ཨ་རིའི་བར་མའི་འོས་བསྡུ་ཡིས་ཁྲོ་ཕུར་གྱི་ལས་དབང་ཐག་གཅོད་པ་ཡིན།

382/545

timgཨ་རིའི་བར་མའི་འོས་བསྡུ་ཡིས་ཁྲོ་ཕུར་གྱི་ལས་དབང་ཐག་གཅོད་པ་ཡིན།

བང་ཁྲོ་ཡིས་བརྩམས།

ཁྲག་ཐིགས་ཀྱིས་བསྒྱུར།

ད་ལོའི་འོས་བསྡུ་བར་མ་ནི་ཨ་རིའི་ཆེས་སྣ་མང་ཅན་གྱི་འོས་བསྡུ་ཞིག་ཡིན་པར་མ་ཟད། འགྲན་རྩོད་དང་ཚ་རླབས་ཆེས་ཆེ་བའི་འོས་བསྡུ་ཞིག་ཀྱང་ཡིན་པ་དེ་རེད།

ཨ་རིའི་གསར་ལམ་མང་པོ་དང་དམངས་འདུན་ཞིབ་འཇུག་གི་དབྱེ་ཞིབ་ལྟར་ན། དམངས་གཙོའི་ཤོག་ཁག་གིས་གྲོས་ཚོགས་འོག་མ་འཛིན་པ་དང་།སྤྱི་མཐུན་ཤོག་ཁག་གིས་གྲོས་ཚོགས་གོང་མ་སྲུང་ཐུབ་པར་བྱེད་པའི་མཇུག་འབྲས་འབྱུང་ངེས་པར་བཤད་ཀྱིན་འདུག་མོད།སྲིད་འཛིན་ཁྲོ་ཕུར་གྱི་འགྱུར་ལྡོག་མང་པོའི་རྐྱེན་གྱིས་འོས་བསྡུ་ལ་ཚོད་དཔག་མི་ཐུབ་པའི་རང་བཞིན་ཞིག་ཡོད་པ་དེ་རེད།དེ་བཞིན་དུ།མི་ཚང་མའི་ཡོངས་ཁྱབ་ཀྱི་ཚོད་དཔག་ཀྱང་བློ་གཏད་ཆོག་པ་ཞིག་མིན་པས། མཇུག་འབྲས་བཤད་དཀའ།

རེད་དེ། གོང་སྨོས་མཇུག་འབྲས་ནི་རྒྱུགས་ཆེ་བའི་ལྟ་ཚུལ་ཞིག་རེད།ང་ལ་ཁྱེད་ཀྱིས་ག་རེ་འདོད་ཀྱིན་ཡོད་ཅེས་མ་འདྲི། དེ་ལ་ཚོད་དཔག་མི་བྱ། འོས་འདེམ་ལ་ཉེན་ཁ་ཆེ་བས།ཚོད་དཔག་ལ་གཟབ་ནན་དགོས།

ད་ལོའི་བར་མའི་འོས་བསྡུ་ལ་གྲོས་ཚོགས་འོག་མའི་ཚོགས་མི་ཡོངས་ཏེ་ཚོགས་མི༤༣༥འདེམ་དགོས་པ་དང་།གྲོས་ཚོགས་གོང་མའི་ཚོགས་མི༣༥འདེམ་དགོས།མངའ་སྡེའི་སྤྱི་དཔོན༣༦དང་མངའ་སྡེའི་ཁྲོད་ཀྱི་གོ་གནས་ཡོད་པ༦༦༦༥འདེམ་དགོས།དེ་བས།དམངས་གཙོ་ཤོག་ཁག་གིས་ནུས་ཤུགས་ཚང་མ་དམིགས་པ་གཅིག་ལ་བཀོལ་ངེས་ཏེ།གལ་སྲིད།ཐེངས་འདིའི་འོས་འདེམ་ཁྲོད་དུ་སྤྱི་མཐུན་ཤོག་ཁག་ལ་རྒྱལ་ཁ་ཐོབ་ནས་གྲོས་ཁང་གོང་འོག་གཉི་ག་བཟུང་ཚེ།ཁྲོ་ཕུར་གྱི་སྟོབས་ཤུགས་དང་གཤིས་སྤྱོད་ཀྱིས་ཨ་རིའི་ཆབ་སྲིད་ཀྱི་ས་ཁྲ་ནི་ཁོའི་མཛུབ་སྟོན་འོག་ནས་བསྐྱར་དུ་བཟོ་སྲིད་པ་དམངས་གཙོ་ཤོག་ཁག་གིས་ཤེས་ཡོད་པས་ཡིན།

གལ་སྲིད་དམངས་གཙོ་ཤོག་ཁག་གིས་གྲོས་ཚོགས་འོག་མ་བཟུང་པ་ཡིན་ན།ཆབ་སྲིད་ཀྱི་ངོས་ནས་ཁྲོ་ཕུར་ལ་ཞིབ་བཤེར་བྱེད་ངེས་ལ།ཐ་ན་ཁོའི་ཆབ་སྲིད་ཀྱི་སྒྲིག་གཞི་ལ་ནག་ཉེས་ཐེར་འདོན་ཡང་བྱ་སྲིད།རྒྱལ་ཁ་བླངས་ཀྱང་བླ་ལ་མ་བླངས་ཀྱང་ཆོག་སྟེ།གང་ལྟར་ན་དམ་བེའི་ནང་དུ་སིལ་ཏོག་ཡོད་མེད་དབྱུག་པས་ཐེངས་གཅིག་རྡུང་སྟེ་ཚོད་ལྟ་བྱ་སྲིད།དེ་དང་མཉམ་དུ།ཁྲིམས་གསར་སྣ་ཚོགས་འཛུགས་པ་ཟུར་དུ་བཞག་སྟེ།རྩོད་ཉོག་དང་ལས་ནུས་ཤོར་བའི་རྣམ་པར་གནས་ངེས།

གལ་སྲིད་དམངས་གཙོ་ཤོག་ཁག་གིས་གྲོས་ཚོགས་གོང་འོག་གཉི་ག་བཟུང་པ་ཡིན་ན།ཁྲོ་ཕུར་དཀའ་ཁག་དང་འཕྲད་པ་ཡིན་ཏེ།ཁོའི་ཁྲལ་དོན་གྱི་གནད་དོན་དང་།ཁྲིམས་འགལ་གྱི་གནས་སྤོར་གནད་དོན་སོགས་ཉིན་རེའི་གཞུང་དོན་གྲོས་མོལ་ལས་རིམ་དུ་བཞག་ནས་དེ་ལ་ཐེར་འདོན་བྱེད་པའི་ཚད་ཤིན་ཏུ་མཐོ་བ་ཡིན། འོན་ཀྱང་། དེ་ལྟར་ཡོང་ཐུབ་ཚད་ཧ་ཅང་ཆུང་སྟེ།ཁྲོ་ཕུར་གྱིས་དཔལ་འབྱོར་འཕེལ་རྒྱས་དང་ཁྲལ་ཇེ་ཉུང་དུ་གཏོང་བའི་བྱ་བ་འདི་གཉི་ག་ཡག་པོ་སྒྲུབ་ཀྱིན་ཡོད།

ལྕགས་དབྱུག་ཅན་གྱི་དམངས་གཙོ་ཤོག་ཁག་གིས་ཁྲོ་ཕུར་ལ་གང་འདྲ་བྱས་ནས་རྒྱབ་སྐྱོར་མ་བྱས་ནའང་།དམངས་ཕལ་ཆེ་བས་སྔར་ལྟར་དངོས་ཡོད་ཀྱི་ཕན་འབྲས་འདེམ་ངེས་ལ།དཔལ་འབྱོར་གྱི་གནས་ཚུལ་ལྟར་རང་གི་གདམ་ག་ཐག་གཅོད་ངེས།

དམངས་གཙོ་ཤོག་ཁག་ལ་དགའ་འོས་དོན་བཟང་ཞིག་ཡོད་པ་སྟེ།ཨ་རིའི་སྤྱི་དམངས་ཚང་མའི་གོམས་ཕྱོགས་(ལོབས་ཕྱོགས)ནི།བར་མའི་འོས་བསྡུའི་སྐབས་སུ་སྟོབས་ཤུགས་ཞན་པའི་ཕྱོགས་ལ་རྒྱབ་སྐྱོར་བྱས་ཏེ།ཆབ་སྲིད་ཀྱི་སྙོམས་ཐིག་ལ་བསླེབ་ཏུ་འཇུག་པ་དེ་ཡིན།དེ་བས།དམངས་གཙོ་ཤོག་ཁག་ལ་གོ་སྐབས་ཡོད་པ་ཡིན།དོན་ངན་ཞིག་ཡོད་པ་ནི།འཐུས་མི་འདེམ་བསྐོ་དང་སྲིད་འཛིན་འདེམ་བསྐོ་གཉིས་མི་འདྲ་བས།ཁྲོ་ཕུར་ནག་པོར་གཏོང་པའི་གཏམ་བརྗོད་དང་བྱེད་སྦྱོར་མཐའ་དག་ལ་ས་ཆོད་ཆེར་མེད་པ་དེ་རེད།

དམངས་གཙོ་ཤོག་ཁག་ལ་གྲོས་ཚོགས་འོག་མར་རྒྱལ་ཁ་ཐོབ་པར།སྤྱི་མཐུན་ཤོག་ཁག་ནང་ནས་རྐུབ་སྟེགས༢༣ལེན་ཐུབ་དགོས།རེད་དེ།ཐེངས་འདིར་སྤྱི་ཚོགས་ཤོག་ཁག་གིས་ཀྱང་མཐུན་སྒྲིལ་གྱི་རྣམ་པ་ཞིག་མངོན་པར་བྱས་ཡོད་དེ།འཐུས་མི་མང་པོས་ཁྲོ་ཕུར་སྟེགས་བུར་གདན་དྲངས་ཏེ་དཔེ་ཆ་སྐྱོར་དུ་བཅུག་ཡོད།གལ་སྲིད།སྤྱི་མཐུན་ཤོག་ཁག་གིས་མུ་མཐུད་དུ་གྲོས་ཚོགས་གོང་འོག་གཉི་ག་བཟུང་པ་ཡིན་ན།ཁྲོ་ཕུར་གྱིས་ཧ་ལམ་རང་གིས་སྒྲུབ་འདོད་པ་དག་འདོད་པ་ལྟར་སྒྲུབ་ཆོག་པ་ཡིན་ལ།ཁྲིམས་གསར་མང་པོ་ཡང་མུ་མཐུད་དུ་ཁྱབ་སྤེལ་ཆོག་པས།གནས་སྤོར་དང་ཁྲལ་བསྡུ། སྨན་བཅོས་འགན་ལེན་གྱི་གནད་དོན་ཚང་མ་སྒྲུབ་ཆོག ཐ་ན། སྤྱི་མཐུན་ཤོག་ཁག་གིས་བདམས་ལེན་འཆར་གཞི་ལེགས་བཅོས་བྱས་ཤིང་།སྤྱི་མཐུན་ཤོག་ཁག་ལ་ཁེ་ཕན་ཡོད་པའི་ཐབས་ཇུས་ལ་བརྟེན་ནས་དམངས་གཙོ་ཤོག་ཁག་རྩ་བ་ནས་ཕམ་པར་བྱས་ཏེ།སྤྱི་མཐུན་ཤོག་ཁག་ལ་མ་འོངས་པའི་ལོ་ངོ༢༠དང་དེ་ལས་རིང་བའི་རྒྱལ་ཁའི་གོ་སྐབས་སྟེར་སྲིད།

འདི་ནི་དམངས་གཙོ་ཤོག་ཁག་གིས་ཐེངས་འདིར་སྟོབས་ཤུགས་གཅིག་ཏུ་བཀོལ་ཏེ།ཁྲིམས་དཔོན་གྱི་བྱ་སྤྱོད་ལ་ཚོད་འཛིན་བྱེད་པར་བུད་མེད་ཅིག་མ་བཏང་པ་དང་།ཐ་ན་གསར་ལམ་༣༥༠ལྷག་གིས་ཁྲོ་ཕུར་ལ་སྒྱོགས་སྒྲ་བསྐོར་དུ་བཅུག་པའི་རྒྱུ་མཚན་རེད།

རྒྱལ་ནང་གི་གླེང་གཞི་དག་ཕུད་པའི་ཕན་དུ།རྒྱལ་སྤྱིའི་སྟེང་གི་གླེང་གཞི་ལ་ཡང་ཁྲོ་ཕུར་གྱིས་ཤེད་བཏོན་ཡོད་དེ།བར་མའི་འོས་བསྡུའི་སྔོན་གྱི་ཉིན་གསུམ་པར།ཁྲོ་ཕུར་གྱིས་དབྱི་ལང་ལ་ཕྱོགས་ཡོངས་ནས་ཁྲིམས་ཀྱིས་གཅུན་རྒྱུ་ཡིན་པར་བསྒྲགས་ཏེ།དམངས་ལ་ཡིད་གཏད་ཆོག་པའི་སྤྱི་མཐུན་ཤོག་ཁག་གི་སྟོབས་ཤུགས་ཀྱི་ཟུར་ཞིག་བསྟན་ཡོད།

གང་ལྟར། ཨ་རིའི་ཆབ་སྲིད་“མཐའ་ལྷུང་ཅན”གྱི་དུས་དེ་རིང་།གལ་སྲིད། སྤྱི་མཐུན་ཤོག་ཁག་གིས་གྲོས་ཁང་གཅིག་མ་ཟིན་པ་ཡིན་ཡང་།ཁྲོ་ཕུར་ཡང་ངང་བ་རྐང་འཐེང་ཞིག་ཏུ་གྱུར་ཏེ།ཉི་མ་ཡག་པོ་འཁྱོལ་དཀའ།དབུགས་རིང་རེ་འཐེན་ནས་འདུག་པ་ལས་བསྒྱུར་བཅོས་བྱ་ཐབས་མེད།འོན་ཏེ།འགལ་བ་དག་ནི་ཨ་རིའི་རྒྱལ་ནང་གི་གནད་དོན་སྟེང་དུ་ཡོད་པ་ལས།ཕྱི་ལ་འཛིན་པའི་སྲིད་ཇུས་ཏེ།ཨུ་རུ་སུར་འཛིན་པའི་སྲིད་ཇུས་ལྟ་བུའི་ཕྱོགས་ནས་ཤོག་ཁག་གཉི་ག་ལྟ་བ་གཅིག་མཐུན་ཡིན་ནོ།།

༢༠༡༨ ༡༡ ༥ལ་བྲིས།

༢༠༡༨ ༡༡ ༥ལ་བསྒྱུར།

中期选举བར་མའི་འོས་བསྡུ། 民意调查 དམངས་འདུན་ཞིབ་འཇུག 民主党དམངས་གཙོ་ཤོག་ཁག 共和党སྤྱི་མཐུན་ཤོག་ཁག 极化 མཐའ་ལྷུང་ཅན།

དཔྱད་བརྫོད།

མིང་།

ཡིག་ཟམ།