བརྡ་འཕྲིན་དང་འབྲེལ་བའི་བོད་སྐད་ཡིག་གི་འཕེལ་རིམ། དགེ་བཤེས་བློ་བཟང་སྨོན་ལམ།

142/545

༡༽ བརྡ་འཕྲིན་གྱི་བརྒྱུད་རིམ།

༄༅། །བརྡ་འཕྲིན་ཞེས་པའི་ཐ་སྙད་འདི་དབྱིན་ཡིག་ནང་ IT ཞེས་པའི་བསྡུས་ཚིག་དེར་གོ(བོད་ནང་ནས་ཆ་འཕྲིན་དང་། ཕྱི་ཕྱོགས་ནས་བརྡ་འཕྲིན་ཞེས་པར་བསྒྱུར།)དགོས་པས་ཚིགས་རྒྱས་པར Information technology ཞེས་པ་དེ་རེད།

གོ་དོན་མདོར་བསྡུས་ན་འགྲོ་བ་མིའི་རིགས་ཀྱི་ཕན་ཚུན་གནས་ཚུལ་མཁོ་སྤྲོད་བྱེད་པའི་ཐབས་ལམ་གྱི་ལག་རྩལ་ལམ་རྣམ་གཞག་ཅིག་ལ་ཟེར། བརྡ་འཕྲིན(IT)ནི་གསར་དུ་བྱུང་བ་ཞིག་མིན་པར་འགྲོ་བ་མིའི་དཔལ་ཡོན་དང་མཉམ་དུ་དར་བ་ཞིག་རེད། དེའི་འཕེལ་རིམ་དབྱེ་བ་བཀར་ན་གཤམ་གསལ་དོན་ཚན་བཞི་རུ་འདུས།

༡ ཡེ་ཤུའི་སྟོན་པ་མ་འདས་གོང་གི་ལོ་ ༣༠༠༠ ནས་འདས་རྗེས་ལོ་ ༡༤༥༠་(3000BC1450AD)བར་ལ་འཕྲུལ་ཆས་ཡར་སྔོན་གྱི་དུས་སྐབས(Pre-mechanical period)ཞེས་བརྗོད་ཀྱི་ཡོད།སྐབས་དེ་དུས་འགྲོ་བ་མི་རྣམས་ཀྱིས་སྐད་ཡིག་དང་སྟབས་བདེའི་པར་རིས་སོགས་ལ་བརྟེན་ནས་ཕན་ཚུན་བརྡ་སྤྲོད་ཀྱི་ཡོད། དེ་ནས་རིམ་བཞིན་དབྱངས་གསལ་དང་། ཤོག་བུ། སྨྱུ་གུ། དཔེ་དེབ། དཔེ་མཛོད་སོགས་བྱུང་བ་རེད།རྗེས་སུ་ཨང་གྲངས་གསར་གཏོད་བྱས་རྗེས། ཟོན་ཕན་སོགས་རྩིས་རིག་འཕྲུལ་ཆས་ཁག་དར་ཡོད།

༢ འཕྲུལ་ལས་དུས་རབས།

ཕྱི་ལོ་ ༡༤༥༠ ནས་ ༡༨༤༠ བར་ལ་འཕྲུལ་ཆས་དུས་རབས(Mechanical period)ཞེས་བརྗོད་ཀྱི་ཡོད། སྐབས་དེར་འཕྲུལ་ཆས་གསར་པ་དང་མེས་པོའི་རིགས་ལམ་ལ་བརྟེན་ནས་རྩིས་རྒྱག་འཕྲུལ་ཆས་གསར་གཏོད་བྱས།འོན་ཀྱང་རྩིས་རྒྱག་འཕྲུལ་ཆས་དེ་དག་གིས་རྩིས་རྒྱག་སྟངས་རིགས་གཅིག་ལས་མི་ཐུབ། དཔེར་ན། སྡོམ་རྩིས་དང་འཐེན་རྩིས་གང་རུང་ལས་མཉམ་དུ་རྩིས་རྒྱག་མི་ཐུབ།

༣ གློག་ལྡན་དུས་རབས།

ཕྱི་ལོ་ ༡༨༤༠ ནས་ ༡༩༤༠ བར་ལ་གློག་ལྡན་འཕྲུལ་ཆས(Electro-mechanicalPeriod)ཀྱི་དུས་རབས་ཞེས་བརྗོད་ཀྱི་ཡོད།སྐབས་དེར་ཐག་རིང་ཁ་པར་གྱི་འབྲེལ་བ་དང་། ཆེས་ཐོག་མའི་གློག་ཀླད(High speed, digital computer(ENIAC))ཅེས་པ་གསར་གཏོད་བྱས། ཐོག་མའི་གློག་ཀླད་ནི་བོངས་ཚད་ཧ་ཅང་ཆེ་བ་ཡིན། གློག་ཀླད་དེར་ཡར་ཕི་ཊི་ ༨ དང་རིང་ཚད་ལ་ཕི་ཊི་ ༥༠ ཡོད། ཁ་ཞེང་ལ་ཕི་ཊི་ ༢ ཡོད། ལྗིད་ཚད་ལ་ཊོན་ ༥ ཡོད།དེ་ནས་རིམ་བཞིན་གློག་ཀླད་ཆུང་དུ་བཏང་སྟེ་ཚོང་ལས་དང་། ཁྱིམ་དུ་བེད་སྤྱོད་གཏོང་ཐུབ་པར་འབད་པ་བྱས།

༤. གློག་རྡུལ་དུས་རབས།

ཕྱི་ལོ་ ༡༩༤༠ ནས་ ༢༠༡༣ བར་གློག་རྡུལ་དུས་རབས(Electronic Period)ཞེས་འབོད། Vacuum tube ཀྱིས་གློག་རྒྱུན(current)དང་གློག་ཤུགས(voltage)སྟངས་འཛིན་བྱེད་པ་དང་། AC ནས DC ལ་སྒྱུར་གྱི་ཡོད། སྒྱུར་སྟངས་དེའི་མིང་ལ་Rectification(བསྒྱུར་བཅོས)ཟེར་གྱི་ཡོད། Amplification ཟེར་ན་གློག་རྒྱུན་དང་གློག་ཤུགས་སོགས་སྟངས་འཛིན་དང་ཤུགས་ཆེ་ཆུང་གཏོང་གི་ཡོད།Transistor ཞེས་པ Semiconductor(ཉེ་བའི་རྒྱུ་རྫས)དར་ནས་འགྲོ་སོང་དང་བོངས་ཚད་ཀྱི་ཆ་ནས་ཧ་ཅང་སྟབས་བདེར་ཕྱིན་ཡོད། གློག་གི་ལས་ཀ་བྱེད་སྟངས་གོང་དང་གཅིག་མཚུངས་ཡིན། རྒྱུ་ཆ་འདི་ནི་དུས་ཡུན་རིང་པོར་འཕྲོ་བརླག་མི་འགྲོ་བ་དང་། ཤིན་ཏུ་བརྟན་པོ་ཡོད། Integrated circuits (IC) IC གཅིག་གི་སྒང་ལ Transistor དང་གློག་གི་ཆ་ཤས་ས་ཡ་མང་པོ་མཉམ་གནས་བྱས་ཡོད། དེར་བརྟེན་གློག་ཤུགས་ཀྱི་འགྲོ་གྲོན་ཆུང་བ་མ་ཟད། འཁྱེར་བདེ་བ། ལས་ཀ་མགྱོགས་པོར་བྱ་ཐུབ་པ། གློག་སྒོ་རྒྱག་པ་དང་ཕྱེ་བ་ཧ་ཅང་མགྱོགས་པོར་གྱུར་ཡོད།

– CPU (Central Processing Unit)CPU ཞེས་པ་ནི་གློག་ཀླད་ཀྱི་སྲ་ཆས་ཤིག་རེད། དེའི་ལས་ཀ་གཙོ་བོ་ནི་གློག་ཀླད་

ཀྱི་སྐད་བརྡས་བཀའ་བཏང་བ་བཞིན(Arithmetic)ཨང་རྩིས་དང་། Logic ལས་ཀ ནང་འདྲེན(Input)ཕྱིརའདོན(OutPut)བཅས་བྱེད་ཀྱི་ཡོད། དེ་ལ་རྩ་བའི་དབྱེ་བ་ཆེན་པོ་གཉིས་ཡོད།

-Arithmetic Logic Unit (ALU)རྒྱུ་མཚན་གོང་བཞིན་ཡིན།

-Control Unit(CU)ནང་གསོག(Memory)ནས་བཀའ་རྒྱ་གང་ཡོད་ཀྱི་གསང་བརྡ་རྣམས་ཡི་གེར་བསྒྱུར་ནས་ལག་བསྟར་བྱེད་ཀྱི་ཡོད། དགོས་མཁོ་ཡོད་སྐབས ALUའབོད་སྐུལ་བྱས་ཏེ་ལས་ཀ་བྱེད་ཀྱི་རེད།

-Internet(དྲ་རྒྱ)དྲ་རྒྱ་ནི་གཅིག་གིས་གཅིག་ལ་འབྲེལ་མཐུད་དང་གནས་ཚུལ་མཁོ་གཏོང་བྱེད་པར་ཧ་ཅང་སྟབས་བདེ་བ་མ་ཟད། དེང་གི་དུས་རབས་སུ་འཛམ་གླིང་ཡོངས་དྲ་བས་གཅིག་གྱུར་བཟོས་ཡོད།

Network ཟེར་བ་ནི། ཐག་རིང་གི་རྒྱུད་ལམ་ཁག་ལ་འབྲེལ་མཐུད་བྱེད་པའི་རྒྱུད་རིམ་ལ་ཟེར། དཔེར་ན། www (world wide web) ལྟ་བུ།འབྲེལ་མཐུད་ལ་གློག་སྐུད(Optical)དམ་ཡང་ན་སྐུད་མེད(Wireless)གང་རུང་

བརྒྱུད་ནས་འབྲེལ་མཐུད་བྱེད་ཀྱི་ཡོད།

༢༽ དེང་རབས་བརྡ་འཕྲིན་དང་སྐད་ཡིག་གི་འབྲེལ་བ།

༡ བརྡ་འཕྲིན་དང་སྐད་ཡིག་དབར་གྱི་འབྲེལ་ལམ།

གོང་གསལ་འཕེལ་རིམ་ངོ་སྤྲོད་ཞུས་པ་བཞིན་དེང་གི་ཆར་འཛམ་གླིང་ཁྱོན་ཡོངས་གཅིག་གྱུར་དང།གཅིག་ལ་གཅིག་འབྲེལ་གྱི་ལས་དོན་རྩ་བའི་ཆ་གློག་རྡུལ་བརྡ་འཕྲིན་ལག་རྩལ་རག་ལས་ཡོད།  འཛམ་གླིང་འདིར་མི་གྲངས་དུང་ཕྱུར་ ༧༠ དང། ཁ་པར་དུང་ཕྱུར་ ༦༨ ཡོད། དེ་ཡང་

ལོ་ངོ་ཉི་ཤུའི་ནང་བྱུང་བའི་སྤྱི་ཚོགས་རང་བཞིན་གྱི་བརྡ་འཕྲིན་ལག་རྩལ་གྱི་འགྱུར་བ་ཆེན་པོ་ཞིག་རེད། དེ་ལྟར་ན་ཕྱི་ལོ་ ༢༠༡༣ ལོ་བར་མི་བརྒྱ་ལ་ཁ་པར་གྲངས་ ༩༦ཐོབ་ཀྱི་ཡོད། མ་འོངས་པར་དེ་ལས་ཀྱང་ཁྱབ་ཆེ་རུ་འགྲོ་རྒྱུ་རེད།

༣༽ བོད་ཀྱི་སྐད་ཡིག་དང་བརྡ་འཕྲིན་དབར་གྱི་འབྲེལ་བ།

གནའ་རབས་བོད་ཀྱི་སྐད་ཡིག་དང་བརྡ་འཕྲིན།དུས་རབས་བདུན་པའི་སྐབས་སུ་བོད་ཡིག་དར་བ་ནས་བཟུང་སྲིད་འབྱོར་རིག་གསུམ་འཛམ་གླིང་སྤྱི་མཚུངས་ལྟར་བརྡ་འཕྲིན་ཐད་ཡར་རྒྱས་དང་གསར་གཏོད་རིམ་པ་བྱུང་ཡོད། སོལ་བ་དང་སྣག་ཚ། ཤོག་བུ། རྡོ་པགས། ཤིང་རིགས་སོགས་ལ་བརྟེན་ནས་ཡི་གེ་རི་མོ་ལག་བྲིས་དང་། རྩིས་རིག་འཕྲུལ་ཆས་ཆུང་ཚགས་ཀྱང་བྱུང་ཡོད།

ཕྱི་ལོ་ ༡༤༠༨ ཙམ་ནས་ཤིང་པར་འཕྲུལ་ལས་དར་སོ་ཆེན་པོ་བྱུང་སྟེ་བོད་ཀྱི་ཆོས་ལུགས་གཙོ་བོར་གྱུར་བའི་ཡིག་ཆ་ཕོན་ཆེན་ད་བར་ལྷག་ཡོད་པ་དེ་བརྡ་འཕྲིན་འཕེལ་རིམ་དེའི་གྲུབ་འབྲས་རེད།

ཕྱི་ལོ་ ༡༩༢༨ ཙམ་ནས་བོད་ལ་ཆུ་ཤུགས་གློག་འདོན་མཚོན་པའི་གློག་ལྡན་འཕྲུལ་ལས་དར་ཡོད། འོན་ཀྱང་སྐབས་དེ་དུས་འཛམ་གླིང་འདིར་གློག་ལྡན་འཕྲུལ་ལས་ཆེས་མགྱོགས་མྱུར་གྱི་ཡར་རྒྱས་འགྲོ་བའི་དུས་སྐབས་ཤིག་ཡིན་ནའང་བོད་ནི་རྗེས་ལུས་ཀྱི་གྲས་ཤིག་རེད།

ཕྱི་ལོ་ ༡༩༤༠ ༸གོང་ས་མཆོག་གིས་ཆུ་ཚོད་བཟོ་བཅོས་སོགས་འཕྲུལ་ལས་ཐུགས་སྣང་རྒྱ་ཆེ་གནང་ཡོད། དེ་ནས་རིམ་བཞིན་ལྕགས་འབྲུ་པར་སྐྲུན་འཕྲུལ་ཆས་དང་། རྡོ་པར། སྣུམ་པར། མཛུབ་གནོན་ལྕགས་པར་ཡོ་ཆས་སོགས་བོད་ཕྱི་ནང་གཉིས་སུ་དར་ཡོད། དེ་མིན་རླུང་འཕྲིན་བརྙན་འཕྲིན་སོགས་རིམ་པས་ཡར་རྒྱས་ཅུང་ཙམ་རེ་ཕྱིན་ཡོད། ཕྱི་ལོ་ ༡༩༩༠ ལོ་ཙམ་ནས་བོད་ནང་དུ་རྒྱ་ནག་དང་མཉམ་དུ་གློག་ཀླད་དང་འབྲེལ་བའི་ལས་ཀ་འགོ་འཛུགས་བྱས་ཡོད། ཕྱི་ལོ་ ༡༩༩༠ ལོར་རྒྱ་གར་དུ་དྲ་རྒྱ་དར་ཏེ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤུགས་རྐྱེན་ཐེབས་པ་སོགས་གློག་ཀླད་དང་ཁ་པར་སོགས་ཀྱི་ནང་བོད་ཡིག་དང་འབྲེལ་བའི་བརྡ་འཕྲིན་བོད་ཕྱི་ནང་གཉིས་སུ་ཡར་རྒྱས་ཅུང་ཙམ་ཕྱིན་ཡོད།

དེང་རབས་བརྡ་འཕྲིན་དང་བོད་ཀྱི་སྐད་ཡིགདེང་རབས་བརྡ་འཕྲིན་ཁྲོད་བོད་ཀྱི་སྐད་ཡིག་ནི་ནར་མ་སོན་པའི་བྱིས་པ་ལྟ་བུ་ཞིག་ལས་གང་ཡང་མིན། ང་ཚོར་ཕྲུ་གུ་གསར་པ་སྐྱེས་ན་དགའ་འབོད་བྱེད་པ་བཞིན་ཡིག་གཟུགས་རེ་འགའ་དང་། དྲ་ཚིགས་ཉུང་ཙམ་ཡོད་པར་འདོད་བློ་ཁེངས་ནས་དགའ་འབོད་བྱེད་བཞིན་ཡོད། ཕྲུ་གུའི་མ་འོངས་པའི་ཁ་ཕྱོགས་ལ་བསམ་བློ་གང་ཡང་གཏོང་གི་མེད་པའི་ཚོད་དུ་སྣང་།འཛམ་གླིང་འདིར་གློག་རྡུལ་འཕྲུལ་ལས་དར་ནས་དེ་རིང་གི་བར་བཙན་བྱོལ་གཞུང་གིས་གློག་རྡུལ་བརྡ་འཕྲིན་དང་འབྲེལ་བའི་སྲིད་བྱུས་གང་ཡང་གཏན་འབེབས་བྱས་མེད།

བོད་ཀྱི་སྲིད་འབྱོར་རིག་གསུམ་འཛམ་གླིང་མི་མང་མཉམ་དུ་འགྲོ་དགོས་པ་དང་ལྷག་པར་སྐད་ཡིག་གཙོ་བོར་གྱུར་བའི་རིག་གཞུང་བདག་པོ་རྒྱག་དགོས་ན་ངེས་པར་དུ་བརྡ་འཕྲིན་དང་འབྲེལ་བའི་མི་སྣ་གསོ་སྐྱོང་དང་། ཕུགས་རྒྱང་རིང་པོའི་སྲིད་བྱུས་གཏན་འབེབས་བཟོ་དགོས།

དེ་མིན་གློག་ཀླད་ལས་རིགས་ལ་སློབ་སྦྱོང་ཐོན་པ་འགར་གློག་ཀླད་གསར་རྙིང་བསྐྱར་གསོ་ཙམ་དང་དྲ་རྒྱ་རེ་བཟོ་བ་ཙམ་གྱིས་དེང་རབས་བརྡ་འཕྲིན་གྱི་རྗེས་ཟིན་མི་སྲིད།

བརྡ་འཕྲིན་དང་འབྲེལ་བའི་བོད་ཀྱི་སྐད་ཡིག་གི་ཉེན་ཁ།

༡ འཛམ་གླིང་འདིར་ཤེས་ཡོན་གྱི་ཐད་ནས་གློག་རྡུལ་བརྡ་འཕྲིན་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ནའང་བོད་མིར་མཚོན་ན་ཕན་ཐོགས་ཆེན་པོ་ད་བར་གང་ཡང་བྱུང་མེད། དེང་སང་བོད་ཀྱི་རིག་གཞུང་གཙོ་བོར་འཛིན་མཁན་དགོན་སྡེ་དང་རྒན་རྒོན་རྣམས་ཡིན་པ་ལས་གཞོན་སྐྱེས་ནང་བོད་ཀྱི་རིག་གཞུང་གི་གསོན་ཤུགས་ལེགས་པོ་རྒྱས་མ་ཐུབ་པའི་གནད་དོན་གཅིག་བོད་ཀྱི་རིག་གཞུང་དང་འབྲེལ་བརྡ་འཕྲིན་ལག་རྩལ་འཕེལ་རྒྱས་གཏོང་མ་ཐུབ་པས་ལན།

༢ དཔལ་འབྱོར་ཐད་ནས་ཀླད་ཀོར་ལྟ་བུར་གྱུར་ཡོད་པས་བོད་སྐད་ཡིག་འབྲེལ་བའི་དཔལ་འབྱོར་ལག་རྩལ་ཆེས་མེད་དུ་མི་རུང་བ་ཡིན། ཁྲོམ་རའི་ནང་བོད་ཀྱི་སྐད་ཡིག་ལས་མེད་ཆགས་དོན་ཡང་གནད་འགག་གཙོ་བོ་ཞིག་རེད་སྙམ།

༣ སྲིད་དོན་ཐད་ནས་བལྟས་ན་དེང་གི་ཆར་དྲ་དམག་རྒྱག་པའི་དུས་ཚོད་ཤར་བ་མ་ཟད་རྒྱལ་ཁབ་མང་པོ་ཞིག་གིས་ཧ་ཅང་གཙིགས་ཆེན་བཟུང་ནས་གསང་གནས་རྐུ་འཁྱེར་གནས་ཚུལ། གསལ་བསྒྲགས། དམག་དོན་སོགས་ཀྱི་ཐད་ལ་ཆེད་ལས་མི་སྣ་གསོ་སྐྱོང་འགྲོ་སོང་ཕོན་ཆེན་གཏོང་གི་ཡོད། བཙན་བྱོལ་གཞུང་གི་དྲ་རྒྱ་གཏོར་བརླག་དང་ཡིག་ཆ་རྐུ་འཁྱེར་གྱི་གནས་ཚུལ་མང་པོ་བྱུང་ཡང་ཡ་ལན་ཙམ་ཡང་སློག་ཐུབ་ཀྱི་མེད། དེའི་ཐད་ལ་བསམ་བློ་ཙམ་གཏོང་གི་ཡོད་མེད་ཐེ་ཚོམ་རེད།

༤ བཙན་བྱོལ་ནང་གི་སློབ་གྲྭ་མང་པོ་ཞིག་གིས་གློག་ཀླད་སྡེ་ཚན་ཟུར་འཛུགས་བྱས་ཡོད། འོན་ཀྱང་དེའི་དམིགས་ཡུལ་ནི་ཡིག་ཚད་ཁུངས་མ་འཁྱོལ་བ་ཚོར་ལས་ཀ་རག་ཙམ་གྱི་ཆེད་དུ་རེད། བཙན་བྱོལ་ནང་གི་སློབ་གསོའི་ཁ་ཕྱོགས་སྟོན་མཁན་་རྣམས་ཀྱི་བརྡ་འཕྲིན་གྱི་གལ་ཆེའི་རང་བཞིན་ལ་ཐུགས་སྣང་མ་གནང་བ་ཡིན་ནམ་ཡང་ན་རྒྱུ་མཚན་གང་ཞིག་ལ་ཐུག་ཡོད། སྤྱིར་སློབ་སྦྱོང་བྱས་འབྲས་གླ་ཆ་ཆེན་པོ་ལོན་ཆེད་མང་པོ་ཞིག་གིས་བསམ་བློ་གཏོང་གིན་ཡོད། དེ་ལྟར་ཡིན་ན་དེང་སང་བརྡ་འཕྲིན་ལག་རྩལ་ཚད་ལྡན་ཞིག་ཤེས་ན་གླ་ཕོགས་ཧ་ཅང་ཆེན་པོ་ལེན་ཐུབ་ཀྱི་ཡོད།

༡) ང་ཚོའི་སློབ་གསོའི་ཁ་ཕྱོགས་མ་ནོར་བ་བྱ་རྒྱུ་ཧ་ཅང་གལ་ཆེ།

༢) རྣམ་དཔྱོད་ཡོད་པའི་ཆེད་ལས་མི་སྣ་གསོ་སྐྱོང་།

༣) བརྡ་འཕྲིན་བརྒྱུད་ལམ་དང་འབྲེལ་བའི་སྲིད་བྱུས་གཏིང་རིང་པོ་གཏན་འབེབས།

༤) སྲིད་འབྱོར་རིག་གསུམ་སོགས་སྡེ་ཚན་སོར་འབྲེལ་ལས་འཆར་རྒྱ་ཆེན་པོ་སྤེལ་དགོས།རང་གི་སྐད་ཡིག་དང་འབྲེལ་བའི་དེང་རབས་བརྡ་འཕྲིན་གྱི་ཁོར་ཡུག་ལེགས་པོ་སྐྲུན་དགོས་པ་གནད་ཀྱི་དོན་པོར་མཐོང་བས་གོང་གསལ་ཚིག་ཉོག་དེ་དག་བཤད་འདོད་བྱུང་།

དེ་ལྟར་མ་བྱུང་ཚེ་བོད་ཀྱི་སྐད་ཡིག་རིག་གཞུང་གོམས་གཤིས་ཡོངས་རྫོགས་སྣུམ་ཟད་ཀྱི་མར་མེ་བཞིན་དུ་རིང་པོ་མི་ཐོགས་པར་འཛམ་གླིང་གོ་ལ་གཅིག་གྱུར་གྱི་ཁྲོད་དུ་ཐིམ་ནས་འཆི་རྒྱུ་ཉག་གཅིག་རེད།། །།