འཇིག་རྟེན་གྱི་སངས་རྒྱས། ཁོ་བོའི་བྱིས་དུས་ཀྱི་དགེ་རྒན་གཙོ་བྱས་པས་དགེ་རྒན་དུས་ཆེན་ལ་གུས་པས་ཕུལ།

433/545
འཇིག་རྟེན་གྱི་མུན་པ་སེལ་མཁན།

སློབ་དཔོན་ཡིན།

སློབ་དཔོན་ནི་ཉི་མ་ཡིན།

སློབ་དཔོན་ནི་སྒྲོན་མེ་ཡིན།

སློབ་དཔོན་ནི་ནོར་བུ་ཡིན།

སློབ་དཔོན་གྱི་བཀའ་དྲིན།

རྒྱ་མཚོ་ལས་གཏིང་ཟབ།

སློབ་དཔོན་གྱི་མཛད་རྗེས།

ནམ་མཁའི་རྒྱ་ཁྱོན་ལས་ཆེ།

སློབ་དཔོན་གྱི་བྱམས་བརྩེ།

སངས་རྒྱས་ཀྱི་མཛད་རྗེས་དང་མཉམ།

སློབ་དཔོན་མེད་ན།

འཇིག་རྟེན་འདི་མུན་པ་ཡིན།

སློབ་དཔོན་མེད་ན།

འཇིག་རྟེན་འདི་ལོང་བ་ཡིན།

སློབ་དཔོན་མེད་ན།

འཇིག་རྟེན་ན་ཉི་མ་ཡོད་ཀྱང་འོད་སྣང་མེད།

དེ་རིང་གི་ཉི་མ་ལ།

བྱིས་པའི་དགེ་རྒན་ཡོངས་ལ།

བཀྲ་ཤིས་བདེ་ལེགས་ཞུ།

དེ་རིང་གི་ཉི་མ་ལ།

གཞོན་པའི་དགེ་རྒན་ཀུན་ལ།

བཀྲ་ཤིས་བདེ་ལེགས་ཞུ།

དེ་རིང་གི་ཉི་མ་ལ།

རྒན་པའི་དགེ་རྒན་རྣམས་ལ།

བཀྲ་ཤིས་བདེ་ལེགས་ཞུ།

 

༢༠༡༣་༩་༡༠སྔ་དྲོར་ཨ་ཚོགས་གསེར་གཞུང་ནས་བྲིས།