ཕུགས་བསམ།

རང་ཅག་མི་བུ་རྣམས་ཀྱིས་ཕུགས་བསམ་མངོན་འགྱུར་ཡོང་བའི་ཆེད་དུ་ཁ་ཕྱོགས་སློབ་གླིང་དང་ལས་ཁུང་སོགས་ལ་གཏོད་བཞིན་འདུག  ཁོ་ཚོ་རང་གི་ཤེས་རབ་ལ་བརྟེན་ནས་ཕུགས་བསམ་ངོས་ཟིན་པ་དང་ཕུགས་བསམ་དེ་ཉིད་མངོན་སུམ་དུ་འགྱུར་བར་བྱེད་པར་རེད།

དེའི་ཕྱིར་བསམ་གཞིགས་དང་ཤེས་རབ་ལ་བརྟེན་ནས་གང་འདོད་ཆར་ལྟར་འབེབ་ཐུབ་པ་ནི་གོར་མ་ཆག    རང་གིས་ཤེས་ཚོད་ལྟར་ན་ཕུགས་བསམ་ནི་རྨངས་གཞི་བཏིངས་བ་ཞིག་དང་མཚུངས་བར་འདོད་ལ།    རང་གི་བསམ་གཞིགས་ལ་བརྟེན་ནས་ཕུགས་བསམ་ངོས་ཟིན་པ་ནི་ཁང་པའི་རྨངས་གཞི་བཏིངས་བ་དང་གཉིས་སུ་མ་འཆིས་ཏེ།  དེ་བཞིན་དུ་རྨངས་གཞི་ལ་བརྟེན་ནས་རྩིག་པ་བརྩིག་པ་ནི་ཕུགས་བསམ་མངོན་གྱུར་བྱེད་པའི་ལམ་ལ་ཞུགས་པ་དང་མཚུངས། ནམ་ཞིག་རྩིག་པ་དེ་ཇེ་མཐོར་སོང་ནས་ཁང་པར་འགྱུར་ན་ཁྱེད་གྱི་ཕུགས་བསམ་མངོན་གྱུར་བྱུང་བ་ཡིན།།

དེའི་ཕྱིར་ཕུགས་བསམ་མངོན་གྱུར་བྱུང་རྒྱུ་དེ་ཡང་ལས་སླ་མོ་ཞིག་གཏན་ནས་མ་ཡིན་ཏེ། རྒྱུ་མཚན་ནི་རྨངས་གཞི་ཇེ་མཐོར་གཏོང་དགོས་ན་དེའི་ཐོག་ཡོ་བྱས་མང་པོ་ཞིག་སྒྲུབ་ནས་རྡོ་འཇོག་པ་དང་ས་བླུག་པ་སོགས་ལས་ཀ་གང་མང་ཞིག་བྱས་ནས་རྩིག་པ་ཇེ་མཐོར་བརྩིག་དགོས་པ་དང་དེ་རྗེས་ཀ་བ་དང་གདུངས་མ་ལྕམ་དྲབ་ཡོག་ཐིགས་ཚགས་སོགས་ཀྱི་ལས་དཀའ་གང་མང་ཞིག་བྱས་རྗེས་ད་གཟོད་ཁང་པ་དེ་བྱུང་བ་རེད། དེ་བཞིན་རང་གི་ཕུགས་བསམ་དེ་ཉིད་མངོན་གྱུར་བྱེད་པ་ལ་ཡང་དཀའ་བ་ཁྱད་དུ་བསད་དེ་བརྩོན་པ་ཆུ་བོའི་རྒྱུན་འདྲ་བ་ཞིག་མ་བྱས་ན་ཕུགས་བསམ་དེ་མངོན་གྱུར་ཡོང་ཐབས་གཏན་ནས་མེད།

གལ་ཏེ་ཕུགས་བསམ་མངོན་འགྱུར་བྱུང་ན་ཁྱེད་གྱི་མི་ཚེ་རིན་ཐང་ལྡན་ལ་མིའི་བློ་ངོར་གཟི་བརྗིད་འོད་སྣང་དང་ལྡན་པ་ཞིག་ཏུ་འགྱུར་སྲིད་པས། དེའི་ཕྱིར།      ཁྱེད་གྱི་ཕུགས་བསམ་མངོན་གྱུར་ཡོང་བའི་ཁྱེད་དུ་མཛའ་གྲོགས་དང་བརྩེ་གྲོགས་སོགས་ཀྱིས་སོ་དཀར་གྱི་འཛུམ་མདོངས་ལ་མ་གཡེང་པར་བརྩོན་པ་ཆུ་མོའི་རྒྱུན་འདྲ་འདྲ་ཞིག་དང་།      དཀའ་བ་མི་ལས་ཆོས་སྒྲུབ་སྒྲུབ་ཞིག་བྱོས་དང་ཁྱེད་ཀྱི་ཕུགས་བསམ་མངོན་གྱུར་ཡོང་བ་གདོད་མི་ཟ།

© 2018 ལུག་ཚང་དཔལ་ཡོན། . Powered by WordPress. Theme by Viva Themes.