སྟོན་པ་ལྷ་བབས་དུས་ཆེན་དང་བོད་ཀྱི་འཁྲབ་སྟོན་བྱེད་སྟངས།

529/545
དེ་རིང་ནི་སྟོན་པ་ལྷ་ལས་བབས་པའི་དུས་ཆེན་ཞེས་མང་པོས་རྗེས་དྲན་གྱི་རྩོམ་ཡིག་བཀྲམ། གྲྭ་བཙུན་འགས་གྲོང་ཁྱེར་ནས་སྲོག་བསླུ་མཛད། རྒྱ་མི་ཚོས་དུས་ཆེན་ཞེས་སེམས་ཅན་མང་པོ་བོད་དུ་ཁུར། ངས་རྟག་པར་འདི་ནི་འཁྲབ་སྟོན་ཞིག་ལས་ཅི་ཡང་མི་རྩི། མ་ཟད་ང་ལ་སྟོན་པ་དུས་དྲན་ཞེས་དམིགས་སུ་གང་ཡང་མེད། རྒྱུ་མཚན། ངས་ནམ་རྒྱུན་ཤ་མི་བཟའ། ཁྲག་མི་གསོལ། མདོ་སྔགས་རིགས་གཞུང་རྒྱ་མཚོ་ལ་ཐོས་བསམ་བྱེད། བསླབ་པ་ཤེས་རབ་ཀྱི་བསླབ་པ་ལ་རྩེ་གཅིག་ཏུ་གུས། སྟོད་སྨད་དང་རེ་དོགས་ཡོངས་གཏང་སྙོམས་འཇོག འདི་ནི་ངས་རྗེས་དྲན་ཡག་ཤས་ཡིན།  
མི་རེ་ཤས་ཀྱི་རང་གི་ཁ་དང་ལྕེ་ཡི་ཆེད། ལྟོ་དང་ཕོ་བའི་དོན། ཚེ་སྲོག་དང་འབྲེལ་བའི་ཤ་ཟ་ཞིང་ཀྱེ་མ་སེམས་ཅན་འདི་རྣམས་འདོད་པ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་སྒྲུབ་མི་ཤེས། སྡུག་གྱི་རྒྱུ་འབའ་ཞིག་ལ་སྤྱོད་ནས་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་ཏེ་ལོངས་བ་ཐང་དཀྱིལ་དུ་ལུས་པ་སེམས་ཅན་འདི་རྣམས་སྙིང་རེ་རྗེ། བདག་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་མཇལ། ཡང་དག་པའི་ཆོས་ལ་སྤྱོད་ཅིང་སྐལ་བ་བཟང་པའི་དུས་འདིར་རང་ལ་ཟས་ཀྱི་ཕུད་བྱིན། གོས་ཀྱི་བརྩེས་གཡོག ཤིན་ཏུ་དྲིན་དང་ལྡན་པ་འདི་དག་ཅི་ནས་ཀྱང་སངས་རྒྱས་ཀྱི་གོ་འཕངས་འགོད་པར་བྱའོ། ཞེས་པ་ནི་འཁྲབ་སྟོན་ངོ་མ་ཞིག་རེད། མཐའ་ན་རང་ལ་ཁེ་ཕན་ཏོག་ཙམ་དང་རོ་ཞིམ་པོ་ཏོག་ཙམ་གྱི་ཆེད་དུ་གཞན་གྱི་སྲོག་བཅད་ནས་ཁ་ཟས་གནང་བའི་ཧམ་སེམས་ཅན་ལ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕངས་བཀོད་ཨང་སྙམ་པའི་བློ་སྟོབས་ཆེན་ཞིག་སྐྱེ་མི་སྲིད་ཅིང་དེ་ལ་དོན་དམ་པའི་བླང་འདོར་འབྱེད་པའི་ཤེས་ཀྱི་མིག་ཡོད་པ་སུས་ཀྱང་རྣ་ལམ་མི་འགྲོ་ཨང་།  

རྣམ་པ་གཅིག་ནས་བཤད་ན་སྟོན་པ་ཤཀྱ་ཐུབ་པ་ཞེས་མཚན་གོ་བ་ཙམ་གྱི་མིག་གཉིས་ཟུམ་པར་བྱེད། ཁོང་གི་གསུངས་ལ་དགག་སྒྲུབ་དང་དོགས་སློང་ཙམ་བྱེད་ན་དེ་ལ་ལྟ་ལོག་དང་ལྟས་ངན་ཀྱི་ཆོ་ལོ་འདོག་ཅིང་ཞེན་དགོག་གི་དཀྲིས་པ་གྱུར། རང་ངོས་ནས་སྟོན་པའི་གསུངས་ལ་ཐོས་བསམ་གྱི་བྱ་བ་གང་ཡང་མེད་པར་རང་གར་དད་པ་བྱེད། མཐའ་ན་སྟོན་པའི་རྣམ་ཐར་ཕྲན་བུ་ཙམ་ཡང་མི་ཤེས་རུང་འགྲན་ཟླ་བྲལ་བའི་མིག་རུ་བཟུང་། མཐའ་ན། སྟོན་པའི་ཕ་ཡུལ་དང་། སྟོན་པའི་ཡབ་ཡུམ་ཙམ་ཡང་མི་ཤེས་ལ་ཁོང་གི་མི་ཚེ་རིན་ཐང་ནི་དེ་ལས་ཀྱང་མི་ཤེས་མཁན་གྱི་གྲྭ་པ་ཚོ་སངས་རྒྱས་ཀྱི་རྗེ་འཇུག་རློམས་པ་ནི་ངོ་ཚ་ཞིང་ཁྲེལ་དགོད་འཆོར་བ་རང་རེད། དེ་དང་དེ་འདྲའི་རྗེས་སུ་འཇུག་ཅིང་ཁ་ལ་ཉན་ཞིང་གཅིན་དང་སྐྱག་པ་ཡིན་ཆད་ལ་དད་པ་བྱེད། གུས་པ་བཟོ། རང་ནུས་གང་ལྕོག་གི་ཞབས་འདེབས་ཞུ་བའི་མི་སྐྱ་ཕོ་མོ་ཚོ་ནི་ཤ་ཚ་ལ་སྙིང་རྗེ་བ་རང་རེད།

འཆར་རན་ནས། 

དཔྱད་བརྫོད།

མིང་།

ཡིག་ཟམ།