱིར། གཙོ་ཕལ་ལ་དང་དོད་དང་། སྐྱོན་བྲལ་རང་ལུགས་སྔོན་འགོག་བྱ་རྒྱུ་ནི་ནུས་ཤུགས་ཐོན་པའི་གཏེ་བོ་ལྟ་བུ་ཡིན།

 

▌结果导向 ལས་ཀའི་ཁ་ཕྱོགས།

一开始就要想怎样把事情做成,办法总比问题多,创造条件去完成任务,第一次就把事情做对,把任务完成得超出预期。

ལས་འགོ་བརྩམས་པ་ནས་བཟུང་བྱ་བ་གང་ལྟར་སྒྲུབ་ཚུལ་ལ་བསམ་མནོ་གཏོང་དགོས་ལ། ཐབས་ཤེས་ནི་གནད་དོན་དང་བསྡུར་ན་མང་དུ་འདོད་མོད། ལས་འགན་ལེགས་འགྲུབ་བྱུང་བར་ཆ་རྐྱེན་བསྐྲུན་དགོས་ཏེ། དང་ཐོག་ནས་བཟུང་བྱ་བ་སྒྲུབ་ཕྱོགས་འགྲིག་དགོས་པ་དང་། ཚོད་དཔག་ལས་བརྒལ་ཏེ་ལས་འགན་ཚང་མ་ལེགས་པར་སྒྲུབ་དགོས།

 

▌善于沟通 འབྲེལ་འདྲིས་ལེགས་བྱང་།

当面开口,当场解决,沟通和八卦是两回事,不说和说得过多都是一种错,带着方案去提问题,培养起接受批评的情商。

ངོ་དང་ངོ་གཏུགས་ནས་གྲོས་མོལ་བརྒྱུད་གནད་དོན་ཐག་གཅོད་དགོས་ལ། བསམ་བློ་བརྗེ་རེས་དང་གང་བྱུང་ལབ་བརྡོལ་ནི་གཏན་ནས་མི་འདྲ་བའི་བྱ་བ་གཉིས་ཡིན་ལ། མི་སྨྲ་བ་དང་བབ་ཅོལ་སྨྲ་བ་གཉིས་ཀྱང་ནོར་འཁྲུལ་ཡིན། ཇུས་གཞི་བཏོན་པའི་ངོས་ནས་གནད་དོན་ཐག་གཅོད་དགོས་ལ། མི་གཞན་གྱིས་སྐྱོན་བརྗོད་དང་ལེན་བྱ་རྒྱུའི་ཐད་ལ་ནུས་པ་མཐོར་འདེགས་གཏོང་དགོས།

 

▌合作 མཉམ་ལས་མཉམ་སྒྲུབ།

团队提前,自我退后,滴水融入大海,个人融入团队,服从总体安排,遵守纪律才能保证战斗力;不当团队的“短板”,多为别人考虑,让能力在团队中被放大。

སྤྱི་སེམས་སྔོན་དང་བདག་འཛིན་གཞུག་གི་ལྟ་བ་བཏོན་ནས་ཐིགས་པ་བསགས་པའི་རྒྱ་མཚོ་ལྟར། རང་ཉིད་ཚོགས་པར་ནང་ཞུགས་དགོས་ལ་ཚོགས་པས་བཀོད་སྒྲིག་དང་ལེན་དང་། སྒྲིག་ལམ་བརྩི་སྲུང་བྱེད་ན་གཟོད་ནས་འཐབ་རར་ཞུགས་པར་ཁག་ཐེག་བྱེད་ཐུབ། ཚོགས་པའི་ནང་དུ་ལམ་འདོང་ནང་གི་རྡོ་འདོང་ལྟ་བུ་མིན་པར་མི་གཞན་ལ་བསམ་ཤེས་དང་ཚོགས་པའི་ནང་དུ་རང་ནུས་གང་ལྕོགས་སྒོས་ནུས་པ་མཐོར་འདེགས་གཏོང་དགོས།

 

▌积极进取 བྲོད་སེམས་ཡར་བསྐྱེད།

永远跟上企业的步伐,以空杯心态去学习、去汲取,挤时间充电,发展自己的“比较优势”,挑战自我。

དུས་ནམ་ཡང་ཁེ་ལས་འཕེལ་ཕྱོགས་ཀྱི་གོམ་འགྲོས་དང་བསྟུན་ཅི་ཐུབ་སྒོས་སྦྱངས་འདོད་ཀྱི་སེམས་འདུན་སྟེང་ནས་སློབ་སྦྱོང་གང་ཐུབ་ཅི་ཐུབ་བྱ་དགོས་ལ། སྦྲང་བུའི་སྦྲང་རྩི་གསོག་པ་ཇི་བཞིན་དུས་ཚོད་དམ་འཛིན་གྱིས་སློབ་སྦྱོང་དང་། རང་ཉིད་ཀྱི་བཟང་ཆར་བརྩོན་ལེན་སྒོས་རང་ཉིད་རང་གི་མགོན་དུ་གྱུར་དགོས།

 

▌ 低调 དམན་སར་འཛིན་པ།

才高不自傲,克服“大材小用”的心理,不摆架子耍资格;给人一分尊敬,努力做到名实相符,成绩只是起点,荣誉可作动力。

མཁས་པར་གྱུར་ན་དུལ་བར་གནས་པ་དཔེ་བཞིན་མཐོང་ཆེན་མི་གནང་བའི་སེམས་ཁམས་ཁྱད་དུ་བསད་དེ། རང་མཐོང་རང་ཆེ་མེད་པར་། མི་ལ་གོང་བཀུར་གུས་བྱམས་སྒོས་ངེས་པ་དོན་གྱིས་འཇོན་ནུས་ཅན་ཞིག་དུ་གྱུར་དགོས་པ་དང་། གྲུབ་འབྲས་ནི་འགོ་མ་ཡིན་ལ་གཟིགས་བཟོས་ནི་སྐུལ་མ་ཙམ་དུ་ཟད་དོ།།

 

▌节约 གྲོན་ཆུང་བསྲི་ཚགས།

别把老板的钱不当钱,要诚信不耍小聪明,不浪费每一张纸,不浪费每一分钟工作时间;花公司每一分钱,都要收到最大效益:省下的都是利润。

སྦྱིན་བདག་གི་རྒྱུ་ནོར་ལ་གཅེས་སྤྲས་དང་།ཁ་དན་ཚིག་ལ་གནས་ཤིང་གཡོ་ལས་ཁྲམ་བཟོ་མི་བྱེད་པ། ཤོག་ལྷེ་གཅིག་ཀྱང་ཆུད་ཟོས་མི་གཏོང་བ་དང་། སྐར་མ་ཡུན་གཅིག་གི་ལས་ཀའི་དུས་ཚོད་འཕྲོ་བརླག་མི་གཏོང་བ་བཅས་བྱེད་པ་དང་། ཀུང་ཟིའི་དངུལ་སྒོར་སྐར་གཅིག་བེད་སྤྱོད་བཏང་ནའང་ཕན་ཁེ་ཆེན་པོ་ཐོབ་ཅི་ཐུབ་བྱ་དགོས་ཏེ་ཁེ་སྤོགས་ཐོབ་པར་བརྩོན་ལེན་བྱ་རྒྱུ་ནི་མཐའ་མའི་དམིགས་ཡུལ་ཁོ་ན་ཡིན།

 

▌感恩 དྲིན་ལན་གཟོ་བ།

想是谁成就了今天的你?公司给了你工作,工作给你学习和成长的机会,同事给予你配合,客户帮助你创造业绩,对手让你看到距离,批评者让你趋向完美

དུས་དེ་རིང་རང་ལ་ཡོད་པའི་གྲུབ་འབྲས་ཡོད་དོ་ཅོག་ནི་སུས་ཁྱོད་ལ་གནང་བ་ཡིན་པ་བསམ་མནོ་ཐོངས་དང་།ཀུང་ཟིས་ཉིད་ལ་ལས་གནས་ཤིག་སྤྲད་པ་དང་། ལས་ཀས་ཉིད་ལ་སློབ་སྦྱོང་དང་གཉོམ་ལག་རྒྱས་བའི་གོ་སྐབས་གནང་བ། ལས་གྲོགས་ཀྱིས་ཉིད་ལ་རམ་འདེགས་བྱེད་པ་དང་། ཚོང་འགྲུལ་བས་རང་ཉིད་ཀྱི་གྲུབ་འབྲས་ལ་མཐུན་རྐྱེན་བསྐྲུན་པ།འགྲན་ཟླ་ཡིས་ཉིད་དང་བར་ཐག་ག་ཚོད་ཡོད་པ་ཤེས་སུ་བཅུག་པ་དང་། སྐྱོན་བརྗོད་མཁན་གྱིས་རང་ཉིད་སྐྱོན་ཀུན་བྲལ་གྱི་ཁ་ཕྱོགས་སུ་སྒྱུར་ནས་དགེ་མཚན་གང་མང་ཞིག་བཏོན་ཡོད་པས་དྲིན་གཟོ་སྙིང་ནས་ཞུ་དགོས།

 

 

༢༠༡༩ལོའི་ཟླ༢ཚེས༢༤ཉིན། གནས་མཆོག་ལྷ་སའི་གཞིས་ཁྱིམ་དྲོན་མོ་ནས།