ཕོ་མོ་འདྲ་མཉམ་ལ་ལན་གསལ་པོ་འདེབས་ཕོད་དེ་སུ་རེད། ཁེར་འགྲོ།

13/545

ཕོ་མོ་འདྲ་མཉམ་ལ་ལན་གསལ་པོ་འདེབས་ཕོད་དེ་སུ་རེད།

ཁེར་འགྲོ།


ཕོ་མོ་འདྲ་མཉམ་ལ་ལན་གསལ་པོ་འདེབས་ཕོད་མཁན་གྱི་མཛངས་མ་དེ་སུ་རེད། གནས་ཚུལ་དེ་གླེང་དུས། ངའི་ཡིད་དུ་ཧི་ལ་རི་(Hillary希拉里)ཞེས་པའི་མིང་ཞིག་དྲན་བྱུང་།

ཧི་ལ་རི་ནི་1947ལོའི་ཟླ་10ཚེས་26ཉིན་འཁྲུངས་པ་དང་། ཁོང་ནི་སྐབས་67ཨ་རིའི་རྒྱལ་དོན་བློན་ཆེན་དང་། རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་མི། ཨ་རིའི་གྲགས་ཅན་གྱི་ཁྲིམས་རྩོད་པ། སྐབས་42སྲིད་འཛིན་ཁ་ལིན་ཊོན་གྱི་སྐུ་ཟླ་བཅས་རེད།

1965ལོར་སློབ་གླིང་འགྲིམ་ནས་ཆབ་སྲིད་རིག་པ་སློབ་གཉེར་གནང་བ་དང་། ཁོང་ནི་སློབ་གླིང་དེའི་སློབ་ཐོན་མཛད་སྒོའི་སྟེང་གཏམ་བཤད་གནང་མཁན་གྱི་སློབ་མ་ཐོག་མར་གྱུར་ལ། ཁོང་གི་རྩོད་གཞི་ཆེ་བའི་གཏམ་བཤད་ལ་རྒྱལ་ཡོངས་ཀྱིས་དོ་སྣང་སླེབས།

1969ལོར་ཁོང་ཡ་ལེ་སློབ་ཆེན་ཁྲིམས་རིག་སློབ་གླིང་དུ་སློབ་གཉེར་མཛད། 1973ལོར་ཁྲིམས་རིག་གི་འབུམ་རམས་པའི་སློབ་གནས་ཐོབ་ལ། སློབ་གཉེར་བྱེད་རིང་ཁོང་དང་རྗེས་སུ་སྲིད་འཛིན་དུ་གྱུར་བའི་ཁ་ལོན་ཊོན་ངོ་ཤེས་བྱུང་ནས་དགའ་བརྩེའི་གཟུང་ཐག་གཅིག་ཏུ་སྦྲེལ། ལོ་དེ་རང་དུ་ཧི་ལ་རི་ཡ་ལེ་ཁྲིམས་རིག་སློབ་གླིང་ནས་སློབ་མཐར་སོང་རྗེས། ཁྲིམས་རྩོད་པའི་འགྲོ་ལམ་ཐོག་བློ་སྟོབས་ཆེན་པོས་བསྐྱོད། རྗེས་སུ་ཁོང་ཨར་ཁན་ས་མངའ་སྡེར་སྤོས་ནས་རྒྱལ་ཚོགས་ཀྱི་ཆུ་སྒོ་གྱོད་གཞིའི་ནག་ཉེས་འཐེར་འདོན་བརྟག་དཔྱད་ཚོགས་ཆུང་ནང་འཛུལ།

1975ལོའི་ཟླ་10པར་ཁ་ལིན་ཊོན་དང་ཁྲུང་ས་སྐྱོན་རྗེས། ཨ་རིའི་གྲགས་ཆེན་གྱི་རོ་སེ་ཁྲིམས་རྩོད་པའི་ལས་དོན་ཁང་ལ་ཕྱག་ལས་གནང་ཞིང་། ཐེངས་གཉིས་ཙམ་ཨ་རི་ཡོངས་ཀྱི་ཕུལ་བྱུང་ཁྲིམས་རྩོད་པ་བརྒྱའི་ནང་དུ་བདམས།

1993ལོར་ཁ་ལོན་ཊོན་སྲིད་འཛིན་དུ་བདམས་ཐོན་བྱུང་རྗེས། ཕོ་བྲང་དཀར་པོར་བཞུགས་པ་དང། ཧི་ལ་རི་ཡང་ཨ་རིའི་ལོ་རྒྱུས་ཐོག་སྦྱངས་རབས་མཐོ་ཤོས་ཀྱི་ལྕམ་དང་པོ་རུ་གྱུར། ལོ་8ཀྱི་ཕོ་བྲང་དཀར་པོའི་འཚོ་བའི་ནང་དུ་ཧི་ལ་རིས་ཧུར་བརྩོན་ཆེན་པོས་སྲིད་དོན་ནང་བཞུགས་ནས་རྒྱལ་ཁབ་ཀྱི་སྨན་བཅོས་ཁམས་སྲུང་བསྒྱུར་བཅོས་ཀྱི་་་་འགན་འཁུར་ཏེ་རྒྱལ་ཁབ་བྱིས་པའི་བདེ་ཐང་ཁག་ཐེག་ལ་རྒྱལ་ཚོགས་ཀྱིས་གྲོས་འཆམ་ཡོང་བར་སྐུལ་མ་བཏང་བ་རེད།

2000ལོའི་ཟླ་2པར། ཕོ་བྲང་དཀར་པོ་དང་ཁ་བྲལ་མེད་པའི་ཧི་ལ་རིས་ཉིའུ་ཡོག་མངའ་སྡེའི་གྲོས་མིའི་འདེམས་བསྐོར་ཞུགས་རྒྱུའི་ཁྱབ་བསྒྲགས་གནང་ལ། ཨ་རིའི་ལོ་རྒྱུས་ཐོག་གཞུང་གི་ལས་འགན་འཚོལ་སྙེག་བྱེད་མཁན་གྱི་ལྕམ་དང་པོ་ཐོག་མར་གྱུར་བ་་དང་། ལོ་དེ་རང་གི་ཟླ་11ཚེས་7ཉིན་ཁོང་རྒྱལ་ཚོགས་ཀྱི་གྲོས་མིར་འདེམས་བསྐོ་གནང་།

2008ལོར་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་འོས་མིར་ཞུགས། མ་གཞི་སྐབས་དེར་ཁོང་ཕམ་ཉེས་ལན་གཅིག་བྱུང་རུང་། ཁོང་གིས་རང་ཉིད་ཕྱིར་འཐེན་བྱེད་པའི་གཏམ་བཤད་གནང་སྐབས། “ཨོ་བྷ་མས་རིགས་རྒྱུད་འདྲ་མཉམ་ལ་དྲི་ལན་གསལ་པོ་ཞིག་བཏབ་ཟིན་པ་རེད་ལ། ཁོ་མོས་ཕོ་མོ་འདྲ་མཉམ་ལ་དྲི་ལན་ཡང་དག་ཅིག་བཏབ་ཡོད་”ཅེས་སྤོབས་པ་མཐོན་པོས་གསུངས།

དེ་ལྟར་འཛམ་གླིང་གིི་མིག་མདའ་ཕོ་བྲང་དཀར་པོར་རུབ་པའི་སྐབས་སུ། ཧི་ལ་རིས་ཞུམ་པ་གཏན་ནས་མེད་པར་འཛམ་གླིང་གི་ཆབ་སྲིད་གར་སྟེགས་སུ་དེངས་སོང་། ཁོང་ནི་སྤྲོ་སེམས་འཁོལ་པོས་དབང་ཆ་བརྩོན་ལེན་བྱེད་པའི་བུད་མེད་ཅིག་རེད་ལ། ཁོང་གིས་འབད་བརྩོན་གནང་ནས་རང་ཉིད་ཀྱི་ཤེས་འཇོན་འགྲོ་བ་མིའི་མིག་གི་རྒྱན་དུ་སྟོར་བཞིན་་་་ཡོད། ཁོང་ལ་ཡོན་ཏན་དང་རྣམ་དཔྱོད་ཀྱིས་བརྒྱན་ཡོད་དེ། ཐབས་ཤེས་དང་། བློ་རིག སྒེར་ཚུགས། སྡུག་རུས། བཟོད་སྒོམ། སྒེར་གྱི་འགུག་ཤུགས་བཅས་ཚང་མ་ཡོད། ཆབ་སྲིད་མཁས་ཅན་གྱི་མཐུན་སྦྱོར་རང་བཞིན་དང་། ཁྲིམས་རྩོད་པའི་གཏན་ཚིགས་རང་བཞིན་མཉམ་དུ་སྦྲེལ་བས། སྒམ་བརླིང་དང་། བརྗིད་ཉམས། མཛེས་སྡུག་བཅས་ལྡན་པའི་བུད་མེད་འདིའི་གཟི་འོད་ཕྱོགས་བཅུར་ཁྱབ་སོང་ལ། འཛམ་གླིང་ཡོངས་ཀྱི་བུད་མེད་ལ་རང་རྟོན་དང་སྤོབས་པ་སྩོལ་གྱིན་འདུག

འབྲེལ་ཡོད་ཀྱི་གནས་ཚུལ་སྤེལ་བ་ལྟར་ན། ཧི་ལ་རིར་ཡིད་སྨོན་བྱེད་པའི་འཕྲིན་ཡིག་གིས་གནམ་ས་ཁེངས་ཡོད་ཟེར། ཀུན་ལྡན་འཐེན་ཤུགས་ལྟ་བུའི་འགུག་ཤུགས་དེ་འདྲ་ནི་ཁོང་གི་ཕུལ་དུ་བྱུང་བའི་མཁྱེན་རྒྱ་དང་རྒྱ་མཚོ་ལྟར་ཆེ་བའི་ཁོག་ཡངས་ལས་བྱུང་ཞིང་་་་་ཁོང་གི་ཆབ་སྲིད་ཀྱི་དྲན་པ་སྐྱེན་ལ་ལས་དོན་སྒྲུབ་པར་འཛེམས་བག་གཏན་ནས་མེད། བྱ་གཞག་གི་གྲུབ་འབྲས་གཡུར་དུ་ཟ་ཡང་། ཁོང་ནི་“ཉལ་ཁྲིའི་ཐོག་ནས་གསོ་སྐྱོང་གནང་བའི་ཕུལ་བྱུང་གི་བུད་མེེད་དབུ་ཁྲིད་”དེ་འདྲ་གཏན་ནས་མིན་པར། བྱ་གཞག་སྒྲུབ་ཕོད་ཅིང་ཁྱིམ་ཚང་སྐྱོང་ཤེས་པའི་དོན་དམ་གྱི་མཛངས་མ་ཞིག་རེད། ང་ཚོས་ཧི་ལ་ལི་ལ་རྒྱུས་མངའ་ཞིག་བྱ་དགོས་སྙམ་ན། ཁོང་གི་སྐུ་ཟླ་ཁ་ལིན་ཊོན་མི་གླེང་རང་གླེང་རེད་ལ། ཁ་ལིན་ཊོན་ནི་ཨ་རིའི་སྐབས་42སྲིད་འཛིན་རེད།

ཨ་རིའི་རྒྱལ་ཡོངས་ཁྱོན་ན་གཏམ་རྒྱུད་འདི་འདྲ་ཞིག་ཡོད་དེ། ཉིན་ཞིག་ཁ་ལིན་ཊོན་དང་ལྕམ་ཧི་ལ་ལི་རླངས་འཁོར་ལ་སྣུམ་སྣོན་པར་སོང་། ཏག་ཏག་སྐབས་དེའི་སྣུམ་སྣོན་མཁན་ནི་ཧི་ལ་རིའི་སྔོན་མའི་དགའ་རོགས་ཡིན་པ་ཁ་ལིན་ཊོན་གྱིས་མཁྱེན་རྟོགས་བྱུང་་་་བས། ཁ་ལོན་ཊོན་གྱིས་“གལ་སྲིད་ཁྱེད་རང་ཁོང་གི་དགའ་རོགས་གནང་ཡོད་ན། ད་ལྟ་ཁྱེད་རང་སྲིད་འཛིན་གྱི་ལྕམ་མིན་པར། སྣུམ་སྣོན་མཁན་གྱི་བཟའ་ཟླ་རེད་”ཅེས་ཀུ་རེའི་ཚུལ་དུ་གསུངས། དེ་ན་ཧི་ལ་རིས་ཞལ་ཁྱིམ་འཛུམ་གྱིས་གང་ནས་“གལ་སྲིད་ངའི་ཁྱོ་ ག་ཁོང་ཡིན་ན། དེ་རིང་གི་ཨ་རིའི་སྲིད་འཛིན་དེ་ཁྱེད་རང་མིན་པར། ཁོང་རེད་”ཅེས་ རང་རྟོན་ཆེན་པོས་ལན་བཏབ་ལ། ཁ་ལིན་ཊོན་གྱིས་རང་ཉིད་ལེགས་གྲུབ་བྱུང་བའི་བརྒྱུད་རིམ་དྲན་གསོ་གནང་སྐབས་འདི་ལྟར་གསུངས་ཡོད་དེ། “གལ་སྲིད་ཧི་ལ་རིའི་མཐའ་གཅིག་གི་རྒྱབ་སྐྱོར་མེད་ན། ང་ལ་དེ་རིང་གི་གྲུབ་འབྲས་ཀྱི་ཕྱེད་ཀ་ཙམ་ཡང་ཡོད་མི་སྲིད་”ཟེར།

ཨ་རིའི་སྲིད་འཛིན་ཁ་ལིན་ཊོན་གླེང་དུས། མི་རྣམས་ཀྱིས་ཁོང་གིས་སྲིད་འཛིན་གྱི་འགན་འཁུར་རིང་ཨ་རིའི་དཔལ་འབྱོར་ལོ་8བསྟུད་མར་དར་རྒྱས་གོང་འཕེལ་ལམ་དུ་འཁྲིད་པ་ཕུད། ད་དུང་རྟག་ཏུ་གླེང་འདོད་པ་ནི་ཁོང་གི་གླེང་རྙོག་རེད། ཡོན་ཏན་ཡོད་ཀྱང་གུས་ལུགས་མེད་པའི་ཁ་ལིན་ཊོན་གླེང་རྙོག་དེས་རྐྱེན་པས་ཏོག་ཙམ་མ་གཏོགས་ཨ་རིའི་་ལོ་རྒྱུས་ཐོག་ནག་ཉེས་ཐེར་འདོན་བྱས་པའི་སྲིད་འཛིན་གཉིས་པར་གྱུར།

གནས་ཚུལ་དེའི་ནང་དུ་ཁ་ལིན་ཊོན་དང་ལི་ཝིན་སེ་ཁི་ཞེས་པའི་མིང་འདི་དམ་པོར་འཁྱུད་ཡོད་དེ། ལི་ཝེ་སེ་ཁི་ནི་ཕོ་བྲང་དཀར་པོར་དངོས་སྦྱོང་ལ་ཡོང་བའི་སློབ་མ་ཞིག་རེད་ལ། 1990ལོར་ཕོ་བྲང་དཀར་པོའི་འཇོང་དབྱིབས་ཀྱི་གཞུང་ལས་ཁང་ནང་དུ་ཁ་ལིན་ཊོན་དང་འགབ་མཐུན་བྱས་པས། དེ་ནི་འཛམ་གླིང་མི་དམངས་ཀྱིས་རྒྱུས་མངའ་ཆེན་པོ་ཡོད་པའི་མིང་ཞིག་ཏུ་གྱུར་ལ། རྗེས་སུ་མིང་དེ་ནི་“ཁ་གཡེམ་”གྱི་མཚོན་དོན་དུ་གྱུར།

ཁ་ལིན་ཊོན་གྱིས་ཐོག་མར་ལི་ཝིན་སེ་ཁི་དང་ཚུལ་མིན་གྱི་འབྲེལ་བ་ཡོད་པ་ཁས་ལེན་མི་བྱེད་དེ། མནའ་བསྐྱལ་ནས་རང་ཉིད་དང་ལི་ཝེ་སེ་ཁི་བར་ཚུལ་མིན་གྱི་འབྲེལ་བ་མེད་པའི་ཁྲོམ་བསྒྲགས་གནང་བ་མ་ཟད། བཟའ་ཟླ་ཧི་ལ་རིར་ཡང་རང་ཉིད་དང་ལི་ཝིན་སེ་ཁི་ནི་སྤྱིར་བཏང་གི་གྲོགས་པོའི་འབྲེལ་བ་ཡིན། ལི་ཝིན་སེ་ཁིས་རང་ལ་ལས་ཀ་འཚོལ་རོགས་ཞེས་རེ་བ་འདོན་གྱི་འདུག་ལ། ཁོ་ཚོ་ཐེངས་གཅིག་གཉིས་ལས་ཐུག་མ་མྱོང་ཞེས་བཤད། ཧི་ལ་རིས་ཀྱང་ལི་ཝིན་སེ་ཁི་གླེང་རྙོག་ནི་ཕྱོགས་འགལ་ཤོག་ཁག་གིས་དཀྲོག་གཏམ་བཟོས་པ་རེད་སྙམ་བཞིན་ཡོད་པ་མ་ཟད། ཐབས་འདྲ་མིན་གྱི་ཐོག་ནས་རང་གི་ཁྱོ་བོའི་མཚན་སྙན་ལ་སྲུང་སྐྱོབ་གནང་།

1998ལོའི་ཟླ་8ཚེས་15ཉིན་གྱི་ཞོགས་པ། ཁ་ལིན་ཊོན་གྱིས་ཁོང་གཉིད་ལས་སད་ནས་གནས་ཚུལ་དངོས་ཐོག་མར་ཁོང་ལ་གསལ་པོར་བཤད་པས། ཧི་ལ་རིའི་སེམས་ན་སྨུག་ནག་ལང་ལིང་དུ་འཁྲིགས་ཤིང་སྙིང་ཁ་དུམ་བུར་བཤགས་པ་ལྟ་བུའི་སེམས་སྡུག་གིས་མནར་ལ། སྐད་ཤུགས་ཆེན་པོས་ངུ་ཞིང་རང་གིས་ང་ལ་མགོ་སྐོར་གཏོང་དོན་གང་ཡིན་ཞེས་དྲིས། ཁ་ལིན་ཊོན་ཀྲོང་ངེར་ལངས་ནས་“དགོངས་པ་མ་ཚོམས། དགོངས་པ་མ་ཚོམས། ངས་ཁྱེད་དང་ཆེལ་སེ་ལ་སྲུང་སྐྱོབ་བྱ་ཆེད་ཡིན་”ཞེས་ཡང་ཡང་བཤད།

སྐབས་དེ་དུས། རང་གིས་ཡིད་ཆེས་ཆེ་ཤོས་གནང་སའི་མིས་རང་ཉིད་ལ་མགོ་སྐོར་བཏང་བ་དང་། ལྷག་པར་དུ་བཟའ་ཚང་གི་ངོས་ནས་བརྗོད་ན། ལྐོག་ཏུ་གཞན་དང་འགབ་མཐུན་བྱས་པ་ལས་ལྕི་བའི་ནག་ཉེས་ཤིག་སྲིད་འདིར་མེད་པས། ཧི་ལ་ལིའི་སེམས་པ་ཕྲ་མོར་བཟོད་དཀའ་བའི་རྨ་ཁ་བཟོས་ཤིང་། ཁོར་ཡུག་ཧྲིལ་པོས་སྟོང་ལྷང་ལྷང་དང་། གྲང་ཅང་ཅང་གི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་སྟེར།

ཕྱི་རོལ་དུ་སྒྲ་པར་སྤྱིན་ཐག་དང་ལི་ཝི་སེ་ཁིའི་ཞིབ་ཚགས་པའི་ཉིན་ཐོས་ལྷིང་འཇགས་ཡོངས་སུ་དཀྲོགས་སོང་ལ། ལྷག་པར་དུ་གལ་འགངས་ཆེ་བའི་དཔང་རྟགས་ནི་ཁ་ལིན་ཊོན་གྱི་ཁམས་དཀར་བགོས་པའི་ནུབ་གོས་སྔོན་པོ་ཞིག་ཡོད་ཅིང་། དེ་ནི་ཐོག་མར་ལི་ཝི་སེ་ཁིས་དྲན་རྟེན་དུ་ཉར་དགོས་སེམས་ཀྱང་། ཁ་ལིན་ཊོན་གྱི་DNAཡི་དཔང་རྟགས་ལུས་པ་སུས་ཀྱང་ཡིད་ལ་དྲན་མི་སྲིད། ཚོད་ལྟའི་མཇུག་འབྲས་དོན་སྐབས། ཁ་ལིན་ཊོན་གྱིས་རྒྱལ་ཡོངས་ཁྱོན་ལ་གཏམ་བཤད་གནང་ནས་མི་དམངས་ལ་ངོས་ལེན་མ་་་ཞུ་རང་ཞུ་ཐུག་ལ། གཞི་ནས་རང་ཉིད་དང་ལི་ཝི་སེ་ཁིའི་བར་ཚུལ་མིན་གྱི་འབྲེལ་བ་བྱུང་བའི་ཁས་ལེན་ཡང་གནང་།

འབྲེལ་ཡོད་ཀྱི་གསར་ལམ་དང་སྤྱི་ཚོགས་ཀྱི་གླེང་ཕྱོགས་སོགས་ཚང་མས་སྲིད་འཛིན་གྱི་མ་རབས་ཐ་ཤལ་གྱི་བྱེད་སྟངས་ལ་ཁ་རྡུང་དྲག་པོ་བཏང་ལ། སྤྱི་མཐུན་ཏང་གིས་ཁི་ལིན་ཊོན་གྱིས་ཉེས་དོན་དཔང་རྟགས་རྫུན་མ་བཟོས་པའི་ཉེས་མིང་ཐོག་ནས་ཁོང་་གི་ནག་ཉེས་ཐེར་འདོན་བྱ་དགོས་པའི་གྲོས་འགོ་བཏོན།

ལྷག་པར་དུ་གནད་དོན་དེ་རླངས་འཁོར་ཞིག་ཡིན་ན། ཧི་ལ་རིས་ཁ་ལོ་བའི་འཁྲབ་གཟུགས་ཤིག་འཁྲབ་སྟོན་བྱེད་ཀྱི་ཡོད་དེ། གལ་སྲིད་ཧི་ལ་ལིས་ཁ་ལོན་ཊོན་ལ་དགོངས་བཞེས་གནང་ན། དེ་ནི་ཁོ་གཉིས་སྒེར་གྱི་ཁྱིམ་ཚང་གནད་དོན་ཡིན་པ་དང་། གལ་སྲིད་ཧི་ལ་ལིས་དགོངས་བཞེས་མ་གནང་ན། དེ་ནི་རང་ཤུགས་ཀྱིས་ཨ་རིའི་ཡོངས་ཀྱི་གནད་དོན་ཞིག་ཏུ་གྱུར་འགྲོ་བ་རེད།

འདི་འདྲའི་འགག་རྩའི་དུས་སྐབས་སུ་ཧི་ལ་ལིས་རང་གི་གཅེས་པའི་བུ་མོའི་གདོང་རིས་ཡིད་ལ་ཡང་ཡང་བསྒོམ་ནས་ཁོང་ཁྲོ་དང་མིག་ཆུ་ཡོད་ཚད་ཁྱུར་མིད་བཏང་སྟེ་སྙིང་་་་སྟོབས་ཆེན་པོས་དཀའ་ངལ་ལ་གདོང་ལེན་གནང་ཡོད་དེ། བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་མཐར་ཁྱོ་བོའི་ནོར་འཁྲུལ་ལ་དགོངས་བཞེས་གནང་ནས་ཚ་སོབ་སོབ་ཀྱི་ཁྱིམ་ཚང་ཞིག་ཐོར་ཆག་གི་གནས་ལས་བསྐྱབས་པ་རེད་ལ། རང་ཉིད་དང་རང་ཉིད་ལ་རྟག་ཏུ་རྒྱབ་སྐྱོར་གནང་མཁན་ཚོར་ཞུམ་པ་མེད་པའི་སྤོབས་པ་དང་གཟི་བརྗིད་ཅིག་བསྣན་པ་རེད།

1998ལོའི་ཟླ་12ཚེས་19ཉིན་ཨ་རིའི་གྲོས་ཚོགས་འོག་མས་ཁ་ལིན་ཊོན་ལ་ནག་ཉེས་དོན་ཚན་གཉིས་ཐེར་འདོན་བྱ་རྒྱུའི་གྲོས་འཆམ་བྱུང་བ་དང་། དོན་ཚན་དེ་གཉིས་ནི་དཔང་ཚིག་རྫུན་ཞུ་དང་། ཁྲིམས་འཛིན་ལ་འགོག་རྐྱེན་བཟོས་པའི་ཉེས་པ་རེད། 1999ལོའི་ཟླ་2པའི་ཚེས་12ཉིན་གྲོས་ཚོགས་གོང་མས་སྲིད་འཛིན་ཁ་ལིན་ཊོན་གྱི་་་ནག་ཉེར་འཐེར་འདོན་བྱེད་པའི་གྱོད་གཞིར་མཐའ་མཇུག་གི་གྲོས་ཐག་གཅོད་སྐབས། ཁ་ལིན་ཊོན་ཁྱོ་ཤུག་གི་ངོས་ནས་གླེང་ན། རྨ་བྱའི་རྣ་བར་འབྲུག་གི་སྒྲའི་གཏམ་བཟང་ཐོས་པ་ལྟ་བུའི་བཀྲ་ཤིས་པ་ཞིག་ལ་འདེམས་ཤོག་55ནག་ཉེས་མེད་པར་ངོས་འཛིན་བྱས་ཤིང་འདེམས་ཤོག་45ནག་ཉེས་ཡོད་པར་ངོས་འཛིན་བྱས་པས། གཞི་ནས་ཁོ་ལོན་ཊོན་དྲག་ཆར་རླུང་འཚུབ་དེའི་ཁྲོད་ནས་གྲོལ་བ་རེད།

དེ་ལྟར་ཁ་ལོན་ཊོན་དཀའ་ངལ་ཆེ་ཤོས་ཀྱི་སྐབས་སུ། ཁོང་གིས་གདུང་སེམས་མཉམ་སྐྱེ་དང་། སྡུག་གི་ཁུར་བོ་མཉམ་ཁུར་གནང་བས། ནམ་མཁའི་མཐའ་དང་མཉམ་པའི་བུད་མེད་དེའི་དཀྱེལ་ཡངས་ལ་འཛམ་གླིང་མི་དམངས་ཧང་སངས་པ་རེད་ལ། ལྷག་པར་དུ་སྐྱེ་བོ་ཕལ་པའི་བློ་ཡུལ་ན་གཏན་ནས་གཤོང་དཀའ་བས། མོ་དབང་རིང་ལུགས་པ་མང་པོས་ཧི་ལ་རིས་ཁ་ལིན་ཊོན་ལ་འཛིན་པའི་རྣམ་འགྱུར་ལ་ཁ་རྡུང་དྲག་པོ་གཏོང་བ་དང་། ཁོ་ཚོས་ཁོང་ལ་རྒྱབ་གཏོད་བྱེད་པའི་བརྩེ་དུང་དང་ཁྱོ་གའི་བྱེད་སྟངས་ལ་བསམ་ཤེས་མི་ཐུབ་པ་མ་ཟད། ཁོང་ནི་ཉམ་ཆུང་ཞིག་གམ་ཡང་ན་དམིགས་ཡུལ་གཞན་པ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།

ཡིན་ཀྱང། མཛངས་མའི་ཡོན་ཏན་གྱིས་རྣམ་པར་བརྒྱན་ཞིང་ཆབ་སྲིད་ཀྱི་བློ་མིག་ལྷག་ཏུ་གསལ་བའི་ཧི་ལ་ལིས་རང་ཉིད་ཀྱི་གདམ་ག་དེ་ནི་རང་གི་ཁྱིམ་ཚང་ལ་འཚམས་པའི་གདམ་ག་ཡང་དག་ཅིག་ཡིན། རྒྱུ་མཚན་ནི་ཁོང་གིས་རང་གི་ཁྱོ་གའི་སྒེར་གྱི་འཚོ་བར་གནད་དོན་ལྷག་ཀྱང་། ཁོང་གི་ནག་ཉེས་ཐེར་འདོན་གནང་མེད་ཅེས་གསུངས།

ཁོང་གི་མི་ཚེ་གཅིག་ནང་དུ་དཀའ་ངལ་ཆེ་ཤོས་ཀྱི་ཐག་གཅོད་ནི་ཁ་ལིན་ཊོན་དང་མུ་་་མཐུད་འཚོ་བ་བསྐྱལ་རྒྱུ་དང་ཉིའུ་ཡོག་མངའ་སྡེའི་གྲོས་མི་འོས་བསྡུའི་ནང་ཞུགས་རྒྱུ་གཉིས་ཡིན་ཟེར།

རྗེས་སུ་ཉིའུ་ཡོག་མངའ་སྡེའི་གྲོས་མི་འོས་བསྡུའི་ནང་ཞུགས་དོན་ཡང་རང་ལ་རྒྱབ་སྐྱོར་གནང་མཁན་ཚོར་ལན་ཞིག་འདེབས་ཆེད་ཡིན་ཞེས་གསུངས་ལ། སྤྱི་ལོ་2008ལོར་ཧི་ལ་རི་ཨ་རིའི་སྲིད་འཛིན་འོས་བསྡུའི་འོས་མིར་ཞུགས་པ་དང་། རྗེས་སུ་སྲིད་འཛིན་ཨོ་བྷ་མའི་གདན་ཞུས་ལྟར། ཁོང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་རབས་གཅིག་གནང་།

སྤྱི་ལོ་2014ལོའི་ཟླ་6ཚེས་9ཉིན། ཧི་ལ་རིས་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས་དེ་སྔོན་རང་གི་ཁྱོ་བོ་དང་ཚུལ་མིན་གྱི་འབྲེལ་བ་བྱེད་མྱོང་བའི་ལི་ཝིན་སེ་ཁི་“སྤྲོ་པོ་ཡོང་བ་ཤོག ད་ལྟ་རང་ཉིད་ཀྱིས་གནས་ཚུལ་དེར་དོ་སྣང་ཆེན་པོ་བྱེད་ཀྱི་མེད་”ཅེས་གསུངས།

ད་ལྟ་མི་རྣམས་ཀྱིས་སྒུག་བཞིན་པ་ནི་ཧི་ལ་རི་2016ལོར་ཨ་རིའི་སྲིད་འཛིན་འདེམས་བསྐོར་ཞུགས་མིན་དེ་རེད་ལ། གལ་སྲིད་2016ལོར་ཁོང་སྲིད་འཛིན་དུ་བདམས་ཐོན་བྱུང་ན། དེ་ནི་སྟོབས་ལྡན་རྒྱལ་ཁབ་ཨ་རིའི་ལོ་རྒྱུས་ཐོག་གི་བུད་མེད་སྲིད་འཛིན་ཐོག་མ་ཡིན་པས། ངེད་ཚོ་མཉམ་དུ་2016ལོ་རེ་སྒུག་བྱས་ནས་མཛངས་མའི་ཡོན་ཏན་འབུམ་གྱིས་ཕྱུག་པའི་ཧི་ལ་རིར་མུ་མཐུད་རྒྱུས་མངའ་གནང་ཆོག

«ལེགས་གྲུབ་ཀྱི་ལམ་»ལས་བཏུས།