མཉམ་འབྲེལ་དྲ་རྒྱ་འཇིག་རྟེན་ལྟ་བ།ཁྱོད་རྩ་མེད་བཏང་ཡང་ཁྱོད་དང་འབྲེལ་བ་མེད། འཛམ་བུ་ཀ

1/545

བསམ་ཡུལ་ལས་འདས་པ་ཞིག་ལ། ཚན་རྩལ་ཡར་རྒྱས་ཀྱི་རབས་བརྗེས་མྱུར་ཚད་ཧ་ལས་ཧང་སང་དགོས་པའི་དུས་རབས་འདིར། མི་ཚང་མའི་འཚོ་བའི་གནས་ཚུལ་སོ་སོར་སིམ་འཛུལ་བྱེད་བཞིན་ཡོད་པའི་བསམ་གཞིགས་བྱེད་སྟངས་དང་ཀུན་ཏུ་ནས་གསར་བའི་འཇིག་རྟེན་ལྟ་བ་ཞིག་དྲག་པའི་རླུང་ལྟར་གང་སར་ཁྱབ་སྟེ་མི་སྒེར་དང་ཐུན་གཉེར། མི་རིགས་དང་རྒྱལ་ཁབ། ཡང་ན་རྣམ་པ་གང་རུང་ཞིག་གི་ཐུན་མོང་རྩ་འཛུགས་སོགས་མངོན་མིན་འོག་ཏུ་རྒྱུག་ཀྱང་གནམ་ས་འགོ་བརྗེས་ཀྱི་ཤུགས་དང་ལྡན་པའི་གསར་བརྗེ་ཞིག་མྱོང་བཞིན་ཡོད་མོད། ཡིན་ཡང་མང་ཤས་ཤིག་གིས་ ”མ་མཐོང་བ། མ་བརྩིས་པ། མ་རྟོགས་པ། མ་ཟིན་པས”སྣོད་བཅུད་ཡོངས་ཀྱི་འགྱུར་ལྡོག་ཁྲོད་སྙིང་རྗེ་མེད་པའི་ངང་ཕྱིར་འབུད་ཐེབས་ལ་ཐ་ན་རྨེག་མེད་དུ་གྱུར། འོན་ཏེ་འགྱུར་ལྡོག་ལ་ཉེན་རྟོག་གཏིང་ཟབ་བྱུང་བའི་མཐའ་འཁོབ་ཀྱི་དངོས་རིགས་འགས་བསམ་གཞིགས་གསར་པའི་འོད་འཕྲོས་འོག་གི་སྣོད་བཅུད་གསར་པའི་ནང་རང་ཉིད་ཀྱི་འཕེལ་གྱུར་ལེགས་ཆ་དང་བཙན་བདག་གི་གོ་གནས་གཏན་ཁེལ་བྱས། འདི་ནི་གནའ་སྔ་མོར་སྣོད་བཅུད་ཀྱི་གསར་བརྗེའི་ཁྲོད་གཏུམ་འབྲུག་གིས་བཙན་དབང་འོ་འཐུང་སྲོག་ཆགས་ལ་མ་སྤྲད་རང་སྤྲད་ཀྱི་སྣང་ཚུལ་དང་གཅིག་པ་ཡིན་ཏེ། འཕེལ་གྱུར་གྱི་རྣམ་བཤད་ནི་ཡ་ང་མེད་ལ་ཟོལ་མ་དང་བྲལ།

没想到,在这个科技进步的迭代速度令人瞠目结舌的时代,一种正在渗入到每一个人生活各个场景的思维方式和全新的世界观正在席卷而来,无论是个人、公司、民族、国家,或者其他形式的共同体,都经历着这场暗流涌动,却终将翻天覆地的变革,然而大多数只因“看不见、看不起、看不懂、来不及”,于是乎,在整个生态的变化中被无情地淘汰,甚至被消灭,但一些深刻警觉到变革的边缘物种却在新思维映射下的新生态中开始确立其进化优势与霸主地位,就如当年,恐龙在生态的变革中将霸权交给了哺乳动物,进化的演绎“残酷”而真实。

གསར་བརྗེ་ཡོད་ཚེ་གསར་རྙིང་གི་ཁྱད་པར་དང་ལྡན། ཇི་ལྟར་ཟབ་མོའི་ངང་དུས་རབས་རྙིང་མའི་བསམ་གཞིགས་དཔེ་ཚུལ་དང་འདི་ཡིས་བཅིངས་པའི་འཛམ་གླིང་གི་ལམ་ལུགས་ཡོངས་སུ་ཐེར་འདོན་བྱ་རྒྱུ་དང་བློ་གྲོས་དང་བཅས་པར་དུས་རབས་གསར་པའི་འཇིག་རྟེན་ལྟ་བ་དང་འདི་ལས་བྱུང་བའི་ཟབ་ཅིང་ཕུགས་སུ་གཏད་ལ་རྟིང་སློག་རང་བཞིན་གྱི་ཤུགས་རྐྱེན་གསལ་བཤད་བྱ་རྒྱུ་ལ་གུས་པའི་བསམ་པར་ད་ལྟའི་བར་སློབ་དཔོན་ལི་ཧྲན་ཡའུ་ཡི་༼མཉམ་འབྲེལ་དྲ་རྒྱ་འཇིག་རྟེན་ལྟ་བ༽ཞེས་པ་ནི་ཤིན་དུ་ནས་འཚམས་པའི་སྒོར་འཇུག་དཔེ་དེབ་ཅིག་ཡིན་པ་མ་ཟད། ཤེས་རྟོགས་ཀྱི་གསོག་འཇོག་དང་ཉམས་ལེན་གྱི་ནོར་བགམ་ནང་རྙིང་སྦྱངས་གསར་ཤེས་ཐོབ་པར་རིན་ཐང་ཆེ།

既然有变革,那必定是有新旧之分,如何深刻地揭露旧时代的思维模式与受制于此的整个世界体系,又如何富有见地地讲述新时代的世界观,及其带来的深远而颠覆性的影响,我想到目前为止李善友教授的这本《互联网世界观》是一本非常好的入门读物,并且值得在认知的积累与实践的试错中温故知新。

མཉམ་འབྲེལ་དྲ་རྒྱ་བསམ་གཞིགས་ཀྱི་གོ་དོན་ ༢༠༡༣ ལོར་གསར་ཐོན་བྱུང་བ་ནས་ཟུང་། ལྐོག་ལ་མངོན་སུམ་དུ་ད་ཡོད་འཛམ་གླིང་གི་སྒྲིག་ལམ་དང་སྤྱི་སྲོལ་ཡོངས་ལ་འགྲན་རྒོལ་བྱས། ང་ཚོའི་དཔལ་ཡོན་ཉིད་ནས་བརྒྱབ་པའི་ཕྱོགས་གཉིས་ལྷེབ་འདིས་བཟོ་ལས་དུས་རབས་ཀྱི་ཁྱབ་ཁོངས་ཚང་མས་འཚོ་འཕེལ་ཡོང་ཆེད་དུ་བརྟེན་པའི་རྩ་ཚད་གལ་ཆེན་ཚང་མ་ཀུན་ཏུ་ནས་བཅག ངས་ཁྱོད་རྩ་མེད་དུ་བཏང་བ་ཁྱོད་དང་འབྲེལ་བ་མེད་པའི་ཐུན་མིན་གྱི་མངའ་ཐང་འོག་གཏན་ཁེལ་སྨྲ་བ་དང་དངོས་པོའི་རང་བཞིན། འདི་བཞིན་འཕྲུལ་འཁོར་སྨྲ་བར་རྨང་གཞིར་འཛིན་པའི་འཛམ་གླིང་རྙིང་མའི་ལམ་ལུགས་དང་གཟི་བརྗིད་ནི་ཡོངས་སུ་རྩ་ཐོར་དུ་བཏང་། བཟོ་ལས་དུས་རབས་ཀྱིས་བཅིངས་ཤིང་བཟོ་ལས་ཅན་བསམ་གཞིགས་ལ་སེམས་ཆགས་པའི་དངོས་རིགས་ཡོངས་རྫོགས་མཐའ་མར་རྨེག་མེད་དུ་འགྲོ་སྲིད།

互联网思维的概念自从2013年横空出世,便虚无而真切地挑战着现有世界的所有秩序与公理,这样一个我们自身文明发射的二向箔,彻底降维了工业时代在各个领域赖以生存和发展的重要维度,在“我消灭你,与你无关”的非凡气势下瓦解了旧世界所有基于“决定论、事物性和机械论”的体系与荣耀。受制于工业时代、执着于工业化思维的所有物种终将走向湮灭。

མཉམ་འབྲེལ་དྲ་རྒྱ་བསམ་གཞིགས་ཞེས་པ་ནི་རྣ་བར་གཟན་པའི་གོ་དོན་ཞིག་ཏུ་ཆགས་ཀྱང་འདི་ཡི་སྲིད་པ་ནི་རྗོད་གཞི་ལྟར་སྣང་ཞིག་རྩ་བ་ནས་མིན་ཏེ། དཔེ་དེབ་དེའི་ནང་སློབ་དཔོན་ལི་ལགས་ཀྱིས་ཚད་རྡུལ་ཤུགས་རིག་པའི་རྨང་གཞིའི་གཏན་ཚིག་ལ་བརྟེན་ནས་བསམ་གཞིགས་འདི་དང་འདིའི་འཇིག་རྟེན་ལྟ་བའི་རྩ་བ་ཡང་དག་ཡིན་པ་ར་སྤྲོད་གནང་།

互联网思维这个被说烂的概念,它的存在却并非一个伪命题,书中李教授从量子力学的底层逻辑来印证该思维与世界观的根基之合理性。

བཟོ་ལས་དུས་རབས་སམ་ཉེའུ་ཏུན་དུས་རབས་ཀྱི་གཏན་ཁེལ་སྨྲ་བ་དང་དངོས་པོའི་རང་བཞིན། འཕྲུལ་འཁོར་སྨྲ་བ་དང་བསྡུར་ན། མཉམ་འབྲེལ་དྲ་རྒྱ་དུས་རབས་སམ་ཚད་རྡུལ་དུས་རབས་ཀྱི་སྲིད་ཕྱོད་སྨྲ་བ་དང་འབྲེལ་བའི་རང་བཞིན། སྐྱེ་དངོས་སྨྲ་བས་དེ་ལས་གཏིང་ཟབ་ཀྱི་ངང་ནས་ང་ཚོ་གནས་སའི་འཇིག་རྟེན་འདི་དང་སྲིད་པའི་གནས་ལུགས་ཟབ་མོ། ད་དུང་འཕེལ་གྱུར་གྱི་གསང་བ་རྣམ་འགྲེལ་བྱས།

相对于工业时代,或者说牛顿时代的“决定论、事物性和机械论”,互联网时代,或者说量子时代的“概率论、关系性和生物论”更加深刻地剖析了我们身处的这个宇宙和存在的奥义,以及进化的秘密。

འཆར་འགོད་ནས་འཕེལ་གྱུར། བཟོ་ལས་དུས་རབས་ཀྱི་དད་པ་ནི་ཚིག་གཅིག་གིས་བཀོད་ན་རྟག་པའི་རང་བཞིན་ཡིན་ཏེ་གཟུང་ཕྱོགས་ནས་ཚད་ལེན་ཡང་དག་བྱས་ན་འཇིག་རྟེན་གང་པོ་ངོས་འཛིན་བྱེད་ནུས་ཤིང་མཐའ་མའི་མཇུག་འབྲས་ཀྱང་སྔོན་དཔག་ཡོང་སྲིད་པར་སྙམ། དེར་བརྟེན་དེ་ལས་འཆར་འགོད་ཅེས་པ་འདི་བྱུང་། འོན་ཏེ་དོན་དངོས་ཐོག་མི་རྟག་པ་ནི་འཇིག་རྟེན་འདི་ཡི་བདེན་པ་རང་ཡིན། རྟོགས་པར་མི་ནུས་པའི་འཇིག་རྟེན་འདིར་ང་ཚོས་འཛིན་ཕྱོགས་ནས་ཚད་ལེན་བྱས་ཏེ་འགོ་འཛུགས་ས་གང་རུང་ནས་ཐོན་ཏེ་ནོར་བགམ་བར་མ་ཆད་པ་ཞིག་བརྒྱུད་རྗེས་ཤེས་རྟོགས་གསར་རྙེད་བྱས་ནས་རབས་བརྗེས་འཕེལ་གྱུར་ལས་མ་འདས།

从计划到进化。工业时代的信仰,一言以蔽之,便是“确定性”,认为只要客观测量正确,整个世界可以被认识,结果可以被预测,于是乎便有了计划;但事实上,“不确定性”才是这个世界的真谛,不可知的世界,我们只能主观测量,从每一个起点出发,不断试错,从而获得认知,不断迭代进化;

གུ་དོག་ནས་གུ་ཡངས། བཟོ་ལས་དུས་རབས་ཀྱི་ལེགས་གྲུབ་ཚང་མ་གཏིང་རྩ་གུ་དོག་ལས་བཙས། ཆ་འཕྲིན་གྱི་ཆ་མི་འགྲིག ཐོན་ཁུངས་ཀྱི་སྒེར་བསྡོམས། ཤེས་བྱའི་ཐོན་དབང་གི་སྲུང་འཛིན། ཐ་ན་ཆབ་སྲིད་རང་བཞིན་གྱི་ཐུན་མོང་རྩ་འཛུགས་ཀུན་གྱི་ཆགས་གྲུབ། འདི་དག་ཚང་མ་དབུལ་ཕོངས་ཀྱི་སྨག་རུམ་ནགས་ཚལ་ཁྲོད་རྔོན་པར་གྱུར་ནས་འགྲན་རྩོད་ཀྱི་རྒྱལ་ཁ་བླང་འདོད་པས་སོ།། ཡིན་ཡང་མཉམ་འབྲེལ་དྲ་རྒྱ་དུས་རབས་ཀྱི་གྱེན་ལངས་ཚང་མ་གུ་ཡངས་ཀྱི་རྩིག་གདན་ཐོག་སྒྲིག་བཀོད་བྱས་པས། མཉམ་རོལ། ཁུངས་གྲོལ། སྒོས་ཀྱི་ལོག་ལྟ་ཅན། རྩ་འཛུགས་ཀྱི་སྐྱིད་སྡུག་ཅན་སོགས་ཁྲོབ་ཀྱི་འཕར་སྣོན་ལས་ལྡོག་པར་མི་ནུས་པའི་མ་ལག་ཆེ་བའི་ནང་གུ་ཡངས་ཀྱི་མཐར་ཐུག་ཐག་གཅོད་ཐབས་གཞིར་བརྟེན་ནས་འོད་མདངས་དེ་ལས་བཀྲ་བའི་རྩ་མཐོའི་དཔལ་ཡོན་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བཞིན་ཡོད།

从封闭到开放。工业时代所有成功的底色最终归于封闭,信息的不对称、资源的垄断、知识产权的保护,甚至一切政治性共同体的形成,都是为了在贫瘠的黑暗森林中成为猎手,获得竞争的胜利;而互联网时代的所有崛起,都是在开放的基底之上建构的,共享、开源、个人异端化、组织社群化,在熵增不可逆的大系统中,以开放的终极解决方案维系和发展着亮度更高的高维文明;

དོ་མཉམ་ནས་དོ་མི་མཉམ་པ། བཟོ་ལས་དུས་རབས་ཀྱི་ལམ་ལུགས་དང་འདུ་ཤེས་ནི་འཆི་བ་ལས་བྲལ་བའི་ཆེད་དུ་ཡིན་གཅིག་ཕྱི་ཕྱོགས་དང་འབྲེལ་ཐག་གཅོད་བྱེད་ཀྱི་མུ་མཚམས་གཏོད་དགོས་ཏེ། མ་ལག་དང་མ་ལག་ནང་གི་ཆ་ཤས་ཡོངས་ཀྱི་དོ་མཉམ་བསྲུངས་ནས་གོང་འཕེལ་ལ་ཁ་ཕྱོགས། འོན་ཏེ་ཆ་ཤས་ཀྱི་དོ་མཉམ་གྱིས་མ་ལག་གང་པོ་ནི་ལྔ་ལམ་དུ་དྲང་སྲིད། ཡིན་ཡང་མཉམ་འབྲེལ་དྲ་རྒྱ་དུས་རབས་ཀྱིས་དད་པ་ནི་མ་ལག་གང་པོའི་བརྟན་བརླིང་ནི་རང་ནང་དགག་གྲུབ་ཀྱི་རྒྱུད་རིམ་ཞིག་ལས་བྱུང་བ་སྟེ། ཆ་ཤས་ག་གེ་མོའི་འགྱུར་ལྡོག་དང་བརྟན་མིན་རང་བཞིན་གྱིས་དེ་ལས་ལྡོག་སྟེ་མ་ལག་གང་པོའི་བརྟན་བརླིང་རང་བཞིན་དང་ཆ་ཚང་རང་བཞིན་ལ་སྲུང་སྐྱོང་ཐུབ་སྟེ། ཚིག་གཞན་ཞིག་གི་ཐོག་ནས་བཤད་ན། མ་ལག་གང་པོས་ནང་ཁོངས་ལ་བྱུང་བའི་འགྱུར་བ་ལ་རྒྱབ་སྐྱོར་བྱས་ནས་རང་ཉིད་ཀྱི་བརྟན་བརླིང་རང་བཞིན་ཐོབ།

从平衡到非平衡。工业时代的制度和理念,就是为了保持生存,必须建立与外界隔绝的界限,就是要维护体系和体系内所有局部的平衡,以此走向繁荣,然而局部的平衡反而带来整体的死寂;而互联网时代相信整个系统的稳定性是通过一个自相矛盾的过程实现的:若干局部的变化和不稳定性,反而确保了整个体系的稳定性和完整性。换而言之,整个系统通过支持在其内部发生的变化而获得了整体稳定性;

ཚོད་འཛིན་ནས་གློད་གཏོང་། བཟོ་ལས་དུས་རབས་ཀྱི་ཡིད་ཆེས་ལ་འཇིག་རྟེན་གྱི་ཆོས་ཐམས་ཅད་དང་འདི་བཞིན་འདིར་ཚུད་པའི་འཇིག་རྟེན་ཉིད་ཀྱང་འཕྲུལ་འཁོར་ཞིག་ཡིན་པར་ངོས་སུ་འཛིན། དྷི་མཁར་ལགས་ཀྱིས་ཐ་ན་ཚེ་སྲོག་ནི་འཕྲུལ་འཁོར་རེད་ཅེས་གསུངས་མྱོང་། འཕྲུལ་འཁོར་གྱི་རྙོག་འཛིང་ཚད་གཞི་ཆ་མཚུངས་མིན་ཡང་། འོན་ཏེ་དེ་ཚོའི་འཁོར་ལུགས་ནི་ཤེས་རྟོགས་ཀྱིས་ཁྱབ་ནུས་ཤིང་ཚོད་འཛིན་གྱི་སྟོབས་ནུས་ཀྱིས་ཐག་གཅོད་ཐུབ་པར་དད་པ་ཆེ། ཡིན་ཡང་མཉམ་འབྲེལ་དྲ་རྒྱ་དུས་རབས་ལ། ཆོས་ཐམས་ཅད་རང་སྒྲུབ་རྩ་འཛུགས་ཡིན་པར་གོམས། མི་རྟགས་པའི་རང་བཞིན་དང་བསམ་གྱིས་མི་ཁྱབ་པའི་སྨྲ་བའི་ཤེས་རྟོགས་རྒྱབ་ལྗོངས་ནང་། འདི་བཞིན་སྟབས་བདེའི་སྒྲིག་སྲོལ་དང་ནོར་བགམ་ལན་སྤྲོད་སོགས་རྨང་ལ་བཏིང་བའི་འཕེལ་གྱུར་རྒྱུད་རིམ་ཁྲོད། གློད་གཏོང་ངམ་ཚོད་འཛིན་མི་བྱ་བ་ནི་དེ་ལས་ལྡོག་སྟེ་ཆེས་ལས་ཆོད་དང་ལྡན་པའི་དོ་དམ་ཐབས་ལམ་ཞིག་ཏུ་གྱུར།

从控制到失控(无为)。工业时代相信宇宙中的一切包括宇宙本身都是机器,笛卡尔甚至说过“生命就是机器”,虽然机器的复杂程度不同,但相信其机理是可知的,从而相信控制的力量是可以决定一切的;但是互联网时代,相信一切都是自组织,在不确定性与不可知论的认知背景和基于简单规则与试错反馈的进化过程中,失控(无为)反倒成了最有效的管理方式;

བཟོ་ལས་དུས་རབས་ནས་མཉམ་འབྲེལ་དྲ་རྒྱ་དུས་རབས། བཟོ་ལས་དུས་རབས་ནང་མི་རྣམས་རྩ་འཛུགས་ཀྱིས་བསྡམས། སྒྲིག་གཞི་ཡིས་བཅིངས། མི་གཞན་གྱིས་བཀག རང་ཉིད་ཀྱིས་བཟུང་། རང་ཉིད་ནི་ལྟེ་བའི་ནང་གི་མཐའ་འཁོབ། སྤྱི་ཁོག་ནང་གི་ཆ་ཤས། འཕྲུལ་འཁོར་ནང་གི་ལྷུ་ལག་ཙམ་ལས་གཞན་མ་ཡིན་ནོ།། ཡིན་ཡང་མཉམ་འབྲེལ་དྲ་རྒྱ་དུས་རབས་སུ་སླེབས་རྗེས། གང་ཟག་རང་དབང་ཅན་གྱི་རང་དབང་མཉམ་སྦྲེལ་ཞིག་ཆགས་བཞིན་ཡོད། ཚད་རྡུལ་རྣམ་པའི་མི་སྒེར་ནི་མུ་མཚམས་ལས་བྲལ་ཞིང་ལྟེ་བ་དོར་ནས་རིམ་འདས་ཚིགས་ཚེག་ཅན་དུ་འགྱུར་བའི་སྐྱིད་སྡུག་ནང་། ལྟེ་བ་ཡིན་ལ་མཐའ་འཁོབ་ཡིན། སྤྱི་ཁོག་ཡིན་ལ་ཆ་ཤས་ཡིན། འཕྲུལ་འཁོར་ཡིན་ལ་ལྷུ་ལག་ཡིན། སུ་གང་ཞིག་གལ་འགངས་ཆེ་བ་བྱུང་མི་སྲིད། སུ་གང་ཞིག་སྣང་ཆུང་གཟེད་པ་ཡོང་མི་ཐུབ།

从工业时代到互联网时代。在工业时代,人们受制于组织、受制于结构、受制于他人、并最终受制于自己,你只是一个中心的边缘,一个整体的局部,一个机器的零件;但在互联网时代,自由人的自由联合开始形成,量子态的个人在无边界、去中心、超级节点化的社群内,既是中心又是边缘,既是整体又是局部,既是机器又是零件,没有谁是重要的,没有谁不是重要的。

བཟོ་ལས་དུས་རབས་ཀྱི་རྩ་འཛུགས་ནི་ཆུ་ཚོད་ཅིག་དང་འདྲ་ལ་འཕྲུལ་འཁོར་ཞིག་དང་མཚུངས། མཉམ་འབྲེལ་དྲ་རྒྱ་དུས་རབས་ཀྱི་མཉམ་སྦྲེལ་ནི་ནམ་མཁའི་སྤྲིན་པ་དང་མཉམ།

སྤྲིན་པ་ལྷེབ་ཆུང་བཅུ་ཡིས་བདེ་བླག་ངང་སྤྲིན་ཆེན་ཞིག་ཏུ་སྒྲིག་སྦྱོར་ཐུབ་ལ། སྤྲིན་ཆེན་ཞིག་གི་ཆ་ཤས་གང་རུང་ཞིག་ནི་སྤྲིན་པ་གཞན་ཞིག་ཏུ་ཆགས་སྲིད། སྤྲིན་པ་ནི་སྒྲིག་གཞི་ཅན་ཞིག་མ་ཡིན་པས། འདིའི་ཕྱི་ཚུལ་ནི་ག་དུས་ཡིན་ཡང་འགྱུར་ལྡོག་བྱུང་སྲིད་པ་དང་། སྤྲིན་གྱི་ཆ་ཤས་གང་ཞིག་ཡིན་ཡང་སྤྲིན་ཉིད་ངོས་ནས་གལ་འགངས་ཆེ་ཆུང་ལས་འདས། ད་དུང་སྤྲིན་གྱི་ཆ་ཤས་ཚང་མ་འདྲ་མཉམ་ཡིན་ཏེ། སྤྲིན་པ་མགོ་རྟིང་བསློགས་ཀྱང་སྤྲིན་པ་ཡིན། དེར་བརྟེན་ང་ཚོའི་རྩ་འཛུགས་ནི་སྤྲིན་པ་འདྲ་རུ་འདྲ་རུ་འགྲོ་བཞིན་ཡོད། སྤྲིན་པར་སྒྲིག་འཛུགས་ཀྱི་རྣམ་པ་ངེས་གཏན་ཞིག་ནི་མེད། ཁོ་ནི་སྤྲིན་པ་ཡིན་མོད། འོན་ཏེ་ཆར་པ་ལ་གྱུར་ཐུབ་ལ་དབུགས་དང་སྨུག་ལའང་གྱུར་ནུས། སྤྲིན་པ་ནི་འགྱུར་བའི་དབང་ཕྱུག་གོ །

工业时代的组织就像一个钟,像机器,互联网时代的联合就像云。

十片小云只要简单组合在一块儿就是大云,而大云的任何一个组成部分都可以成为另外的云,云并不结构化,它的外形可以随时发生变化,云的任何一部分对云本身来讲既重要又不重要,而且云的每一块都是平等的,你把云倒过来它还是一片云。所以我们的组织越来越像一朵云。云并不固守一个组织型态,它是云,但它可以变成雨,也可以变成气、变成雾,云可以自由变化。

མཉམ་འབྲེལ་དྲ་རྒྱ་འཇིག་རྟེན་ལྟ་བ་ཡིས་རང་ཉིད་ཀྱི་གཟུང་འཛིན་ལས་བྲལ་བའི་ཤེས་རབ་ལ་བརྟེན་ནས་བཟོ་ལས་དུས་རབས་ཀྱི་གཟུང་འཛིན་གཉིས་སྣང་གི་སྨྲ་བ་ལས་བཙས་པའི་རིན་ཐང་དང་བཀོད་པ་ཡོངས་རྫོགས་ཀུན་ཏུ་ནས་ཐོད་བརྒལ་བྱས་ཤིང་རྨེག་མེད་དུ་བཏང་།

互联网世界观以它的“不二智慧”突破和摧毁了工业时代所有基于“二元论”的价值与建构。

དེར་བརྟེན་མཐའ་འཁོབ་ལ་གནས་ཤིང་གནའ་སྔ་མོ་ནས་གཟུང་འཛིན་གཉིས་སྟོང་གི་རྒྱུད་རྒྱུ་དང་བཅས་པའི་ཁ་བའི་ལྗོངས་ཀྱིས་སྙིང་ཉེ་ལ་ཆ་རྒྱུས་ཉུང་བའི་སྒྱུར་བཅོས་འདི་དང་འདིའི་སྙིགས་དོར་རུལ་གཅོད་དང་གནམ་ས་འགོ་བརྗེས་ལྟ་བུའི་གཏོར་བཤིག་རང་བཞིན་གྱི་གསར་གཏོད་ལས་ཡོང་བའི་སྔར་མེད་གསར་བྱུང་གི་ཤུགས་རྐྱེན་འདི་ལ་ཤེས་རྟོགས་ལེགས་པ་ཞིག་བྱུང་ཡོད་དམ།

而这片处于“边缘”但自古有着“不二”基因的雪域大地是否认识到这样亲切而陌生的变革,以及它摧枯拉朽、斗转星移的破坏性创新所带来的前所未有的影响力。

མ་འོངས་འོངས་ཟིན། དུས་རབས་གསར་པ་ཞིག་ལ།

ང་ཚོ། གྲ་སྒྲིག་ཨང་གསར་ཡིན་ནམ།

未来已来,新的时代,

我们,准备好了吗?

 

 

འཛམ་བུ་ཀ 藏佈伽

༢༠༡༥ ལོའི་ཟླ་ ༩ པའི་ཚེས་ ༡༩ ཉིན། གཟའ་སྤེན་པར།