ཤིན་ཏུ་ཕངས་པའི་དོན་བཅུ།

385/545

གལ་ཏེ་སུ་ཞིག་གིས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འདོད་ན།ཐོག་མར་ཕངས་སེམས་སྐྱེ་འོས་པའི་དོན་བཅུ་བོ་འདི་ཡིད་ལ་ཡང་ཡང་བྱེད་པར་འཚལ་ལོ།།

一个人如果想寻求解脱和证取一切智佛位,首先应该忆念这十种可惜的事。

 

དང་བོ། རྙེད་དཀའ་བའི་དལ་འབྱོར་གྱི་ལུས་རྟེན་འདི་མི་དགེ་བ་དང་སྡིག་པའི་ལས་གསོག་བྱེད་དུ་སྤྱོད་པ་ནི།ཤིན་ཏུ་ཕངས་པའོ།།

一,這十分难得的清净人身,如果用来作罪业和恶行的工具,实在可惜。

 

གཉིས་པ།  དལ་འབྱོར་གྱི་ལུས་རྟེན་འདི་ལ་བརྟེན་ནས་ཆོས་ལ་མི་སློབ་པར།དོན་མེད་དུ་ཤི་བར་གྱུར་ན་ནི།

ཤིན་ཏུ་ཕངས་པའོ།།

二,难得的暇满人身,不用来学佛,而让它平凡的死去,实在可惜。

 

གསུམ་པ།སྙིགས་མ་བདོ་བའི་དུས་འདིར།རང་གི་མི་ཚེ་ཐུང་ངུ་དེ་སྙིང་བོ་མེད་པའི་ལས་ཀྱི་ཕྱིར་དུ་འཛད་པར་བྱེད་པ་ནི།ཤིན་ཏུ་ཕངས་པའོ།།

三,在这个恶浊时代,把自己短暂的人生浪费在无意义的事情上,实在可惜。

 

བཞི།སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ཉིད་འཕྲུལ་སྣང་གི་འཁོར་བའི་འདམ་དུ་བྱིང་བར་བྱེད་པ་ནི།ཤིན་ཏུ་ཕངས་པའོ།།

四,自心的法身离戏本体,让它沉陷于迷幻的轮回泥沼里,实在可惜。

 

ལྔ། བྱང་ཆུབ་མ་ཐོབ་གོང་དུ་རང་ཉིད་ལ་བདེ་གཤེགས་ཀྱི་ལམ་བཟང་སྟོན་པར་བྱེད་པའི་བླ་མ་དང་འབྲལ་བ་ནི།ཤིན་ཏུ་ཕངས་པའོ།།

五,引导自己趋入佛道的贤德上师,在未证菩提之前就离开他,实在可惜。

 

དྲུགསྡོམ་ཁྲིམས་དང་སྡེ་སྣོད་གསུམ་ནི་ཐར་བའི་གྲོང་དུ་བགྲོད་པའི་གྲུ་གཟིངས་ལྟ་བུ་ཡིན་ནའང་།ཉོན་མོངས་དང་བག་མེད་ཀྱི་དབང་གིས་དེ་ཉིད་གཏོར་བརླག་བྱས་ཚེ།ཤིན་ཏུ་ཕངས་པའོ།།

六,解脱的大船为戒律与三昧耶,如果因为烦恼与放逸而将它摧毁,实在可惜。

 

བདུན།བླ་མའི་སྐུ་དྲིན་ལ་བརྟེན་ནས་ཐོབ་པའི་ཤེས་རབ་གང་ཉིད།འཇིག་རྟེན་གྱི་ཟང་ཟིང་གི་དབང་དུ་སོང་ཚེ།ཤིན་ཏུ་ཕངས་པའོ།།

七,由上师的恩德而获得的证悟,如果虚掷在纷扰红尘里,实在可惜。

 

བརྒྱད།དམ་པ་རྣམས་ཀྱི་གདམས་ངག་ཟབ་མོ་དེ།ཚོང་རྫས་ཇི་བཞིན་ལས་སྨོན་མེད་པའི་མི་དག་ལ་འཚོང་བར་བྱེད་པ་ནི།ཤིན་ཏུ་ཕངས་པའོ།།

八,诸成就者的深奥口诀,把它当作商品一样的出买给那些无缘的俗人,实在可惜.

 

དགུ།འགྲོ་བ་རིགས་དྲུག་པོ་རང་ཅག་གི་ཕ་མ་བཞིན་དུ་རང་ཅག་ལ་དྲིན་ཆེ་ནའང་དེ་དག་ཡལ་བར་འདོར་བ་ནི།ཤིན་ཏུ་ཕངས་པའོ།།

九,六道的众生皆是有恩于我们的父母,以怨恼心弃之不顾,实在可惜。

 

བཅུ།གཞོན་པའི་དུས་ཀྱི་དཔའ་གདེང་གི་ལུས་ངག་ཡིད་གསུམ་པོ།གལ་ཏེ་ཅི་ཡང་མེད་པར་སྟོང་བར་ལུས་ཚེ།ཤིན་ཏུ་ཕངས་པའོ།།

十,青年时期茁壮的身语意,如果平白的空过掉,实在可惜。