༧ དཔལ་ས་སྐྱའི་གོང་མ་དག་གི་ལོ་རྒྱུས་ངོས་གཅིག་མ།

190/545

དཀོན་མཆོག་རྒྱལ་པོ།

དེ་ཡང་ས་ཆེན་གོང་མ་ཞེས་པའི་འཁོན་དཀོན་མཆོག་རྒྱལ་པོ་ལགས་ནི། བོད་སིལ་བུར་ལོ་༣༤༧་ལ་ཐོར་ནས་ལོ་གཉིས་ཀྱི་རྗེས་ཕྱི་ལོ་༡༠༣༤་ལོར་ཤཱཀྱ་བློ་གྲོས་ཀྱི་སྐུ་སྲས་གཉིས་པ་ཡིན། ཁོང་གིས་ཕྱི་ལོ་༡༠༧༣་ལོར་ས་སྐྱ་བོའི་ཐོག་ཏུ་ས་སྐྱའི་དགོན་པ་བཏབ་པས། དེ་ནས་ས་སྐྱ་ཞེས་པ་འམ་ས་སྐྱའི་གྲུབ་མཐའ་ཞེས་པ་འདི་བྱུང་བ་ཡིན་ལ། གོང་མ་རྣམ་ལྔའི་ཡ་གྱལ་ས་ཆེན་ཀུན་དགའ་སྙིང་པོའང་སྲས་སུ་འཁྲུངས་པ་དང་། རབ་བྱུང་གཉིས་པའི་ཆུ་རྟ་༡༡༠༢་ལོར་དགུང་ལོ་དྲུག་ཅུ་རེ་དགུའི་ཐོག་སྐུ་གཤེགས་པ་ཡིན་ནོ།།

ཀུན་དགའ་སྙིང་པོ།

ས་ཆེན་ཀུན་དགའ་སྙིང་པོ་ནི་རབ་བྱུང་གཉིས་པའི་ཆུ་སྤྲེལ་༡༠༩༢ ལོར་ཡབ་དཀོན་མཆོག་རྒྱལ་པོ་དང་ཡུམ་མ་ཅིག་ཞང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་༡༡༠༢་ལོ་ཡབ་སྐུ་གཤེགས་པས། བ་རི་ལོ་ཙཱ་བས་གདན་ས་ལོ་བརྒྱད་ལ་མཛད། དེས་ནས་ཁོང་གིས་ཕྱི་ལོ་༡༡༡༡ ཡན་མན་ནས་གདན་ས་མཛད་པ་དང་། ཁོང་ལ་སྲས་སྲོས་བུ་བཞི་བྱུང་བ་སྟེ། ཀུན་དགའ་འབར། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། དཔལ་ཆེན་འོད་པོ་བཞི་རིམ་པ་ལྟར་འཁྲུངས་བ་དང་རབ་བྱུང་གསུམ་པའི་ས་ཕག་སྟག་གི་ལོ་ ༡༡༥༨ སྐུ་གཤེགས་པ་ཡིན་ནོ།།

བསོད་ནམས་རྩེ་མོ།

སློབ་དཔོན་བསོད་ནམས་རྩེ་ནི་ཡབ་ས་ཆེན་ཀུན་དགའ་སྙིང་པོ་དང་ཡུམ་མ་ཅིག་འོད་སྒྲོན་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༡༤༢ ལོ་འཁྲུངས་པ་དང་། ༡༡༨༢ སྐུ་གཤེགས། ཡབ་ཀྱི་རྗེས་སུ་གདན་ས་བཟུང་། དགེ་བསྙེན་གྱི་སྡོམ་པ་བཞེས། མཐར་ཐུག་གི་ངེས་དོན་སྙིང་པོའི་ཐེག་པ་སྟེ་འབྲས་བུའི་ཐེག་པ་དང་། གསང་ཕུ་འམ་ནེའུ་ཐོག་ནས་ཕྱ་པ་ཆོས་ཀྱི་སེང་གེར་བསྟེན་ནས། ལོ་བཅུ་གཅིག་ལ་དབུ་ཕར་སོགས་གསན་སྦྱོང་མཛད་པས། མཁས་པར་ཆགས་པ་ཡིན་ནོ།།

གྲགས་པ་རྒྱལ་མཚན།

གོང་མ་བཞི་བ་རྗེ་བཙུན་མ་གྲགས་པ་རྒྱལ་མཚན་ནི་ཡབ་ས་ཆེན་ཀུན་དགའ་སྙིང་པོ་དང་ཡུམ་མ་ཅིག་འོད་སྒྲོན་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༡༥༠ ལོར་འཁྲུངས་པ་དང་། ༡༢༡༦ ལོར་འདས་པ་ཡིན། དགུང་ལོ་བཅུ་ཡན་མན་ནས་ཡབ་གཤེགས། དགུང་ལོ་བཅུ་གསུམ་ཐོག་ཏུ་གདན་ས་ལ་བཞུགས། ཁོང་དགེ་བསྙེན་ཡིན་པ་དང་མཁས་པའི་རྣམ་དཔྱོད་ལྡན། གསང་སྔགས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བ་ཡིན་ནོ།།

ས་པཎ་ཀུན་དགའ་རྒྱལ་མཚན།

རྒྱ་བོད་ཕྱི་ནང་ཀུན་ཏུ་ནམ་མཁའི་ཉི་ཟླ་ལྟར་མཚན་སྙན་འབར་བའི་ས་པཎ་ཀུན་དགའ་རྒྱལ་མཚན་ལགས་ནི། ཡབ་དཔལ་ཆེན་འོད་པོ་དང་ཡུམ་ཉི་མ་ཁྲི་ལྕམ་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༡༨༢་ལོར་སྐུ་འཁྲུངས་པ་དང། ལོ་༧༠་ལ་བཞུགས་པ་དང་ཕྱི་ལོ་༡༢༥༡་ལོར་སྐུ་ཞི་བར་གཤེགས་པ་ཡིན། ཁོང་སྐུ་སྣ་ཆུང་ཡང་བློ་གྲོས་ཀྱི་རྣམ་དཔྱོད་རྣོ་ཡངས་ཆེ་བས། གཞུང་ལུགས་རྟོགས་སླ་བ་དག་ལན་རེ་ཐོས་པ་ཙམ་གྱིས་མཁྱེན་པ་དང་། དཀའ་བ་དག་ལན་གཉིས་ཐོས་པ་ཙམ་གྱིས་མཁྱེན་པ་ཡིན་ཞིང་། ཁོང་གིས་རྒྱ་ཆོས་མང་པོ་བོད་དུ་བསྒྱུར་བ་དང་། བོད་ཆོས་( ཚད་མ་རིག་གཏེར )་རྒྱ་གར་དུ་བསྒྱུར་བ་སོགས་མཁས་པའི་བྱ་བ་མང་དུ་སྒྲུབ་པ་དང་། དེ་ལྟར་དུ་འགྲུབ་པས་པཎྜི་ཏ་ཞེས་པའི་མཚན་སྙན་ཐོབ་པ་དང་། སྤྱི་སངས་རྒྱས་བསྟན་པ་དང་བྱེ་བྲག་ས་སྐྱ་པ་དང་བོད་ནང་ཁུངས་སུ་མཛད་རྗེས་བླ་མེད་ཡོད་པའི་མཁས་མཛངས་གཉིས་ལྡན་གྱི་སྐྱེས་བུ་རླབས་ཆེན་ཞིག་ཡིན། ཁོང་ལ་མཁས་པ་གཞན་ལ་མ་གྲགས་པའི་ཆེ་བ་བཅུ་གཉིས་ཡོད་པ་དང་། ཁོང་གིས་གདན་སར་ལོ་སུམ་ཅུ་སོ་ལྔ་ལ་བཞུགས། ཕྱི་ལོ་༡༢༤༤་ལོར་ཧོ་གོ་ཏན་གྱི་བཀའ་འབྱོར་ནས་རང་གི་དཀའ་ངལ་ལ་མ་བལྟས་པར་ཁུ་བོ་གྲགས་པ་རྒྱལ་མཚན་གྱིས་ལུང་བསྟན་དང་བོད་འབངས་བདེ་འཇགས་དག་ལ་དགོངས་ནས། ༦༣ ཐོག་ཏུ་ཧོ་གོ་ཏན་རྒྱལ་པོའི་བཀའ་ལྟར་ལམ་ནས་མཆོད་རྟེན་དཀར་པོ་བཞེངས་ཏེ་སོག་ཡུལ་དུ་བྱོན་པ་ཡིན་ཞིང་། ཕྱི་ལོ་༡༢༤༦་ལོར་སོག་པོར་འབྱོར། རྒྱལ་པོའི་མཛེ་ནད་བཅོམ་པ་དང། རྒྱལ་པོ་ཡིད་མ་ཆེས་པར་རྒྱ་མཚོ་སྟེང་དུ་སྒྱུ་མ་འཁྲུལ་དག་གིས་ཕོ་བྲང་བཞེངས་ནས། བླ་མའི་མཁྱེན་དཔྱོད་ལ་ཚོད་ལྟ་བྱས་ཀྱང་ཁོང་རྣམ་པ་དེ་དག་ལས་རྒྱལ་ཏེ།རྒྱལ་པོ་དང་བཙུན་མོ་འཁོར་དང་བཅས་པས་དབང་དུ་མ་ཞུས་པ་ཡིན། དེ་ནས་ཧོ་རྒྱལ་དང་བླ་མ་གཉིས་ཆོས་འབྲེལ་དང་ཆབ་སྲིད་ཀྱི་འབྲེལ་བ་ཆགས་པ་ཡིན་ནོ།།

འགྲོ་མགོན་ཆོས་འཕགས།

འགྲོ་མགོན་ཆོས་རྒྱལ་འཕགས་པ་ནི་ཡབ་ཟངས་ཚ་བསོད་ནམས་རྒྱལ་མཚན་དང་ཡུམ་མ་ཅིག་ཀུན་སྐྱོད་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༢༣༥ལོར་སྐུ་བལྟམས་པ་དང་། དགུང་ལོ་ཞེ་དྲུག་སྟེ་༡༢༨༠སྐུ་ཞི་བར་གཤེགས་པ་ཡིན། ཁོང་སྐུ་སྣ་ཆུང་དུས་ནས་རྣམ་དཔྱོད་ཀྱི་ཤེས་རབ་རྣོ་ཞིང་། གཞུང་ལུགས་དག་ལ་གསན་སྦྱོང་མཛད་པས་མཁས་པ་ཆགས། ཁོང་དགུང་ལོ་བཅུ་དགུའི་ཐོག ཕྱི་ལོ་༡༢༩༨་ལོར་སེ་ཆེན་རྒྱལ་བུས་གདན་དྲངས་ཏེ། ཏི་ཤྲི་གོང་མའི་དབུ་བླར་བཀུར་པ་ཡིན་ལ། དགུ་ལོ་ཉེར་གཅིག་ཐོག་མཁན་པོ་གྲགས་པ་སེང་གེ་ལས་བསྙེན་པར་རྫོགས་ཤིང་། ཕྱི་ལོ་༡༢༦༠ ལོར་སེ་ཆེན་རྒྱལ་པོས་རྒྱ་སོག་མན་གསུམ་བཅས་མི་རིགས་དུ་མར་དབང་བསྒྱུར།

བླ་མ་གོང་མའི་རྒྱལ་སར་ཕེབས་ནས་རྒྱལ་པོ་བཙུན་མོ་བཅས་སྐལ་ལྡན་གྱི་སློབ་མ་ཉེར་ལྔ་ལ།ཀྱེེ་རྡོ་རྗེ་ཡི་དབང་ལན་གསུམ་བསྐུར། དེ་ནས་ཧོ་ཡུལ་དུ་གསང་སྔགས་བསྟན་པའི་དབུ་བརྙེས་པ་ཡིན་ཞིང་། རྒྱལ་པོས་དབང་དང་པོའི་ཡོན་དུ། བོད་ཁྲི་སྐོར་བཅུ་གསུམ་དང་། གཉིས་པའི་ཡོན་དུ་བོད་ཆོལ་ཁ་གསུམ་དང་། གསུམ་པའི་ཡོན་དུ་རྒྱའི་མི་ཡུར་ཆེན་པོ་དང་གསེར་དངུལ་བཅས་མང་དུ་ཕུལ་བ་ཡིན་སྟབས། འཕགས་པ་རིན་པོ་ཆེ་བོད་ཆོལ་ཁ་གསུམ་གྱི་བདག་པོ་རུ་གྱུར་བ་དང་། གདན་སར་ལོ་དུ་མ་བཞུགས་པ་ཡིན་ལ། མདོ་སྟོད་མདོ་སྨད་སོགས་དཔོན་རིམ་བཞག་པ་སོགས་སྲིད་དབང་རླབས་ཆེན་བཟུང་། སྐབས་དེར་དཔོན་གཡོག་དུ་མ་ཞིག་གིས། བཀའ་རྒྱུད། དགེ་ལུགས། རྙིང་དམར་གསུམ་ས་སྐྱ་རུ་དབང་སྒྱུ་དགོས་ཞེས་ལབ་གླེང་མང་དུ་བྱས་ཀྱང་། སྤྱི་སངས་རྒྱས་བསྟན་པ་དང་། བྱེ་བྲག་དགོས་དབང་མང་དུ་ཡོད་པའི་སྟབས་ཀྱིས་དབང་མ་སྒྱུར་བས། བཀའ་དགེ་རྙིང་དམར་གསུམ་གྱིས་སྐུ་དྲིན་བླ་མེད་ཞུ་དགོས་པའི་གནས་སུ་ཆགས་ཡོད་དོ།།

མྱི་གསོན་པོ་ནས།