སི་ཏི་ཧྥུ་ཇའོ་པུ་སིའི་གསུང་ཚིག་གྲགས་ཅན་བཅུ།

501/545

སི་ཏི་ཧྥུ་ཇའོ་པུ་སི་ནི་ངོ་མཚར་ཆེ་བའི་མི་སྣ་ཞིག་ཡིན་ཞིང་།ཁོང་གིས་ང་ཚོར་ཤུལ་དུ་བཞག་པའི་རྒྱུ་དངོས་ལ་དེང་སྐབས་འཛམ་གླིང་ཐོག་ལེགས་འགྲུབ་ཆེན་པོ་བྱུང་བའི་ཚན་རྩལ་ཀུང་སི་ཙམ་མ་ཟད།ད་དུང་ཁོང་གིས་དེ་སྔོན་མི་གྲངས་མེད་ལ་སྐུལ་ལྕག་གཏོང་མྱོང་བའི་འཛེམ་ཆ་མེད་པར་གསུངས་པའི་བཀའ་མོལ་འདི་དག་ཡོད།

༡གསར་སྐྲུན་བྱེད་ནུས་སྐོར།

གསར་སྐྲུན་བྱེད་ནུས་ཞེས་པ་ནི་བྱ་དངོས་དབར་གྱི་འབྲེལ་བ་འཚོལ་ཐུབ་པར་ཟེར།གལ་ཏེ་ཁྱེད་ཀྱིས་གསར་སྐྲུན་གྱི་བསམ་བློ་ལྡན་པའི་མིར་ཁྱེད་ཀྱིས་གང་འདྲ་བྱས་ནས་གསར་གཏོད་བྱེད་ཀྱི་ཡོད་དམ་ཞེས་བཀའ་འདྲི་ཞུ་སྐབས།ཁོང་ཚོར་ཞེ་གནོང་ཅུང་ཟད་སྐྱེ་གི་ཡོད་པ་སྟེ།དེ་ནི་ཁོང་ཚོས་དངོས་གནས་སྔོན་མེད་གསར་བཟོ་བྱས་པ་ཞིག་མ་ཡིན་པར་ཁོང་ཚོས་དེའི་ནང་གི་འབྲེལ་བ་ཅུང་ཟད་མཐོང་བས་ཡིན།འདི་ལྟ་བུའི་ཚོར་སྣང་ཁོང་ཚོས་གསར་སྐྲུན་བྱས་ཟིན་པའི་རྗེས་སུ་བལྟས་ན་མངོན་གསལ་ཧ་ཅང་དོད་པོ་ཡོད།

༢ཤི་བའི་སྐོར།

མི་ཚང་མ་སྐྱེས་པའི་མཐའ་མ་ཤི་རྒྱུ་ཡིན་པ་དེ་བློ་ལ་བརྟན་པོར་ངེས་དགོས།དེ་ནི་ངས་བལྟས་ན་མི་སྒེར་གྱི་ཁེ་གྱོང་ཁོ་ནར་ལྟ་བ་ལས་གཡོལ་བའི་བྱ་ཐབས་ཡག་ཤོས་ཤིག་རེད།གལ་ཏེ་ཁྱེད་ཀྱིས་དམར་དམར་རྗེན་རྗེན་དུ་ཤི་རྒྱུ་དང་གདོང་གཏུག་ནུས་ན།ཁྱེད་ད་དུང་རང་ཉིད་ཀྱི་སེམས་རྗེས་བསྙེགས་མི་བྱེད་པའི་རྒྱུ་མཚན་གང་ཡང་མེད།

༣ཕུལ་བྱུང་སྐོར།

སྤུས་ཚད་ཡོད་པའི་ཚད་རྒྱུག་ཅིག་ཆགས་པ་བྱ་དགོས་ཏེ།མི་ཁ་ཤས་ད་དུང་ཡང་ཕུལ་དུ་བྱུང་བའི་ཁོར་ཡུག་ཅིག་དང་གདོང་གཏུག་རྒྱུ་དེ་གོམས་གཤིས་སུ་འཇགས་མེད།

༤མ་འོངས་སྐོར།

ཁྱེད་ཀྱིས་མ་འོངས་ལ་རྒྱང་ལྟ་བྱེད་མི་ཐུབ་པའི་སྐབས་སུ་ད་ལྟའི་གནས་ཚུལ་ཉུང་ཤས་དང་མ་འོངས་ཕན་ཚུན་འབྲེལ་གཏུག་བྱ་དགོས་ཤིང་།ཁྱེད་ལ་སྔར་སོང་དྲན་གསོ་བྱེད་རྒྱུ་ཁོ་ན་ཙམ་ལས་ལུས་མེད་དུས་སྔར་སོང་དེ་དག་གོང་མཐོར་ཡོང་བ་བྱ་དགོས།དེར་བརྟེན་ཁྱེད་ཀྱིས་ད་ལྟའི་གནས་ཚུལ་ཉུང་ཤས་དེ་དག་མ་འོངས་པར་ཐབས་ལམ་གང་རུང་ཞིག་བརྒྱུད་ནས་མ་འོངས་པ་དང་ཕྲེང་སྦྲེལ་བྱེད་སྲིད་པར་ཡིད་ཆེས་བྱ་དགོས་སྟེ།ཁྱེད་ཀྱིས་ཐད་ཀའི་ཚོར་སྣང་ཡིན་ནའང་འདྲ།ལས་དབང་ཡིན་ནའང་འདྲ།ཚེ་སྲོག་ཡིན་ནའང་འདྲ་གང་ལྟར་གཅིག་ལ་ཡིད་ཆེས་བྱ་དགོས།ཐབས་ལམ་དེའི་རིགས་ཀྱིས་ང་ནམ་ཡང་བློ་ཕམ་དུ་བཅུག་མ་མྱོང་སྟེ།བསམ་ཚུལ་དེ་རིགས་ཀྱིས་ང་ཐུན་མོང་མ་ཡིན་པ་ཞིག་ཏུ་སྐྱེད་སྲིང་བྱས་པ་ཞིག་རེད།

༥རྒྱུན་འཁྱོངས་སྐོར།

ཁྱེད་ཀྱི་ལས་ཀས་ཁྱེད་ཀྱི་འཚོ་བའི་ཆ་ཤས་ཆེན་པོ་ཞིག་ཟིན་གྱི་ཡོད་པས།རང་ཉིད་དངོས་གནས་འདོད་བློ་ཁེངས་པའི་བྱ་ཐབས་གཅིག་པོ་ནི་ཁྱེད་ཀྱིས་རླབས་ཆེན་གྱི་ལས་དོན་ཞིག་ཡིན་པར་ཡིད་ཆེས་ཡོད་པའི་བྱ་བ་དེ་བསྒྲུབ་དགོས་ཤིང་།རླབས་ཆེན་གྱི་ལས་ཀ་གཅིག་པོ་ནི་རང་ཉིད་ཀྱི་བསྒྲུབ་དང་བསྒྲུབ་བཞིན་པའི་བྱ་བར་དགའ་པོ་བྱེད་རྒྱུ་དེ་ཡིན།གལ་ཏེ་ཁྱེད་ལ་ད་དུང་ལས་ཀ་དེ་རྙེད་མེད་ན་མུ་མཐུད་བཙལ་ནས་མཚམས་འཇོག་རྒྱུ་མེད་ཅིང་།རིག་པ་སྒྲིམ་ནས་བཙལ་ན་ཁྱེད་ཀྱིས་ག་དུས་ལས་ཀ་དེ་འཚོལ་ཐུབ་པ་ཤེས་རྟོགས་ཐུབ་ངེས།དེ་ནི་རླབས་ཆེ་བའི་མི་དང་མིའི་འབྲེལ་བ་གང་རུང་ཞིག་དང་མཚུངས་པར།འབྲེལ་བ་དེ་དུས་ཚོད་ཀྱིས་ར་སྤྲོད་བྱས་པའི་འོག་ཏུ་ཡག་ནས་ཡག་ཏུ་འགྲོ་གི་ཡོད་པས་མ་རྙེད་བར་དུ་མུ་མཐུད་འཚོལ་དགོས་པ་ལས་མཚམས་འཇོག་རྒྱུ་མེད།

༦བརྩོན་ལེན་གྱི་སྐོར།

དུར་ཁྲོད་དུ་སླེབས་རྗེས་དངུལ་མང་པོ་ཞིག་ཡོད་པ་ཆགས་རྒྱུ་ནི་ངས་སེམས་སུ་ངེས་པའི་དོན་ཞིག་མ་ཡིན།དངོས་གནས་ང་ལ་དོན་སྙིང་ཡོད་པ་ནི་དགོང་མོ་གཉིད་ལ་ཉལ་གོང་ངས་དེ་རིང་བྱ་བ་ཡག་པོ་ཞིག་བསྒྲུབ་པ་ཡིན་ཞེས་བརྗོད་རྒྱུ་དེ་ཡིན།དེ་ནི་གཞི་ནས་ངས་སེམས་སུ་ངེས་པ་དེ་ཡིན།

༧དམིགས་ཡུལ་གྱི་སྐོར།

ངའི་བསམ་པར་གལ་ཏེ་ཁྱེད་ཀྱིས་བྱ་བ་གང་རུང་ཞིག་བསྒྲུབ་ནས་མཇུག་འབྲས་ཡག་པོ་ཞིག་འཐོབ་ན་ཁྱེད་ཀྱིས་དེ་མ་ཡིན་པའི་བྱ་བ་གཞན་ཞིག་བསྒྲུབ་པའི་འདེམ་ཁ་བྱ་དགོས།མཛེས་སྡུག་དང་ལྡན་པའི་བྱ་བ་གཅིག་གི་སྟེང་དུ་བློ་རྩེ་གཅིག་ཏུ་གཞོལ་ནས་ཡུན་རིང་མ་བསྡད་པར་དམིགས་ཡུལ་རྗེས་མ་དེ་འཚོལ་རྒྱུ་རྒྱུན་འཁྱོངས་བྱ་དགོས།

༨གསར་བཟོའི་སྐོར།

ངས་སྤོབས་པ་བྱེད་ཡུལ་དུ་གྱུར་བ་ནི།ང་ཚོས་བྱས་ཟིན་པའི་ལས་ཀ་མང་པོ་ཞིག་ང་ཚོས་ད་དུང་ཡོངས་སུ་བསྒྲུབ་ཐུབ་མེད་པའི་ལས་ཀར་འགྱུར་བ་དེ་ཡིན།གསར་བཟོ་ཞེས་པ་ནི་བྱས་ཟིན་པའི་ལས་ཀ་སྟོང་ཕྲག་ལ་༼མིན་༽ཞེས་བརྗོད་རྒྱུ་དེ་རེད།

༩འགྱུར་ལྡོག་གི་སྐོར།

ང་ལོ་བཅུ་བདུན་ལ་སོན་སྐབས་གསུང་ཚིག་གྲགས་ཅན་འདི་འདྲ་ཞིག་བལྟ་མྱོང་ཡོད་དེ།༼གལ་ཏེ་ཁྱེད་ཀྱིས་ཉི་མ་རེ་རེ་ནི་རང་ཉིད་མི་ཚེའི་ནང་གི་ཆེས་མཐའ་མའི་ཉིན་གཅིག་ལ་འཛིན་ནས་བསྐྱལ་ན།ཁྱེད་ཀྱིས་མ་འོངས་པའི་དུས་ཤིག་ལ་སྐད་ཆ་དེའི་ནང་གི་བདེན་པའི་ཆ་དེ་ཤེས་རྟོགས་ཐུབ་ངེས་༽ཞེས་པའི་སྐད་ཆ་དེས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་།དེའི་རྗེས་ཀྱི་ལོ་༣༣ནང་ངས་ཉིན་ལྟར་ཞོགས་པ་ཤེལ་སྒོའི་ནང་གི་རང་ཉིད་ལ་གལ་ཏེ་དེ་རིང་ངའི་ཚེ་སྲོག་ནང་གི་ཉིན་མཐའ་མ་དེ་ཡིན་ན་ངས་ད་དུང་དེ་རིང་ང་རང་གིས་བྱེད་འདོད་པའི་ལས་ཀ་གང་དག་བྱེད་ཀྱི་རེད་དམ་ཞེས་འདྲི་གི་ཡོད།གལ་ཏེ་ངའི་སེམས་ནང་གི་ལན་ནི་ལས་ཀ་བྱེད་ཀྱི་མིན་ཞེས་པ་དེ་ཡིན་ན་ངས་རང་ཉིད་ལ་འགྱུར་བ་ངེས་ཅན་གཏོང་དགོས་པ་ཤེས་ཀྱི་ཡོད།

༡༠སྙིང་རུས་ཀྱི་སྐོར།

ལེགས་འགྲུབ་ཕྱེད་ཀ་བྱུང་བའི་ཁེ་ལས་ཅན་དང་ལེགས་འགྲུབ་ཕྱེད་ཀ་མ་བྱུང་བའི་ཁེ་ལས་ཅན་དབར་གྱི་ཁྱད་པར་ཆེ་ཤོས་ནི་སྙིང་རུས་ཡིན་པར་ང་ཡིད་ཆེས་ཡོད།