རིག་གསར་སྣོད་བཅུད་རྟེན་འབྲེལ་རིག་པའི་སྤྱི་ཁོག་གསལ་བའི་མེ་ལོང་།   དགེ་མིང་མིག་དབང་ནས།

141/545

རིག་གསར་སྣོད་བཅུད་རྟེན་འབྲེལ་རིག་པའི་Ecology 生态学སྤྱི་ཁོག་རོབ་བཤད་ཅིག་བྱེད་འདོད་ན་མཐུན་རྐྱེན་ཕུན་ཚོགས་ཡོང་བའི་བཀྲ་ཤིས་ཤིང་ནམ་ཡང་བདེ་ལེགས་ཤོག་ཅེས་སྔོན་བསུས་སྟེ་ད་ནི་བརྗོད་གཞི་དངོས་ལ་འཇུག་གོ

དེ་ཡང་། ལོ་ངོ་༢༠༠ལྷག་ཙམ་གྱི་སྔོན་དུ། རིག་གསར་སྣོད་བཅུད་རྟེན་འབྲེལ་རིག་པར་མཚན་ཉིད་འདི་འདྲ་ཞིག་བཞག་ཡོད་དེ། སྐྱེ་དངོས་དང་ཁོར་ཡུག་དབར་དུ་ལྡན་པའི་ལྟོས་འབྲེལ་interaction 交互作用ལ་ཉམས་ཞིབ་བྱེད་པའི་ཚན་རིག་ཞིག་ཡིན་ཞེས་ཁ་གཅིག་གྲགས་སུ་ཡོ་རོབ། བྱང་ཨ་མི་རི་གྷའི་ཡུལ་ཕྱོགས་སུ་དར། འོན་ཏང་ཚན་རིག་ནི་དོན་དམ་གྱི་བདེན་པ་མ་ཡིན་ཞིང་ཚད་མའི་རིགས་པ་དང་ཚན་རིག་དབར་བར་ཁྱད་ཡང་ཆེ། དེར་བརྟེན། ཚན་རིག་ཉམས་ཞིབ་པའི་ཁྲོད་དེའི་མཚན་ཉིད་ལ་དག་བཅོས་བྱེད་དགོས་པ་རྟོགས་ནས་དེ་ལྟར་བསྟན་པ་ནི་དེ་ཡང་། སྐྱེ་དངོས་དང་ཁོར་ཡུག་དབར་གྱི་

ལྟོས་འབྲེལ་དེ་བཞིན་སྐྱེ་རིགས་ཆེ་གེ་མོའི་འཚོ་གནས་བྱེད་སའི་གོ་ཡུལ་གྱི་ཁྱབ་གནས་distribution 分布ལ་གཞི་ནས་སྣོད་བཅུད་རྟེན་འབྲེལ་རིག་པ་Ecology 生态学ཅེས་བརྗོད།

སྣོད་བཅུད་རྟེན་འབྲེལ་རིག་པའི་གཞུང་ཆེན་དེ་ནི། སྲོག་ཆགས་རིག་པ་zoology 动物学དང་རྩི་ཤིང་རིག་པ་botany 植物学དང་སྐྱེ་དངོས་ཕྲ་རྡུལ་རིག་པmicrobiology 微生物སོགས་ཀྱིས་རྨང་བྱས་ཤིང་། གོང་གི་རིག་པ་དག་ལས་འཕྲོས་པའི་གཟུགས་ཁམས་རིག་པ་physiology 生理学དང་བརྒྱུད་འདེད་རིག་པ་genetics 遗传学དང་སྐྱེ་དངོས་ཆ་རྡུལ་རིག་པ་molecular biology 分子生物学དེ་བཞིན་གྲངས་འགྱུར་སྣོད་བཅུད་རྟེན་འབྲེལ་རིག་པ་numerical ecology 数量生态学སོགས་ཡོད་གཤིས། མཁས་དབང་ཁག་གཅིག་ན་རེས། དེ་ནི་གྲངས་འགྱུར་གྱི་རིག་པའམ་ཨང་རྩིས་ཀྱི་རིག་པ་ཡན་འགར་བ་ཞིག་ཀྱང་རེད་ཅེས་དང་། དེ་བཞིན་དུ་ཁག་ཅིག་ན་རེ་དེ་ནི་འཕོ་འགྱུར་གྱི་རིག་པ་evolutionary theory 进化论ཡང་རེད་ཅེས་དང། དེ་དེ་བཞིན་དུ་ཡང་མཁས་དབང་འགའ་རེས་དེ་དང་དུས་འཁོར་གྱི་ལུགས་Kalachakra时轮 དང་ཉེ་ཞེས་གསུངས་ན་དེར་དཔྱད་པ་མཛོད།

དེའི་ཉམས་ཞིབ་བྱ་ཡུལ་ལ། སྤྱིར་ཆེ་གེ་མོ་འམ་ཁེར་གཟུགས། individuals 个体དང༼རི་མོ་༡པོར་གཟིགས༽་population 种群 རིགས་རྐྱང་ངག་རིགས་ཚོགས་དང་communities 群落རིགས་མང་དེ་བཞིན་སྣོད་བཅུད་མ་ལག་ecosystem 生态系统བཅས་བཞིར་དབྱེར།

ཉམས་ཞིབ་བྱེད་ཐབས་སུ་ས་ཐོག་དངོས་ཀྱི་བརྟག་དཔྱད་དང། དངོས་དཔྱད་དེ་བཞིན་རིགས་པའི་གཞུང་ལུགས་ཀྱི་ཉམས་ཞིབ་བཅས་གསུམ་དུ་ཕྱེ་བ་ལས་མིག་སྔའི་ཉམས་ཞིབ་བྱ་ཡུལ་ནི་གོ་ལའི་འགྱུར་བ། སྐྱེ་དངོས་སྣ་ཚོགས་རང་བཞིན། འཕྲོ་མཐུད་འཕེལ་རིམ་སོགས་ལ་གཙོ་བོར་འཛིནད།

སྣོད་བཅུད་རྟེན་འབྲེལ་རིག་པར་ཚགས་དམ་པའི་ངེས་་སྲོལ་ཡོད་གཤིས།  སྣོད་བཅུད་རྟེན་འབྲེལ་རིག་པ་ནི་ཚན་རིག་ཡིན་པས་དེའི་འགྲེལ་བརྗོད་ལ། སྤྱི་ཚོགས་དང་སྲིད་དོན་བསྲེས་རྒྱུ་མེད་པའི་ཁར་འཕོ་འགྱུར་གྱི་བལྟ་གྲུབ་ལ་གཞི་འཛིན་ཏེ་སྒྲུང་བརྗོད་ན་མི་འགྲིག སྐྱེ་དངོས་གང་འདྲ་ཞིག་ཡིན་རུང་སྐྱེ་སྙིང་Gene 基因དང་ཁོར་ཡུག་གཉིས་ཀ་གལ་ཆེ་ཆུང་གཅིག་མཚུངས་ཡིན་ཞིང་རང་བྱུང་ཁམས་ནས་སྐྱེ་རིགསspecies 物种གང་རུང་ཞིག་ལ་ཉེ་རིང་མེད་པས་ལེགས་ཉེས་ཀྱི་སྐོར་བརྗོད་ན་གོ་འཛོལ་ཡིན་པས་སྤངས། ཞིབ་རྙོག་ཆེ་བའི་complexity 复杂 རྟེན་ཅིང་འབྲེལ་བའི་གཟུགས་བཀོད་model 模型་དགོས་གལ་ཆེ་ལ་དེའི་འགྲེལ་བརྗོད་ལ་ཡང་བང་རིམ་ཡང་ངེས་ལྡན་ཡོད་དགོས་ཤིང་སྐྱེ་རིགས་གང་འདྲ་ཞིག་ཡིན་རུང་དེ་ནི་བརྒྱ་ཆ་བརྒྱའི་སྐྱོན་ཀུན་ཟད་perfection 完美ཡོང་ཐབས་མེད་པ་ནི་གཟུགས་ཕུང་དང་འཕོ་འགྱུར་གཉིས་ལ་རགས་ལུས། སྐྱེ་རིགས་ལ་གོ་སྐབས་ནི་གལ་ཆེ། དེ་ཡང་བསམ་ཡུལ་ལས་འདས་པའི་རང་བྱུང་གནོད་ཚེ་སྟེ་དེ་ཡང་འདས་པའི་དུས་འཁོར་ཁྲོད་ཀྱི་འཕོ་འགྱུར་གྱི་ཕྱོགས་བསྡུས་མཚོན་རྟགས་ཤིག་ཡིན་ལ་སྣོད་བཅུད་རྟེན་འབྲེལ་རིག་པ་ཤེས་པར་རྩིས་རིག་དངརྫས་རིག་དེ་བཞིན་དངོས་ཁམས་རིག་པ་ནི་འགངས་ཆེ་བའི་ལག་ཆ་ཡིན།