ལེའུ་བདུན་པ། སོན་འབྲུའི་གོ་རིམ་བརྗེ་སྟངས།

531/545
ས་བཅད་བཞི་པ།  དུས་བཞིའི་གལ་ཆེའི་སྲོལ་རྒྱུན་གྱི་སོ་ནམ་བྱེད་སྒོ།

ལེའུ་བདུན་པ། སོན་འབྲུའི་གོ་རིམ་བརྗེ་སྟངས།

 སྤྱིར་བོད་དབུས་ཁུལ་དུ་འདེབས་ལས་བྱེད་པའི་སོན་འབྲུ་གཙོ་བོ་ནི་གྲོ་ནས་སྲན་གསུམ་དང་། པད་ཁ་བཅས་ཡིན་ཞིང་། དེའི་ཞར་བྱུང་དུ་བྲ་བོ་དང་ཞོག་ཁོག ལ་ཕུག་སོ་མ་ར་ཛྰ་སོགས་འདེབས་ཀྱི་ཡོད།

སྤྱིར་ན་ཞིང་ཁ་གཅིག་ལ་ལོ་ལྟར་ནས་སམ་པད་ཁ། གྲོ་དང་སྲན་མ་སོགས་འདེབས་སྲོལ་མེད་ཅིང་། དེ་ཡང་ལོ་རེའི་སོན་འབྲུའི་འབབ་ཆེ་ཆུང་དང་། ཁྱད་ཆོས་ལ་གཞིགས་ནས་སོན་འབྲུ་བརྗེ་བ་དཔེར་ན། ད་ལོ་ཞིང་ཁ་ཞིག་ལ་སྲན་མ་བཏབ་ཡོད་ན་ཕྱི་ལོ་ཞིང་ཁ་དེར་ནས་ཀྱི་སོན་འབྲུའི་ནང་ནས་ཆེས་ཡག་ཤོས་དང་ལྗིད་ཤོས་ཤིག་རྒྱག་གི་ཡོད་ཅིང་། སད་སེར་དང་མུ་གེ་ཤུགས་ཆེན་མ་བྱུང་ན་ཕྱི་ལོ་ཞིང་དེར་གྲོ་འདེབས་པ་དང་། གྲོ་དེ་ས་རྒྱུར་གནོད་པ་ཆེ་བས་ཞིང་ས་དེ་འཐུལ་བའམ་གཤིན་ཏུ་འགྲོ་ཆེད་སླར་ཡང་སྲན་མའམ་ཞོག་ཁོག་འདེབས་ཀྱི་ཡོད་པ་ལྟ་བུ་ནི་ལོ་རེའི་སོན་རྒྱུ་མ་གཅིག་པར་གཞིགས་ནས་ཞིང་ས་ལེགས་བཅོས་དང་ཐོན་འབབ་སྙོམ་སྒྲིག་བྱེད་པ་ཡིན་ནོ། དེ་ཡང་ཕུ་ལ་སོན་རྒྱུ་བརྗེས་ནས་ཐོན་འབབ་སྙོམ་སྒྲིག་བྱེད་པ་དང་མདའ་ལ་སྦྱར་བཟོ་བརྒྱབ་ནས་ས་རྒྱུ་ལེགས་བཅོས་དང་ཐོན་འབབ་སྙོམ་སྒྲིག་བྱེད་པ་གཉིས་དོན་གཅིག་གོ །

དཔྱད་བརྫོད།

མིང་།

ཡིག་ཟམ།