བོད་རྒྱ་ཤན་སྦྱར་གྱི་སྦྱར་ཡིག

518/545

ཤེས་བྱར་མཐའ་མེད། 学无止境

རིག་པ་ནངས་པར་འཆི་ཡང་བསླབ། 终身学习

དཀར་ནག་ཤན་འབྱེད། 明辨是非

དངོས་ཐོག་བདེན་འཚོལ། 实事求是

སྐྱིད་སྡུག་མཉམ་མྱོང་། 同甘共苦

རང་མགོ་རང་ཐོན། 自食其力

འདོད་ཆུང་ཆོག་ཤེས། 寡欲知足

རང་དཔེ་གཞན་སྟོན། 以身作则

བཟང་པོའི་སྣེ་མཐུད་ ངན་པའི་འཕྲོ་གཅོད། 扬长避短

བདག་བས་གཞན་གཅེས། 毫不利己,专门利人

རང་བདེ་གཞན་སྐྱིད། 我安人乐

ཆུ་བདེ་ཉ་སྐྱིད། 浪静鱼安

གཞན་སེམས་མ་དཀྲུག རང་ཚུགས་མ་ཤོར། 莫扰他心,勿失自道

ཕ་མར་བརྩེ་ཞིང་དགེ་རྒན་ལ་དགའ། 爱父母,爱老师

རྒན་པར་བཀུར་ཞིང་གཞོན་པར་གཅེས། 尊敬师长,爱护弟妹

ལས་ལ་དགའ་ཞིང་སློབ་ལ་བརྩོན། 爱劳动,勤奋学习

གཙང་སྦྲ་དོད་ཅིང་ཡ་རབས་ལྡན། 爱卫生讲文明

སྒྲིག་ཁྲིམས་སྲུང་ཞིང་རང་ཚུགས་ལྡན། 遵守纪律,控制自我

བསམ་བློ་གཙང་ཞིང་ཕུགས་བསམ་ཆེ། 思想纯洁,理想远大

རྣམ་དཔྱོད་ལྡན་ཞིང་བློ་སྟོབས་ཆེ། 智慧与勇气并行

ཁོར་ཡུག་སྲུང་ཞིང་ལས་བཟང་སྒྲུབ། 保护环境行善事

སེམས་པ་བཟང་ལ་སེམས་རྩ་ཁོལ། 心地善良,善解人意

ཁོག་རྒྱ་ཆེ་ལ་སྤྱང་གྲུང་ལྡན། 心胸开阔,聪明伶俐

གྲོགས་ལ་མཐུན་ཞིང་བྱམས་བརྩེ་ལྡན། 团结同学情谊深

སྐྱོ་ངལ་མེད་པར་སློབ་ལ་བརྩོན། 任劳任怨学知识

ལེ་ལོ་སྤངས་ཏེ་དཀའ་བ་སྤྱད། 远离懒惰,奋发图强

སློབ་གྲྭར་བདག་གཅེས་ཁོར་ཡུག་སྲུང་།爱护学校,保护环境

སློབ་ལ་དགའ་ཞིང་སུན་སྣང་མེད། 学而无厌

བསླབ་པ་མཐའ་བྲལ་དཀའ་བ་སྤྱད། 学海无涯苦作舟

སློབ་གྲོགས་ཀྱི་བརྩེ་སེམས་བྲག་ལས་བརྟན།同学之情永不变

བཀའ་དྲིན་བསམས་ནས་དྲིན་ལན་འཇལ། 知恩图报

ཉལ་ཁང་ཆུང་ཡང་བདེ་སྐྱིད་ལྡན། 宿舍虽小却充满欢乐

དགེ་སློབ་མཐུན་ལ་བརྩེ་བས་ཁེངས། 师生友好充满爱

མཉམ་བཟའ་མཉམ་འཐུང་དགའ་སྤྲོས་ཁེངས། 同吃同喝多快乐

གུས་ཞབས་ཆེ་ལ་ཀུན་སྤྱོད་བཟང་། 有礼貌,行为正

ཕན་ཚུན་རོགས་རམ་རྒྱུན་མི་ཆད། 相互帮助永不断

བློ་དཀར་སེམས་དཀར། 心纯意净

ལུས་བདེ་སེམས་སྐྱིད། 健康向上