རིག་གསར་སྣོད་བཅུད་རྟེན་འབྲེལ་རིག་པའི་སྤྱི་ཁོག་གསལ་བའི་མེ་ལོང་། མིག་དབང་ནས།

70/545

ད་ནི་སྟུག་ཚད་density 密度ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ། དེ་ཡང་ས་རྒྱ་འམ་གཤོངས་ཚད་དེ་བཞིན་འཚོ་གསོན་ཡུལ་habitat 生境/栖息地གྱིས་སྡེ་ཚན་བྱས་པའི་ནང་དུ་ཐོན་པའི་ཁེར་གཟུགས་ཀྱི་གྲངས་ལ་སྟུག་ཚད་ཟེར། སྟུག་ཚད་ལ་འགྱུར་བ་ཆེན་པོ་ཡོད་དེ། ས་རྨིད་གྲུ་བཞི་གཅིག་གི་ནང་དུ་ཡོད་པའི་ས་རྒྱུའི་ཚིགས་ཅན་སྲོག་ཆགས་Arthropods 节肢动物ཀྱི་གྲངས་འབོར་ནས་སྤྱི་ལེ་གྲུ་བཞི་རེ་རེའི་ནང་གི་འོ་འཐུང་སྲོག་ཆགས་འབྲོང་ལྟ་བུའི་གྲངས་འབོར་གྱི་འགྱུར་བ་ལས་ཤེས། རིགས་ཚོགས་population 种群ཀྱི་སྟུག་ཚད་ལ་མངོན་དཔོག་བྱེད་པའི་ཐབས་ཤེས་དང་རང་བྱུང་འཚོ་གནས་ཁུལ་ག་གེ་མོའི་ནང་གི་ཁེར་གཟུགས་ཁ་གྲངས་ཀྱི་གྲངས་ལེན་གྱི་དཀའ་གནད་དང་འབྲེལ་བ་ཡོད། རྩི་ཤིང་འགའ་འམ་མངོན་བསལ་དོད་པོའི་སྲོག་ཆགས་སྟེ་འདབ་ཆགས་དང་ཕྱེ་མ་ལྷེབ་སོགས་ལ་སྤྱིའི་གྲངས་ལེན་གྱི་བརྟག་དཔྱད་ཐབས་དཔྱོད་དགོས། རིགས་ཚོགས་ཀྱི་སྟུག་ཚད་ལ་མངོན་དཔོག་བྱེད་དུས་བུ་དཔེའི་སsample 样方སྟུག་ཚད་ཀྱི་རྨང་གཞི་བྱེད་པ་དཔེར་ན། 0.1m2བ་དཔེའི་སའི་ཁྲོད་ཀྱི་beetles 甲虫གྲངས་ཚད་ལས་ཡུལ་ལུང་སྤྱིའི་རིགས་ཚོགས་ཀྱི་གྲངས་འབོར་ལ་རིག་འདེད་གཏོང་། འོན་ཏེ། འགའ་རེ་རྙེད་དཀའ་ལ་མངོན་བསལ་གང་ཡང་མེད་པའི་སྲོག་ཆགས་ཡིན་ཚེ། མངོན་མཐོང་བྱུང་བ་དེ་དག་ནི་རིགས་ཚོགས་སྤྱིའི་བྱེ་བྲག་ཅིག་ཡིན་ན། རིགས་ཚོགས་སྤྱིའི་གྲངས་ལེན་མི་ཐུབ་པས་ཚོད་དཔག་གི་ཐབས་ལ་ཁོ་ནར་བརྟེན་དགོས།

རིགས་ཚོགས་འགའ་ཤས་ལ་བུ་དཔེའི་ལག་རྩལ་ལེགས་ཤོས་དཔྱད་ཀྱང་ས་རྒྱ་ངེས་ཅན་ཞིག་ནང་དེའི་ཁ་གྲངས་ལ་མངོན་དཔོག་བྱེད་མི་ཐུབ། འོན་ཏེ་ལྟོས་བཅས་ཀྱི་སྟུག་ཚད་relative density 相对密度ཐོབ་པ་དཔེར་ན། ཆུ་ཚོད་རེ་རེས་སྡེ་ཚན་བྱས་པའི་རྙི་ཚུད་འབུ་སྲིན་ནམ་ཡང་ན་འོ་འཐུང་སྲོག་ཆགས་ཆུང་གྲས་ཀྱི་གྲངས་དེ་བཞིན་ཉ་འཛིན་བྱས་པའི་ཉ་གྲངས་ལྟ་བུའོ།

སྲོག་ཆགས་དུ་མའི་གཟུགས་ཕུང་ཆུང་ལ་གྲངས་འབོར་ཆེ་བའི་སྲོག་ཆགས་སྟེ། ཆུའི་མཁའ་ལ་འཕྱོ་བའི་སྲོག་ཆགས་plankton浮游动物སམ་སྒལ་ཚིགས་མེད་པའི་སྲོག་ཆགས་invertebrates 无脊椎动物དག་འཚོ་གསོན་གནས་ཀྱི་སྨྱན་རྒྱུའི་ཁྲོད་ནས་ཚགས་རྒྱབ་ཏེ་sifted out 筛选གྲངས་ལེན་དགོས། གྲངས་འབོར་ཆུང་ལ་འགུལ་སྐྱོད་ཀྱི་ནུས་སྟོབས་ཆེ་བའི་སྐྱེ་དངོས་ཤིག་ལ་ཡིན་ཅིག་གྲངས་་ལེན་སྐབས། གལ་ཏེ་སྐྱེ་དངོས་དག་མངོན་དཀོན་པ་ཡིན་ན་ཇི་ལྟར་བྱེད། དེ་ལྟ་བུར་འཛིན་བཟུང། རྟགས་རྒྱབ། ༼ཚོན་རྟགས:སྲོག་ཆགས་མི་གནོད་པའི་ཚོན་རྫས་མ་གཏོགས་དཔྱོད་མི་རུང་།༽གློད་དཀྲོལ། མཐར་སྐྱར་འཛིན་དུ་ཐོན་པའི་ཁེར་གཟུགས་གྲངས་ལས་རིགས་ཚོགས་ལ་མངོན་དཔོག་བྱེད།རྟགས་ཐེབས་པའི་སྲོག་ཆགས་རྣམས་གློད་དཀྲོལ་བཏང་རྗེས། སྣོད་བཅུད་ཉམས་ཞིབ་པ་ཚོས་གདོད་ཁྱུའི་ནང་རྟགས་ཐེབས་སྲོག་ཆགས་ཡོད་པ་རྟོགས། གལ་ཏེ་མུ་མཐུད་ནས་འཛིན་བཟུང་བྱེད་དུས་རྟགས་ཐེབས་པའི་ཁེར་གཟུགས་འགའ་རེ་སླར་ཡང་འཛིན་ངེས། འཛིན་བཟུང་ནི་ངེས་མེད་དམ་དམིགས་མེད་random 随机ཡིན་ན་འཛིན་བཟུང་བྱས་པའི་རྟགས་ཐེབས་ཁེར་གཟུགས་དང་རྟགས་མ་ཐེབས་པའི་ཁེར་གཟུགས་དབར་གྱི་སྡུར་བྲིན། རིགས་ཁྱུ་སྤྱིའི་ནང་གི་རྟགས་ཐེབས་ཁེར་གཟུགས་དང་རྟགས་མ་ཐེབས་པའི་ཁེརགཟུགས་དབར་གྱི་སྡུར་བྲིན་གཅིག་མཚུངས་ཡིན་པ་མ་ཟད་རྟགས་ལྡན། རྟགས་ཐེབས་པའི་ཁེར་གཟུགས་ཀྱི་སྤྱིའི་གྲངས་འབོར་ཤེས་པར་བརྟེན་གཤམ་གྱི་སྤྱི་བགྲོས་ལས་རིགས་ཚོགས་ཀྱི་སྤྱིའི་ཁེར་གཟུགས་གྲངས་ལ་མངོན་དཔོག་བྱེད།

འཛིན་བཟུང་བྱས་པའི་ཁེར་གཟུགས་ཁ་གྲངས།/སྐྱར་འཛིན་བྱས་པའི་ཁེར་གཟུགས་ཁ་གྲངསXཐོག་མའི་རྟགས་ཐེབས་ཁེར་གཟུགས་ཁ་གྲངས།=རིགས་ཚོགས་ཀྱི་སྤྱིའི་གྲངས་འབོར།

ཡིད་ཕམ་པ་ཞིག་ལ། དམིགས་མེད་འཛིན་བཟུང་གི་ཚན་རིག་མངོན་དཔོག་ག་དུས་ཡིན་རུང་དངོས་ཡོད་མིན་པས་སྲོག་ཆགས་ཤིག་འཛིན་བཟུང་ཐེངས་གཅིག་བྱས་རྗེས་འཛིན་སླ་རུ་འགྲོ་བ་འམ་ཡང་ན་དཀའ་བར་འགྱུར་གྱིན་ཡོད། ཡང་མ་དག་པའི་འཛིན་བཟུང་ལག་རྩལ་གྱིས་རྟགས་ཐེབས་སྲོག་ཆགས་ཀྱི་ཤི་ཚད་མཐོ་རུ་འགྲོ་བར་ཐེ་ཚོམ་མེད་མོད། དེངས་ཀྱི་ཆར་དམིགས་བསལ་གྱི་འཆར་འགོད་འོག་འཛིན་བཟུང་གི་ཐབས་ཤེས་དང་སྡོམ་རྩིས་དབྱེ་ཞིབ་ཀྱི་ཐབས་ཤེས་ལས་དཀའ་གནད་དེ་དག་སེལ་ཐུབ་ལ་ཆེས་ཆུང་བའི་རིགས་ཚོགས་ཀྱི་ཆེ་ཆུང་ལ་ངེས་པ་ལྡན་པའི་མངོན་དཔོག་ཐོབ།

རིགས་ཚོགས་ཀྱི་དཔྱད་གྲངས་དག་སྟུག་ཚད་ཀྱི་འགྱུར་བ་དང་བསྟུན་ཏེ་འགྱུར་བ་འགྲོ། འཚོ་གསོན་ཡུལ་དུ་འཚང་ཁ་ཚ་རུ་འགྲོབའི་དུས། འགྲན་རྩོད་དང་ཐོན་ཁུངས་དབུལ་བའི་རྐྱེན་གྱིས་ཤི་ཚད་མཐོ་རུ་འགྲོ་བ་དང་སྐྱེ་ཚད་དམའ་རུ་འགྲོ་སྲིད། སྐབས་རེ་སྟུག་ཚད་འགྱུར་བ་དང་སྐྱེ་ཚད་མཐོ་རུ་འགྲོ་ལ་ཤི་ཚད་ཉུང་དུ་འགྲོ་བའི་སྣང་ཚུལ་ཡང་ཐོན། དེ་ལྟ་བུའི་འགྱུར་ཚད་ཀྱི་འགྱུར་བ་ལ་སྟུག་ཚད་ཀྱི་ཚོད་འཛིན་བྱས་པའི་ངོ་བོ་ཉིད་density dependent 密度制约ཡིན། སྟུག་ཚད་དང་འགྱུར་བ་འབྲེལ་བ་མེད་པའི་སྐྱེ་ཚད་དང་ཤི་ཚད་ལ་སྟུག་ཚད་ཀྱི་ཚོད་འཛིན་མ་ཡིན་པའི་density independent 非密度制约ངོ་བོ་ཉིད་ཅེས་བརྗོད་པ་དཔེར་ན། བྱོལ་མེད་ལྟ་བུ། མགོ་གྲངས་གིས་སྡེ་ཚན་བྱས་པའི་ཁེར་གཟུགས་ཀྱི་སྐྱེ་ཚད་དང་ཤི་ཚད་ལ་སྟུག་ཚད་ཀྱི་ཚོད་འཛིན་བྱས་ན་གནས་ཚུལ་གཞན་རེད། དེ་མིན་ན་རིགས་ཚོགས་ཀྱི་གྲངས་འབོར་ལ་རྒྱུན་ཆད་མེད་པར་འཕེལ་འགྲོ་འི་ཡོད།

སྟུག་ཚད་མཐོན་པོའི་སྐབས། ཐོན་ཁུངས་ཚད་ཀྱི་ཚོད་འཛིན་ལས་སྟུག་ཚད་ཚོད་འཛིན་ལ་ལྡོག་ནུས་ཀྱི་ལན་ཐོན་ཞིང་། གལ་ཏེ་སྟུག་ཚད་དམའ་པོ་ཡིན་པའི་དུས་སུའང་། རིགས་ཚོགས་ཀྱི་འཕེལ་སྐྱེ་ཡང་ཆེ་ཤོས་མིན། རང་བྱུང་དགྲ་ལ་གཡོ་བྱོལ་ལམ་བཟའ་ཚད་ཕན་འབྲས་མཐོ་རུ་གཏོང་བའི་བྱ་སྤྱོད་ལས་ཚོགས་པའི་ཁྲོད་ཀྱི་ཁེར་གཟུགས་ལ་རྔོ་ཐོགས་པ་ཡང་། ཟླ་བོ་འཚོལ་རྙེད་བདེ་ལ་བརྒྱུད་སྤེལ་གྱི་གོ་སྐབས་མཐོར་འདེགས་སོགས་ལས་བཟང་ཕྱོགས་ཀྱི་སྟུག་ཚད་ཚོད་འཛིན་ལ་ཕྱོགས། དེ་འདྲ་སོང་ཙང་། རིགས་ཚོགས་ཀྱི་འཕེལ་སྐྱེ་ཆེ་ཤོས་ནི་འབྲིང་རིམ་སྟུག་ཚད་འོག་ཐོན་གྱི་ཡོད་པ་དེར་ཨ་ལི་རྩོལ་འབྲས་་Allee effect阿利效应ཞེས་བརྗོད།།

རིགས་ཚོགས་དུ་མའི་ཁྲོད། ཨ་ལིའི་རྩོལ་འབྲས་ཀྱིས་གལ་ཆེའི་ནུས་པ་ཐོན་པའི་འདོད་ཚུལ་འཛིན་མཁན་ཇི་མང་ཇི་མང་དུ་འགྲོ་འི་ཡོད། ཨ་ལིའི་རྩོལ་འབྲས་ཀྱིས་རིགས་ཚོགས་ཆུང་ངུའི་སྟོང་ཉེན་ཁྱད་ཆོས་ལ་ནན་བརྗོད་བྱེད་པས་སྲུང་སྐྱོང་རྔོན་རྒྱག་གི་བྱ་བཞག་ཁྲོད་ལག་བསྟར་བྱེད་ན། ཡང་དག་པའི་སྒོ་ནས་བཟང་ཕྱོགས་སྟུག་ཚད་ཀྱི་ཚོད་འཛིན་བྱེད་པའི་བརྒྱུད་རིམ་གྱི་ངོ་བོ་ལ་གོ་ཤེས་ལེགས་པོ་ལེན་རྒྱུ་འགངས་ཆེ།

ཁེར་གཟུགས་ཀྱིས་སྡེ་ཚན་བྱས་པའི་ཤི་ཚད་དང་སྐྱེ་ཚད་གྲངས་མཉམ་པའི་དུས། སྟུག་ཚད་ལ་འཕར་ཆག་མེད་པའི་སྣང་ཚུལ་འོག་གཞི་ནས་སྙོམ་སྒྲིག་རིགས་ཚོགས་ཀྱི་སྟུག་ཚད་ཐོན། གལ་ཏེ་སྐྱེ་འཕེལ་ལམ་ཤི་ཚད་ལ་སྟུག་ཚད་ཀྱིས་ཚོད་འཛིན་བྱས་ན། རིགས་ཚོགས་ཀྱི་སྟུག་ཚད་སྙོམ་སྒྲིག་གི་སར་སླེབས། གལ་ཏེ་སྐྱེ་འཕེལ་དང་ཤི་ཚད་ལ་སྟུག་ཚད་ཀྱིས་ཚོད་འཛིན་མ་བྱས་ན། རིགས་ཚོགས་ཀྱི་སྟུག་ཚད་ལ་གཡོ་འགུལ་ཐེབས་ནས་སྙོམ་སྒྲིག་གི་སར་མི་སླེབས། དོན་དངོས་ཐོག། ངེས་ལྡན་གྱི་སྟུག་ཚད་འོག། སྐྱེ་ཚད་དང་ཤི་ཚད་ཀྱི་གྲངས་དག་གཏན་འཇགས་ཀྱི་གྲངས་བྲིན་མིན་པ་ཡང་། ཁོར་ཡུག་གི་ཆ་རྐྱེན་ལ་འགྱུར་བ་ཕྱིན་པ་དང་སྦྲགས་སྐྱེ་ཤི་གཉིས་ལ་འགྱུར་བའི་ཁྱབ་ཁོངས་ཤིག་ཐོན།

སྙོམ་སྒྲིག་རིགས་ཚོགས་ཀྱི་སྟུག་ཚད་དང་ཁོར་ཡུག་གི་གཤོང་ཐེག་ཚད་Kདབར་མཚུངས་ན་སྟུག་ཚད་ཚོད་འཛིན་གྱིས་རིགས་ཚོགས་འཕེལ་སྐྱེའི་Sདབྱིབས་ཀྱི་འཁྱོག་ཐིགས་ལ་འགྲེལ་བརྗོད་བྱེད། སྟུག་ཚད་མཐོ་རུ་འགྲོ་བའི་སྐབས། སྐྱེ་ཤི་གཉིས་ལ་སྙོམ་སྒྲིག་བྱེད་ཅིང་།འཕེལ་སྐྱེ་ཉུང་དུ་འགྲོ་བས་རིགས་ཚོགས་ཀྱི་འཕེལ་སྐྱེ་དལ་དུ་སོང་ནས། སྙོམ་སྒྲིག་སྟུག་ཚད་དམ་ཁོར་ཡུག་གི་གཤོང་བསྡུའི་ཚད་ལ་སྙེགས།

ཁེར་གཟུགས་འཕེལ་བའི་ཐོག་མའི་སྟུག་ཚད་ཀྱིས་གཏན་འཁེལ་བའི་ཐོན་ཁུངས་ཀྱི་འགྲན་རྩོད་རྩོལ་འབྲས་ལ་གཞིགས་ཏེ་སྟུག་ཚད་ཚོད་འཛིན་ལ་དབྱེར་ན་གསུམ་ཏེ། གནད་འཁེལ་གསབ་པ་exactly compensating 准确补偿དང་མ་འདང་བའི་གསབ་པ།undercompensating 补偿不足དེ་བཞིན་ཚད་བརྒལ་གསབ་པ་overcompensating 过度补偿བཅས་གསུམ་དུ་དབྱེ།

ཐོག་མའི་སྟུག་ཚད་ལ་རྣོ་བསམ་མ་བཏང་བར་གནད་འཁེལ་གསབ་པའི་དུས། གསོན་གནས་ཁེར་གཟུགས་ཀྱི་གྲངས་ཚད་ལ་འགྱུར་བ་མེད་ན། སྟུག་ཚད་ཚོད་འཛིན་གྱི་བརྒྱུད་རིམ་གྱིས་གནད་འཁེལ་བའི་ཐོག་ཐོག་མའི་ཁེར་གཟུགས་ཁ་གྲངས་ལ་འགྱུར་བ་ཐོན་པའི་ཆ་དེ་གསབ། གལ་ཏེ་ཚད་བརྒལ་གསབ་ན། ཐོག་མའི་སྟུག་ཚད་འཕར་ཞིང་། ཁེར་གཟུགས་ཀྱི་གསོན་གནས་ཁ་གྲངས་མར་ཟགས། གལ་ཏེ་སྟུག་ཚད་ཚོད་འཛིན་ནི་མ་འདང་བའི་གསབ་པ་ཡིན་ན། ཐོག་མའི་སྟུག་ཚད་མཐོ་རུ་འགྲོ་སྐབས། གསོན་གནས་ཁེར་གཟུགས་ཀྱི་ཁ་གྲངས་འཕར། རྣམ་དབྱེ་དེ་དག་གི་སྟུག་ཚད་ཀྱི་འགྱུར་བ་ལ་གཞིགས་སྟེ་འགྱུར་ལྡོག་འགྲོ་འི་ཡོད་ན། སྟུག་ཚད་དམའ་བའི་འོག་སྟུག་ཚད་ཚོད་འཛིན་གྱི་ནུས་པ་ཆུང་ཆུང་ཡིན་སྲིད། གལ་ཏེ་སྟུག་ཚད་ཆེ་རུ་ཕྱིན་ན། སྟུག་ཚད་ཚོད་འཛིན་གྱི་ཐོག་མ་ནི་མ་འདང་བའི་གསབ་པ་དང་དེ་རྗེས་ཚད་བརྒལ་གསབ་པའི་སྣང་ཚུལ་དུ་འགྱུར། དངོས་དོན་རིགས་ཚོགས་དུ་མར་སྙོམ་སྒྲིག་གི་སར་དུས་ཚོད་རྒྱུན་བསྲིངས་མི་བྱེད་པར་གཡོ་འགུལ་དང་མཚམས་མི་ཆད་པར་འགྱུར་བ་འགྲོ་འི་ཡོད་པ་ཡང་། ཁོར་ཡུག་གི་འགྱུར་བའམ་ཟས་སུ་འཛིན་པ། མི་འདྲ་བའི་རིགས་ཚོགས་དབར་གྱི་འགྲན་རྩོད་སོགས་ཀྱི་ཤུགས་ལས་རིགས་ཚོགས་འཕེལ་སྐྱེའམ་ཉམས་སྐུམ་བྱེད་སྲིད།

རིགས་ཚོགས་ཀྱི་གཡོ་འགུལ་ནི་ཁོར་ཡུག་གཤོང་སྡུའི་ཚད་ཀྱི་གཡས་གཡོན་དུ་གཡོ་བ་ཡང་། ༡ དུས་འགོར་རམ་དུས་འགྱང་བྱས་པའི་སྟུག་ཚད་ཚོད་འཛིན་ཏེ། སྟུག་ཚད་ཀྱིའགྱུར་བ་དང་རིགས་ཚོགས་ཆེ་ཆུང་དབར་ཤུགས་རྐྱེན་ཐེབས། ༢ ཚད་བརྒལ་གསབ་པའི་སྟུག་ཚད་ཀྱིས་ཚོད་འཛིན་བྱེད། ༣ ཁོར་ཡུག་གི་དམིགས་མེད་འགྱུར་བ་སོགས་ཡོད།

ད་ནི་དུས་འགྱང་བྱས་པའི་སྟུག་ཚད་ཀྱི་ཚོད་འཛིན་བརྗོད་པར་བྱ་སྟེ། སྟུག་ཚད་ཀྱི་འགྱུར་བ་དང་། སྟུག་ཚད་ཀྱིས་སྐྱེ་ཤིའི་ཚད་གཉིས་པོར་ཤུགས་རྐྱེན་ཐེབས་པའི་དུས་འགོར་སྣང་ཚུལ་ཐོན། རིག་པའི་གཞུང་ལུགས་ཀྱི་རིགས་ཚོགས་ཁྲོད། རིགས་ཚོགས་ལ་སྟབས་བདེ་པོའི་ཐོག་གཡོ་འགུལ་ཐེབས། རིགས་ཚོགས་དག་ཁོར་ཡུག་གི་གཤོང་སྡུའི་ཚད་ལས་བརྒལ་སྐབས། དལ་ལྷོད་ལྡན་པའི་གཡོ་འགུལ་ཐོན་ཏེ་མཐར་གཏན་འཇགས་ཀྱི་སྙོམ་སྒྲིག་སྟུག་ཚད་ལ་སྙེགས།

གནས་ཚུལ་འགའ་རེའི་འོག་རེས་འཁོར་འདི་འདྲ་གནས་པ་དཔེར་ན་སུས་སིའི་Switzerland ནགས་ཁྲོད་དུ་འཚོ་གསོན་བྱེད་པའི་འབུ་སྲིན་larch bud moth ལྟ་བུ་ཡིན་ན། དཔྱིད་དུས་སུ་ལོ་ཟགས་ཐང་ཤིང་གི་འཚར་སྐྱེ་དང་བསྟུན་ཏེ་འབུ་སྲིན་དེའི་འབུ་ཕྲུག་ཐོན། འབུ་ཕྲུག་གི་རྔམ་ཟས་ཐང་ཤིང་གི་གཟུགས་ཁམས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་པ་ཡང་། ཚེར་ཁབ་ཀྱི་ཞེང་ཁ་ཆུང་དུ་འགྲོ་བ་ལས། ལོ་རྗེས་མའི་འབུ་ཕྲུག་གི་བཟའ་ཆའི་སྤུས་ཚད་སྡུག་ཏུ་འགྲོ། སྟུག་ཚད་མཐོ་བའི་འབུ་ཕྲུག་གིས་ལོ་རྗེས་མའི་ཐང་ཤིང་གི་སྤུས་ཚད་ཉམས་ན་འབུ་སྲིན་དེའི་རིགས་ཚོགས་གྲངས་ཉུང་དུ་འགྲོ། སྟུག་ཚད་དམའ་བའི་འབུ་ཕྲུག་གྲངས་འབོར་ཡིས་ཐང་ཤིང་ལ་སྐྱར་གསོ་ཡོང་། མདོར་ན་བཟའ་ཆའི་སྤུས་ཚད་ཇེ་ཡག་དང་བསྟུན་ཏེ་འབུ་ཕྲུག་གི་གྲངས་འབོར་འཕེལ་ཀྱིན་ཡོད།

དེ་ལྟ་བུའི་འགོར་འགྱང་གི་སྟུག་ཚད་ཚོད་འཛིན་གཅན་ཟན་དང་རི་དྭགས་དབར་ཡང་ཐོན་པའི་དམིགས་བསལ་དཔེ་སྟེ། ཁ་ན་ཏྲའི་གཡི་(Lynx canadensis)加拿大猞猁དག་ཨ་མི་རི་གྷའི་རི་བོང་(Lepus americannus)美洲兔གི་དབར་རེས་འཁོར་དེ་ཡིན། དམར་དཔེ་དེའི་ནང་གཡི་གྲངས་འབོར་ཆེན་པོས་རི་བོང་རིགས་ཚོགས་ཀྱི་གྲངས་འབོར་ལ་ཚོད་འཛིན་བྱེད། སྣང་ཚུལ་དེ་ལོ་འགའི་རྗེས་སུ་གཡི་གྲངས་ཉུང་དུ་ཕྱིན་རྗེས་རི་བོང་གི་གྲངས་འཕེལ་འགྲོ་འི་ཡོད་ན་ལོ་བཅུའི་རེས་འཁོར་ཐོན།

ཡིནའང་།larch bud moth འདྲ་བར་ཨ་མི་རི་གྷའི་རི་བོང་གིས་ཟ་བར་བྱེད་པའི་རྩྭ་དང་རྩི་ཤིང་གིས་ཀྱང་རེས་འཁོར་དེར་ཤུགས་རྐྱེན་ཐེབས། རི་བོང་གི་ཁ་གྲངས་འཕར་སྐབས། རྩི་ཤིང་གི་ལོ་མའི་ཕུང་གྲུབ་ཀྱི་སྤུས་ཚད་དེ་མུར་སྐྱོ་རུ་འགྲོ་བས་རི་བོང་གི་རང་བྱུང་སྐྱེ་འཕེལ་གྱི་ནུས་པ་ཉམས། རི་བོང་དང་གཡིའི་རིགས་ཚོགས་ཀྱི་རེས་འཁོར་ནི་རྩི་ཤིང་། གཡི། རི་བོང་གསུམ་པོའི་དབར་གྱི་ཕན་ཚུན་ལྟོས་འབྲེལ་གྱི་ནུས་པའི་འབྲས་བུ་ཡིན།

ཚད་བརྒལ་རང་བཞིན་གྱི་སྟུག་ཚད་ཚོད་འཛིན། ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་སྟུག་ཚད་ཚོད་འཛིན་དེ་ལྷིང་འཇགས་སུ་འགྱུར། གལ་ཏེ་ཚད་བརྒལ་རང་བཞིན་གྱི་སྟུག་ཚད་ཚོད་འཛིན་མེད་ན། རིགས་ཚོགས་དག་ལྷོད་གཏན་ངང་ནས་ཁོར་ཡུག་གི་གཤོང་སྡུའི་ཚད་དུ་སླེབས་པས་ཆོད་གཡོ་མི་ཐོན། གལ་ཏེ་སྟུག་ཚད་ཚོད་འཛིན་ཚད་ལས་བརྒལ་སྐབས། ཆོད་གཡོ་འམ་གཡོ་རླབས་ཆུང་དུ་སོང་བས་རིགས་ཚོགས་ཀྱི་རེས་འཁོར་ཡང་དེ་མུར་ཐོན། བརྟན་གནས་མཚམས་ལོང་stable limit cycle 稳定极限环དེ་དག་གི་ལོང་སོ་སོར་གཏན་འཇགས་ཀྱི་དུས་ཚོད་བར་མཚམས་ལྡན་ན་གཡོ་རླབས་དུས་དང་བསྟུན་ཏེ་ཉམས་ཀྱི་མེད། སྐྱེ་འཕེལ་མཐོ་བའི་མཐའ་ལྷུང་གི་ཚད་བརྒལ་གསབ་ཚེ། རབ་རིབ་བམ་ཟང་ངེ་ཟིང་ངེའི་གཡོ་རླབས་chaotic fluctuation 混沌波动བྱེད། དེའི་དུས་གཏན་གནས་ཀྱི་མཚམས་ཚིགས་མེད་ལ་གཡོ་རླབས་ཀྱང་དེ་བས་མེད། རབ་རིབ་ཀྱི་གཡོ་རླབས་དེ་བཞིན་དམིགས་མེད་དང་འདྲ་ཡང་། དོན་དངོས་ཐོག་གཏན་འཁེལ་བའི་རྐྱེན་གྱིས་ཚོད་འཛིན་བྱེད་ན། དེའི་ཐོན་སྟངས་ལ་མངོན་དཔོག་བྱེད་ཐུབ།Chaotic dynamics appears to be random but is actually deterministic in that its occurrence can be predicted.

ཁོར་ཡུག་གི་དམིགས་མེད་འགྱུར་བ། Environmental stochasticity 环境的随机变化 གནམ་གཤིས་ལ་འགྱུར་བ་འགྲོ་བ་ལྟར་ཁོར་ཡུག་གི་ཆ་རྐྱེན་ལའང་འགྱུར་བ་འགྲོ་འི་ཡོད་ལ། དེ་དང་བསྟུན་ནས་ཁོར་ཡུག་གི་གཤོང་སྡུའི་ཚད་ལའང་འགྱུར་བ་འགྲོ་འི་ཡོད།དེ་འདྲ་སོང་ཙང་། དངོས་ཡོད་ཀྱི་རིགས་ཚོགས་དུ་མའི་གྲངས་འབོར་དང་ལོ་སོ་སོའི་དབར་ལྟོས་འབྲེལ་ཡིན་པས་གྲངས་འབོར་གཡོ་རླབས་ལ་མངོན་དཔོག་བྱེད་མི་ཐུབ་པའི་སྣང་ཚུལ་ཐོན། རིགས་ཚོགས་དེ་དག་ཁོར་ཡུག་གི་དམིགས་མེད་འགྱུར་བ་བརྒྱུད་ཅིང་། ཁོར་ཡུག་གི་སྙོམ་སྒྲིག་བྱེད་ན་རིགས་ཚོགས་ལ་མངོན་དཔོག་བྱེད་མི་ཐུབ་པའི་ཁར་དེ་ནི་གཏན་འཁེལ་བའི་སྟུག་ཚད་ཚོད་འཛིན་གྱི་བརྒྱུད་རིམ་ཞིག་ཡིན།ཁོར་ཡུག་གི་འགྱུར་བ་ལ་བཟོད་འཕྲོད་ཆེ་བའི་ཚེ་ཡུན་རིང་བའི་སྐྱེ་དངོས་ཆེ་གྲས་དང་སྡུར་ན། ཚེ་ཡུན་ཐུང་བའི་སྐྱེ་དངོས་ཆུང་གྲས་ཀྱི་གྲངས་འབོར་ལ་འགྱུར་བ་ཧ་ཅང་ཆེ། ཆུ་སྔོ་རིགས་ནི་ཆུང་ལ་ཚེ་ཡུན་ཐུང་ཞིང་སྐྱེ་འཕེལ་མགྱོགས་པས་ཁོར་ཡུག་གི་འགྱུར་བ་ལ་ཚོར་བ་རྣོ། ཆུ་སྔོ་རིགས་ཀྱི་རིགས་ཚོགས་གཡོ་རླབས་གཙོ་བོ་་ནི་དྲོད་ཚད་ཀྱི་འགྱུར་བ་དང་དེ་མིན་གྱི་འཚོ་བཅུད་དངོས་པོའི་རགས་ཐོབ་ཀྱི་ངོ་བོའི་འགྱུར་བས་ཐག་གཅོད།

རབ་རིབ་Chaos 混沌གཡོ་རླབས་ནི་སྣོད་བཅུད་རྟེན་འབྲེལ་རིག་པའི་གཏིང་ཟབ་པའི་གཞུང་ལུགས་ཀྱི་ཁོངས་ཡིན་མོད། དེའི་ནང་དོན་ལ་དེང་དུས་རྩིས་རིག་གཞུང་ཆེན་ལ་བརྟེན་དགོས་པས་སྤྱི་ཁོག་རགས་བཤད་ཀྱི་སྐབས་སུ་ཅུང་བརྗོད་འདོད་ཀྱང་མ་ཤེས་པས་མ་སྤངས་ཐབས་མེད་ལགས།

ད་ནི་འགྲན་རྩོད་ཀྱི་ངོ་བོའི་སྐོར་བརྗོད་པ་བྱ་སྟེ། དེ་ཡང་སྣོད་བཅུད་ཁྲོད། ཁེར་གཟུགས་སམ་སྐྱེ་རིགས་དབར་གྱི་ལྟོས་འབྲེལ་ནུས་པ་དང་ངོ་བོར་རྣམ་པར་དབྱེ་ན། སྐྱེ་རིགས་དབར་གྱི་ལྟོས་འབྲེལ་ནུས་པའི་འགག་རྩར་དབྱེ་ན་འགྲན་རྩོད་Competition 竞争དང་བཟས་འཛིན་predation 捕食དང་གཞན་རྟེན་Parasitism 寄生དེ་བཞིན་གཉིས་སྨན་ལྷན་འཚོ་Mutualism 互利共生བཅས་བཞིར་དབྱེ། འོན་ཏང་སྐྱེ་རིགས་ནང་འཕྲད་ཀྱི་ལྟོས་འབྲེལ་ནུས་པ་ནི་འགྲན་རྩོད། ནང་ཁུལ་གསོད་རེས།Cannibalism 自相残杀གཞན་ཕནAltruism 利他主义བཅས་ལ་བགར། འདྲ་བའི་གཞན་རྟེན་Parasitoidism 拟寄生ནི་གཞན་རྟེན་གྱི་རྣམ་པ་གཞན་ཞིག་ཡིན་གཤིས། དེར་སྐྱར་ཟློསགཞན་རྟེན་Hyperparasitism 重寄生ཟེར་ལ་འབུ་སྲིན༼འདྲ་བའི་གཞན་རྟེན་གྱི་སྦྲང་རིགས་སྲིནwasps and flies ༽་གྱི་རིགས་སུ་སྣང་ཚུལ་དེ་ཐོན། དེ་དག་གིས་གཞན་རྟེན་བྱེད་གཟུགས་སུ་གཞན་རྟེན་བྱེད་པའམ་སྒོ་ང་གཏོང་བས་རྒྱུན་དུ་གཞན་རྟེན་བྱེད་ཡུལ་དེ་ལྔ་ལམ་དུ་སྐྱེལ། སྐབས་འགར་རིགས་མི་འདྲ་བའི་དབར་ལྟོས་འབྲེལ་ནུས་པ་ཐོན་སྐབས། རིགས་གཞན་དེར་ཤུགས་རྐྱེན་མི་ཐོན་ཀྱང་། རིགས་གཞན་ཞིག་ལ་ཕན་འབྲས་ཐོན་ན་གཅིག་སྨན་ལྷན་འཚོ་Commensualism 偏利共生འམ་ལྡོག་ནུས་ཐོན་པར་གཅིག་གནོད་ལྷན་འཚོ་Amensualism 偏害共生ཟེར།

འགྲན་རྩོད་ནི་ཚད་ཡོད་ཐོན་ཁུངས་༼བཟའ་ཆ། གོ་ཡུལ་སོགས།༽ལ་འཛད་སྤྱོད་བྱེད་བཞིན་པའི་ཁེར་གཟུགས་དབར་གྱི་ལྟོས་འབྲེལ་ནུས་པ་དེ་ཡིན་གཤིས། འགྲན་རྩོད་ལས་ཁེར་གཟུགས་དབར་གྱི་འོས་འཕྲོད་fitness适合度ཉམས་ཀྱི་ཡོད་ལ་འགྲན་རྩོད་ཐོན་ས་ནི་ཐུན་མོང་གི་ཐོན་ཁུངས་དཔྱོད་པའི་སྐྱེ་རིགས་དབར་དང་ཡང་ན་ཁོངས་རིགས་གཅིག་གི་ནང་དུ་ཐོན།

ཁེར་གཟུགས་སམ་སྐྱེ་རིགས་ཀྱི་སྣོད་བཅུད་གའུNiche 生态位འམ་གནས་ས་༼འཚོ་གསོན་སའི་ཆ་རྐྱེན། སྤྱོད་བཞིན་པའི་ཐོནཁུངས། ཁོར་ཡུག་དེའི་ནང་སྐྱེ་རིགས་དེ་ཐོན་པའི་དུས་ཚོད༽ནི་ཁེར་གཟུགས་སམ་སྐྱེ་རིགས་དབར་དུ་ཐོན་པའི་འགྲན་རྩོད་ཀྱི་འགག་གནད་ཡིན་ན། འགྲན་རྩོད་ཆེ་ན་སྣོད་བཅུད་ཀྱི་བསྣོལ་ཤུགས་niche overlap 生态重叠ཆེ་རུ་འགྲོ།