སྲོལ་རྒྱུན་ཟས་རིགས་དང་དེའི་རྒྱུད།

321/545
སྲན་མ།

སྲན་མ་དང་མོན་སྲན་གཉིས་ནི།   སྤྱིར་རོ་བསྐ་མངར་ནུས་པ་བསིལ་ཡང་སྐྱ་བས་རྩ་སྒོ་འགགས་པར་བྱེད།  བད་ཀན་ཚ་བ་སེལ་ཞིང་འཁྲུ་བ་གཅོད།    སྣུམ་པ་སེལ།    ཁྲག་དང་མཁྲིས་པ་རྒྱས་པ་དང་ཚིལ་ཆེས་རྣམས་ལ་སྐྱོ་མ་བྱུགས་ན་ཕན་ནོ།  །

 

ལུག་ཤ

ལུག་གི་ཤ་ནི་ནུས་པ་སྣུམ་ཞིང་དྲོ་བས།    སྟོབས་འཕེལ་ཞིང་ལུས་ཟུངས་སྐྱེད།   རླུང་དང་བད་ཀན་སེལ་ཞིང་དང་འབྱེད་པར་བྱེད་དོ། །

 

ར་ཡི་མཆིན་པ།

ར་ཡི་མཆིན་པས་སྲོད་ལ་ལོང་བའི་མིག་སྐྱོན་སེལ།   མིག་ལ་མཆོག་ཏུ་ཕན།

 

རི་དྭགས་ཤ

རི་དྭགས་ཤ་ནི་བསིལ་ཞིང་ཡང་བས་བད་རླུང་དང་ལྡན་པའི་ཚད་པ་སེལ་བར་བྱེད།  །

 

གཡག་ཤ

གཡག་གི་ཤ་ནི་ནུས་པ་སྣུམ་ལ་དྲོ་བས་གྲང་བ་སེལ་ཞིང་ཁྲག་མཁྲིས་བསྐྱེད་དོ།  །

 

བ་གླང་ཤ

བ་གླང་གི་ཤ་ནི་བསིལ་ལ་སྣུམ་པས་རླུང་དང་ལྡན་པའི་ཚད་པ་སེལ་ལོ།  །

 

ཕག་ཤ

ཕག་གི་ཤ་ནི་ནུས་པ་བསིལ་ལ་ཡང་བས་རྨ་འཇིག་གམ་བཤིག་  སྨུག་པོ་རྒྱས་པ་སེལ་ལོ།  །

 

གཡག་ཤ

གཡག་གི་ཤ་ནི་ནུས་པ་སྣུམ་ལ་དྲོ་བས་གྲང་བ་སེལ་ཞིང་ཁྲག་མཁྲིས་བསྐྱེད་དོ།  །